འབོད་སྐུལ།
གཞས་ཚིག་། འཇམ་དབྱངས་བློ་གྲོས། གདངས་། ཤེར་བསྟན་།
གཞས་པ་། དགེ་རྩེ-ཕུར་བ་སྐྱབས།
རྨ་ཆུ་དང་འབྲི་ཆུ་ཡི་འཁྱུག་གར་རིང་མོ།
གོ་ལ་ཡི་ཟུང་ཁྲག་གི་བཞུར་སྒྲ་ཡིན་འགྲོ།
གངས་རི་དང་སྤང་རི་ཡི་ཕྲེང་ཐག་རིང་མོ།
ས་སྒང་འདིའི་དོན་སྣོད་ཀྱི་ཚེ་སྲོག་ཡིན་འགྲོ།
ཨ་རོགས་ཚོ། ཨ་རོགས་ཚོ།
ཆུ་ལ་དུག་རླངས་མ་འདྲེན་གོ་ལ་སྐམ་འགྲོ།རི་ལ་རྨ་ཁ་མ་བཟོ་ས་སྒང་འཇིག་འགྲོ།
ཆོས་ལུགས་དང་རིགས་གནས་ཀྱི་གཏེར་མཛོད་ཆེན་མོ།
འཇིག་རྟེན་འདིའི་རིན་བྲལ་གྱི་ནོར་མཆོག་ཡིན་འགྲོ།
སྐད་ཡིག་དང་ཡིག་རིགས་ཀྱི་བླ་མེད་ཁྱད་ཆོས།
མི་རིགས་ཤིག་ཤི་གསོན་གྱི་འཇུ་ཐག་ཡིན་འགྲོ།
ཨ་རོགས་ཚོ། ཨ་རོགས་ཚོ།
ཆོས་དང་རིགས་གཞུང་མ་རྒོལ་ཁྱད་ནོར་ཡལ་འགྲོ།
སྐད་དང་ཡི་གེ་མ་འཚེ་མི་རིགས་རྒུད་འགྲོ།
ཨ་རོགས་ཚོ། ཨ་རོགས་ཚོ།
ཆོས་དང་རིགས་གཞུང་མ་རྒོལ་ཁྱད་ནོར་ཡལ་འགྲོ།
སྐད་དང་ཡི་གེ་མ་འཚེ་མི་རིགས་རྒུད་འགྲོ།
སྐད་དང་ཡི་གེ་མ་འཚེ་མི་རིགས་རྒུད་འགྲོ།
