Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label Lhalong tso. Show all posts
Showing posts with label Lhalong tso. Show all posts

12 Dec 2020

Lhalong Tso ཧོར་གཙང་ལྷ་ལུང་འཚོ། 霍尔仓拉浪措

 ༢༠༢༠ བཀྲ་ཤིས་ཞབས་བྲོ། ཧོར་གཙང་ལྷ་ལུང་མཚོ། 
吉祥舞 演唱 霍尔仓拉浪措

ཚིག  དམངས་ཁྲོད། དབྱངས།  དམངས་ཁྲོད། ལེན་མཁན།  ཧོར་གཙང་ལྷ་ལུང་མཚོ།




 བཀྲ་ཤིས་ཞབས་བྲོ། 

ཚིག  དམངས་ཁྲོད།
དབྱངས།  དམངས་ཁྲོད།
ལེན་མཁན།  ཧོར་གཙང་ལྷ་ལུང་མཚོ།

ཤར་ནས་ཉི་མ་དམར་པོ་དེ་མ་ཤར་ན།།
ནུབ་ཀྱི་འཁྱགས་རོམ་དཀར་པོ་དེ་ག་ལ་ཞུ།།
ནུབ་ཀྱི་འཁྱགས་རོམ་དཀར་པོ་དེ་ག་ལ་ཞུ།།

ནུབ་ཀྱི་འཁྱགས་རོམ་དཀར་པོ་དེ་མ་ཞུ་ན།།
ཆུ་ལ་ཞུན་ཆུ་སྔོན་མོ་དེ་ག་ལ་ཡོང་།།
ཆུ་ལ་ཞུན་ཆུ་སྔོན་མོ་དེ་ག་ལ་ཡོང་།།

ཆུ་ལ་ཞུན་ཆུ་སྔོན་མོ་དེ་མ་བྱུང་ན།།
ཤིང་ལ་ཙན་དན་སྡོང་པོ་དེ་ག་ལ་ཡོང་།།
ཤིང་ལ་ཙན་དན་སྡོང་པོ་དེ་ག་ལ་ཡོང་།།

ཤིང་ལ་ཙན་དན་སྡོང་པོ་དེ་མ་བྱུང་ན།
བྱ་ལ་ཁུ་བྱུག་སྔོན་མོ་དེ་ག་ལ་ཡོང་།།
བྱ་ལ་ཁུ་བྱུག་སྔོན་མོ་དེ་ག་ལ་ཡོང་།།

བྱ་ལ་ཁུ་བྱུག་སྔོན་མོ་དེ་མ་ཡོང་ན།
དབྱར་དགུན་གཉིས་ཀྱི་དབྱེ་བ་དེ་ག་ལ་ཆོད།།
དབྱར་དགུན་གཉིས་ཀྱི་དབྱེ་བ་དེ་ག་ལ་ཆོད།།

དབྱར་དགུན་གཉིས་ཀྱི་དབྱེ་བ་དེ་མ་ཆོད་ན།།
དགུན་གྱི་བང་མཛོད་ཆེན་པོ་དེ་ག་ལ་གང་།།  
དགུན་གྱི་བང་མཛོད་ཆེན་པོ་དེ་ག་ལ་གང་།།

8 Aug 2020

Lhalong Tso ཧོར་གཙང་ལྷ་ལུང་འཚོ། 霍尔仓拉浪措 2020

 ཧོར་གཙང་ལྷ་ལུང་འཚོའི་གཞས་གསར་བ། ༼ཟུང་དཀར་ཇ་ཡི་མཆོད་པ།༽ ༢༠༢༠ 

霍尔仓拉浪措《拥茶敬贵人》

5 Nov 2019

霍尔仓拉郎措《雪域藏人有三聚》2019

霍尔仓拉郎措2019年最新单曲《雪域藏人有三聚》
གངས་ཅན་བོད་པ་འཛོམས་གསུམ་ཡོད། གཞས་མ། ཧོར་གཙང་ལྷ་ལུང་མཚོ། 
Tibetan singer Lhalong Tso's new mv song ''Snowland tibet have triads''



གངས་ཅན་བོད་པ་འཛོམས་གསུམ་ཡོད།
གཞས་ཚིག  ཤིས་ཚང་ལྗང་མྱུག
གཞས་གདངས། གངས་ཅན་པ་སྒྲོལ་མ་སྐྱབས།
གཞས་མཁན། ཧོར་གཙང་ལྷ་ལུང་མཚོ།

བྱམས་སྙིང་རྗེ་སྲོག་གི་གཟུངས་གཞུག་ཡིན།
ལས་རྒྱུ་འབྲས་དཔྲལ་བའི་མིག་ཟུང་ཡིན།
གངས་དཀར་པོ་སེམས་ཀྱི་ཁ་དོག་ཡིན། འདི་ཡ་ལ།
ངེད་གངས་ཅན་བོད་པའི་ཁྱད་ཆོས་ཡིན།
ངེད་གངས་ཅན་བོད་པ་ལགས།
ངེད་གངས་ཅན་བོད་པ་འཛོམས་གསུམ་ཡོད།

ལྷ་པདྨོ་འདི་ཕྱིའི་འདྲེན་པ་ཡིན།།
གསུང་མ་ཎི་ཕྱི་མའི་ལམ་བྲོ་ཡིན།།
ལས་འཚེ་མེད་སེམས་ཀྱི་ལོངས་སྤྱོད་ཡིན།།འདི་ཡ་ལ།
ངེད་གངས་ཅན་བོད་པའི་ཁྱད་ནོར་ཡིན།།
ངེད་གངས་ཅན་བོད་པ་ལགས།
ངེད་གངས་ཅན་བོད་པ་འཛོམས་གསུམ་ཡོད།

དབྱངས་གསལ་བཤད་འོད་ཀྱི་ལམ་སྣ་ཡིན།
ཆོས་དགེ་བཅུ་ཞི་བའི་མན་ངག་ཡིན།
ཁྲེལ་བག་ཡོད་འཚོ་བའི་གོམས་བཤིས་ཡིན། འདི་ཡ་ལ།
ངེད་གངས་ཅན་བོད་པའི་གདེང་སྤོབས་ཡིན།
ངེད་གངས་ཅན་བོད་པ་ལགས།
ངེད་གངས་ཅན་བོད་པ་འཛོམས་གསུམ་ཡོད།

22 Oct 2019

霍尔仓拉郎措 Lhalong Tso 2019

霍尔仓拉郎措2019年最新单曲「妙音佛母赞」
དབྱངས་ཅན་མའི་བསྟོད་པ། གཞས་མ། ཧོར་གཙང་ལྷ་ལུང་མཚོ། 
''Wonderful Buddha melody'' sing by Lhalong  Tso

དབྱངས་ཅན་མའི་བསྟོད་པ།
རྗེ་ཙོང་ཁ་པའི་གསུང་།
དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུར།
གཞས་གདངས། ཨ་མཆོག་མགོན་པོ་དོན་གྲུབ།
གཞས་མ། ཧོར་གཙང་ལྷ་ལུང་མཚོ།

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།
རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། 

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག། མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ།
མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།
ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།



17 Jul 2019

霍尔仓.拉浪措个人新视频单曲 < 家乡 >


.拉浪措个人新视频单曲 < >
༼ཕ་ཡུལ་།༽ -  གཞས་མ། ཧོར་གཙང་ལྷ་ལུང་མ
ཚིག སྨྲ། གདངས། ཚེ་རིང་དོན་འགྲུབ། གཞས་མ། ཧོར་གཙང་ལྷ་ལུང་མཚོ།
Hometown -  Lhalong Tso


ང་ཡི་ཕ་ཡུལ་རེད། 这是我的故乡
ཕ་ཡུལ།
ཚིག སྨྲ། གདངས། ཚེ་རིང་དོན་འགྲུབ། གཞས་མ། ཧོར་གཙང་ལྷ་ལུང་མཚོ།

སྤྲིན་ལ་འཁྱུད་པའི་ཕ་ཡུལ་གངས་ལྗོངས་ལགས།
ལྗང་ལ་ནེམ་པའི་ཕ་ས་འདང་ཆེན་ལགས།
རི་དྭགས་མི་ལ་འདྲེས་ས་འདི། ང་ཡི་ལྷ་ཡུལ་ནང་སེམས་དག་ས་རེད།
ཡེ།......
ཡུལ་དེ་དགོད་སྒྲ་ཐོས་ས། མི་ནི་མཛའ་ཞེན་ཟབ་ས།
བོད་ན་ལྷག་ཡོད། བོད་ན་བཞག་ཡོད། ང་ཡི་ཕ་ཡུལ་རེད།
བོད་ན་ལྷག་ཡོད། བོད་ན་བཞག་ཡོད། ང་ཡི་ཕ་ཡུལ་རེད།
ཉི་ཟླ་ཁུར་བའི་ཕ་ཡུལ་གངས་ཅན་ལགས།
རི་ལ་ཆགས་པའི་ཕ་ས་རྩིས་ཆེན་ལགས།
ནགས་ལ་བྱ་སྣ་འཛོམས་ས་འདི། ང་ཡི་ཕ་ཡུལ་རང་བྱུང་ལུང་པ་རེད།
ཡེ།......
ས་ལ་དྲིན་བཟོ་ཤེས་ས། མི་ལ་གུ་ཡངས་ཆེ་ས།
གནས་འདིར་འཛོམས་ཡོད། གནས་འདིར་ཤོངས་ཡོད།
ང་ཡི་ཕ་ཡུལ་རེད། གནས་འདིར་འཛོམས་ཡོད།
གནས་འདིར་ཤོངས་ཡོད། ང་ཡི་ཕ་ཡུལ་རེད།
གནས་འདིར་འཛོམས་ཡོད། གནས་འདིར་ཤོངས་ཡོད།

4 Apr 2018

Lhalong Tso ཧོར་གཙང་ལྷ་ལུང་འཚོ། 拉郎措 - Dreams འཁྲུལ། 梦幻


霍尔仓拉郎措2018年最新单曲「梦幻」
ཧོར་གཙང་ལྷ་ལུང་འཚོའི་གཞས་རྐྱང་གསར་བ། འཁྲུལ།

Tibetan singer Lhalong Tso new song 2018
'' འཁྲུལ། Dreams 梦幻 '' 



འཁྲུལ།
ཚིག། རྡོ་བསྟན་པ་དར་རྒྱས།
དབྱངས། རྡོ་བསྟན་པ་དར་རྒྱས།
གཞས་མ། ཧོར་གཙང་ལྷ་ལུང་འཚོ།

སྤྱན་གྱིས་མཐོང་བ་མེད་ན།། སེམས་ནས་དྲན་ས་མ་རེད།།
ལག་ལ་ཐོབ་ནས་མེད་ན།། ཡིད་ཆེས་ཐུབ་ས་མ་རེད།།
ཨོ....ཨོ..
མི་སེམས་མི་སེམས་ཟེར་བ།། འཁོར་བ་འཁོར་བའི་གཞི་རེད།།
མི་ལུས་མི་ལུས་ཟེར་བ།། སྐྱེ་ནས་འཆི་བའི་རང་བཞིན།།

སྐད་གྲགས་ཆུ་རིས་གཉེར་མ།། གཅིག་རྗེས་གཅིག་གི་ཡལ་འགྲོ།
སྐྱིད་སྡུག་དཔྱིད་ཆར་བབས་བབས།། རྟག་བསམས་ཡིད་ལ་མ་འཆར།།
དེ་རིང་ལམ་གྱི་སྣེ་མོ།། སང་ཉིན་སྒུག་པའི་ཉི་མ།།
རྒྱུ་འབྱོར་འོད་ཀྱི་ཟེགས་མ།། རང་སེམས་འཁྲུལ་བའི་གཞི་རེད།།
ཨོ....ཨོ..

དེ་རིང་ལམ་གྱི་སྣེ་མོ།། སང་ཉིན་སྒུག་པའི་ཉི་མ།།
རྒྱུ་འབྱོར་འོད་ཀྱི་ཟེགས་མ།། རང་སེམས་འཁྲུལ་བའི་གཞི་རེད།།



9 Sept 2017

Lhalong Tso ཧོར་གཙང་ལྷ་ལུང་འཚོ། 拉郎措2017

ཧོར་གཙང་ལྷ་ལུང་འཚོ།བདེ་ལྡན་ཞིང་གི་སྨོན་འདུན། 拉郎措2017 最新单曲《极乐净土祈愿》
Tibetan singer Lhalong Tso new song " Bliss of Pure Land" 2017
https://www.facebook.com/TibetanMusicWorld/app/2405167945/
Lhalong Tso 2017


བདེ་ལྡན་ཞིང་གི་སྨོན་འདུན།
ཚིག རྡོ་རེད།
དབྱངས། དཔལ་མགོན།
ལེན་མཁན། ཧོར་གཙང་ལྷ་ལུང་འཚོ།

རྫ་ཁྲ་ཁྲའི་ཁ་རུ་སྨིག་པས་གཡོག། རྩྭ་རྩི་ཐོག་ཟིལ་བ་ཁྲོམ་སེ་ཡག།
ཁའི་སྨུག་སྤྲིན་བར་ན་འབྲོང་མོ་སྐྱིད།། ཁའི་སྨུག་སྤྲིན་བར་ན་འབྲོང་མོ་ཁྱོད།།
ངས་ཡང་ཡང་སྐྱིད་གི་སྨོན་ལམ་འདེབས།།

རྫ་ཁྲ་ཁྲའི་རྫ་སྐེད་ནགས་ཀྱིས་གཡོག། ཤིང་ལོ་མའི་སྙེ་མ་ཁྲོམ་སེ་ཡག།
ནགས་རྒྱ་རྫོང་དཀྱིལ་ན་སྟག་མོ་སྐྱིད།། ནགས་རྒྱ་རྫོང་དཀྱིལ་གྱི་སྟག་མོ་ཁྱེད།།
ངས་ཡང་ཡང་སྐྱིད་གི་སྨོན་ལམ་འདེབས།།
 
ཁང་ཀ་བཞི་གདུང་བརྒྱད་གཡང་གིས་ཁེངས།། ཁྱིམ་གཟའ་ཚང་སྐྱིད་ལ་རོལ་སྲོལ་ཡག།
གནས་གཡང་ཁྱིམ་དཀྱིལ་ན་བདག་མོ་སྐྱིད།། གནས་གཡང་ཁྱིམ་ཚང་གི་བདག་མོ་ཁྱོད།།
ངས་ཡང་ཡང་སྐྱིད་གི་སྨོན་ལམ་འདེབས།།

23 Feb 2017

Lhalong Tso new song 2017 拉浪措

ལོ་བརྒྱད་ཅུའི་ཚེ་གཡང་བོད་ལ་གནང་།

གཞས་ཚིག     ཁ་གྱའི་ཁྱུང་སྔོན།
གཞས་གདངས།  འཇམ་དབྱངས་བཀྲ་ཤིས།
གཞས་མ།   ཧོར་གཙང་ལྷ་ལུང་མཚོ།
Lhalong Tso new song ''Longevity''
藏族歌手霍尔仓拉浪措新歌
 
 


ཆོས་དཀར་པོའི་བསྟན་པ་བོད་ནས་དར།། བོད་ལས་འབྲས་བརྩིས་པའི་བཀའ་དྲིན་གྱིས།།
རྗེ་བླ་མ་དགུང་ལོ་བརྒྱད་ཅུར་བཞུགས།། ལོ་བརྒྱད་ཅུའི་གཡང་རྟེན་བོད་ལ་གནང༏།
རྗེ་བླ་མའི་སྐུ་ཚེ་རིང་ནོ་འདི།།
བོད་མགོ་ནག་ཚང་གི་བདེ་སྐྱིད་རེད།།
ས་རུ་སྒར་བཅུ་གཅིག་བསོད་ནམས་རེད།།


གསུང་མཛད་པ་འཕྲིན་ལས་བོད་ནས་རྒྱས།། བོད་འགྱུར་མེད་དད་པའི་བདེན་སྟོབས་ཀྱིས།།
རྗེ་བླ་མ་དགུང་ལོ་བརྒྱད་ཅུར་བཞུགས།། ལོ་བརྒྱད་ཅུའི་ཚེ་གཡང་བོད་ལ་གནང༏།
རྗེ་བླ་མའི་སྐུ་ཚེ་རིང་ནོ་འདི།།
བོད་མགོ་ནག་ཚང་གི་བདེ་སྐྱིད་རེད།།
ས་རུ་སྒར་བཅུ་གཅིག་བསོད་ནམས་རེད།།



ཐུགས་བྱམས་བརྩེའི་ཉི་མ་བོད་ནས་ཤར།། བོད་མགོ་ནག་དམ་ཚིག་གཙང་མ་ཡིས།།
རྗེ་བླ་མ་དགུང་ལོ་བརྒྱད་ཅུར་བཞུགས།། ལོ་བརྒྱད་ཅུའི་གྱ་སྟོན་བོད་ལ་གནང༏།
རྗེ་བླ་མའི་སྐུ་ཚེ་རིང་ནོ་འདི།།
བོད་མགོ་ནག་ཚང་གི་བདེ་སྐྱིད་རེད།།
ས་རུ་སྒར་བཅུ་གཅིག་བསོད་ནམས་རེད།།


28 Mar 2016

Lhalong Tso new song 2016

Tibetan singer Lhalong Tso new song
ང་ཚོ་མཉམ་དུ་འགྲོ། We go Together
གཞས་ཚིག  དཔལ་ལྡན་མགོན་པོ།
གཞས་གདངས། ཨ་མཆོག་མགོན་པོ་དོན་གྲུབ།
གཞས་མ། ཧོར་གཙང་ལྷ་ལུང་འཚོ།
拉浪措 - 我们在一起




31 Aug 2014

Lhalong tso ལྷ་ལུང་མཚོ། 拉拢措 2013

Lhalong tso ལྷ་ལུང་མཚོ། 拉拢措 2013
 
                         Album: A Golden flower 金色的花朵 གསེར་གྱི་མེ་ཏོག།
                         Artiste: Lhalong tso ལྷ་ལུང་མཚོ། 拉拢措
                         Genre: Pop, Traditional
                         Track: 11
                         Released: 11.2013
                          Full album: http://youtu.be/FOd_VbKnS-U

               藏族女歌手拉龙措新专辑金色的花朵
               བོད་ཀྱི་ན་གཞོན་གླུ་མ་ཧོར་གཙང་ལྷ་ལུང་མཚོའི་གླུ་གཞས་ཆེད་བསྒྲིགས།༼ གསེར་གྱི་མེ་ཏོག༽༡༠༡༣
               Tibetan singer Lhalong Tso new album ( A Golden flower ) 2013



17 Jun 2012

Tibetan Movie " Broken picture frame" 2012

Watch the movie now Reflect the dreams and love of the Tibetan students The short film "broken picture frame" about two young men of Gonpo and Lhalong Tso, from students to become lovers, and was admitted to the ideal of the university. Gonpo had to abandon their studies due to a poor family at home, grazing, and the love of two young people have been traumatized. A few years later, Lhalong Tso has become a college student, Gonpo is to follow the sheep lived the life of the herdsmen; however, the heart of the two never left each other. He has never forgotten the ideal of his lover, and that with their own drifted further away.