Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

11 Nov 2020

Lhakyi ལྷ་སྐྱིད། 拉吉 2020

 拉吉新歌《拉萨姑娘》2020 
གཞས་མ་ལྷ་སྐྱིད་ཀྱི་གཞས་གསར།༼ལྷ་སའི་བོད་མོ།༽





ལྷ་སའི་བོད་མོ།

ཚིག འབའ་གོ་ཆ།
དབྱངས། རིན་ཆེན་འབུམ།
ལེན་མཁན། ལྷ་སྐྱིད།

བོད་མོ་བོད་མོ། ལྷ་སའི་བོད་མོ།
ཁྱེད་ཀྱི་ཞལ་རས་དཀར་གསལ་ཟླ་བ་འདྲ་བྱུང་།
ཁྱེད་ཀྱི་སྐྱེ་གཟུགས་ཙ་རིའི་སྨྱུག་མ་འདྲ་བྱུང་།
ང་ཚོ་བོད་མོའི་ལས་དབང་འདྲ་ལེ།
གཤིས་རྒྱུད་འཇམ་པོ་ཡོད་ལེ། འཛུམ་མདངས་དྲོན་མོ་ཡོད་ལེ།
དགའ་ནི་དགའ་བ་ལ།
ལྷ་སའི་བོད་མོའི་ལུས་ན་མཛེས་པའི་དགའ་བྱུང་།

བོད་མོ་བོད་མོ། ལྷ་སའི་བོད་མོ།
ཁྱེད་ཀྱི་སེམས་པ་དཀར་པོ་དུང་དང་འདྲ་བྱུང་།
ཁྱེད་ཀྱི་བརྩེ་བ་མ་དམར་པོ་མེ་དང་འདྲ་བྱུང་།
ང་ཚོ་བོད་མོའི་བརྩེ་སེམས་འདྲ་ལེ།
བརྩེ་འདང་ཟབ་མོ་ཡོད་ལེ། དུང་སེམས་དྲོན་མོ་ཡོད་ལེ།
དགའ་ནི་དགའ་བ་ལ།
ལྷ་སའི་བོད་མོའི་སེམས་ན་མཛེས་པའི་དགའ་བྱུང་།

བོད་མོ་བོད་མོ། ལྷ་སའི་བོད་མོ།
ཁྱེད་ཀྱི་སྐད་ངག་ལྷོ་མོན་ཁུ་བྱུག་འདྲ་བྱུང་།
ཁྱེད་ཀྱི་གསུང་སྙན་རྒྱུད་དྲུག་པི་ལྦང་འདྲ་བྱུང་།
ང་ཚོ་བོད་མོའི་གཞས་གདངས་འདྲ་ལེ།
གསུང་སྐད་བདེ་མོ་ཡོད་ལེ། དབྱངས་རྟ་སྙན་མོ་ཡོད་ལེ།
དགའ་ནི་དགའ་བ་ལ།
ལྷ་སའི་བོད་མོའི་ངག་ན་མཛེས་པའི་དགའ་བྱུང་།

1 comment:

Unknown said...

beautiful songs, Tashi Delek. good luck