Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label lhakar dolma. Show all posts
Showing posts with label lhakar dolma. Show all posts

9 Nov 2020

Lhakar Dolma 拉格卓玛 ལྷ་དཀར་སྒྲོལ་མ། 2020

拉格卓玛新歌《缘》 2020
༢༠༢༠ལོ་ལྷ་དཀར་སྒྲོལ་མའི་གཞས་གསར།༼ཨ་ལོང་ཡང་ལོང་།༽
ཚིག འབྲོང་ཕྲུག་ལྷ་ཆེན་རྒྱལ། དབྱངས། བན་ཤུལ་ཐར་འབུམ་རྒྱལ།
ལེན་མཁན། ལྷ་དཀར་སྒྲོལ་མ།
Lhakar dolma's new song '' Along Yalong''



ཨ་ལོང་ཡང་ལོང་།

ཚིག འབྲོང་ཕྲུག་ལྷ་ཆེན་རྒྱལ།
དབྱངས། བན་ཤུལ་ཐར་འབུམ་རྒྱལ།
ལེན་མཁན། ལྷ་དཀར་སྒྲོལ་མ།

སེམས་ཀྱི་རྨུ་ཐག་རིང་མོ། སེར་བོ་གསེར་དང་འདྲ་ལེ་རེད། 
ལས་ཀྱི་ཕྱི་ཐག་ཕྲ་མོ། དཀར་བོ་དུང་དང་འདྲ་ལེ་རེད། 
ཨ་ལོང་ལེན། ལོ་དང་ཟླ་བར་སྒུག་ནས།  
ཡང་ལོང་ལེན། ཉིན་དང་སྐར་མར་ཐོན་ན།  
དར་ལུང་རྣ་བས་ཉོན་དང་། སྙན་མོ་གཞས་ཤིག་བཏང་ནས་ཡོང་། 

ཚེ་སྔོན་ལས་ཀྱི་སྨོན་ལམ། སེར་བོ་གསེར་དང་འདྲ་ལེ་རེད།  
ལམ་ཐུག་ཐོད་པའི་ཁ་ཡིག དཀར་བོ་དུང་དང་འདྲ་ལེ་རེད། 
ཨ་ལོང་ལེན། དུས་དང་བསྐལ་བར་ཉན་ནས། 
ཡང་ལོང་ལེན། རྟགས་དང་རྟེན་འབྲེལ་འགྲིག་ན། 
ཁྲ་ཆུང་མིག་གིས་གཟིགས་དང་། བདེ་མོ་བྲོ་ཞིག་འཁྲབ་ནས་ཡོང་།

ཚིག་གསུམ་རྡོ་རྗེ་མགུར་མ། སེར་བོ་གསེར་དང་འདྲ་ལེ་རེད། 
བློ་སེམས་མི་འགྱུར་དམ་བཅའ། དཀར་བོ་དུང་དང་འདྲ་ལེ་རེད། 
ཨ་ལོང་ལེན། ལས་དང་བསོད་ནམས་ཡོད་ལས། 
ཡང་ལོང་ལེན། སེམས་དང་བསམ་པ་མཐུན་ན། 
ཚེ་འདིའི་སྨོན་ལམ་སྟེང་ལ། རྟིང་མའི་སྨོན་ལམ་བརྒྱབ་ཡོད།

13 Feb 2018

Lhakar Dolma 拉格卓玛 ལྷ་དཀར་སྒྲོལ་མ། 2018

Lhakar Dolma's the latest single
'' Peaceful eyes 和平眼眸 འཚེ་མེད་ཀྱི་སྤྱན་རས། ''
ཚིག རུས་དམ་སྐལ་བཀྲ དབྱངས རྫོགས་ཆེན་བསྟན་འཛིན།
གཞས་མལྷ་དཀར་སྒྲོལ་མ།

འཚེ་མེད་ཀྱི་སྤྱན་རས།
ཚིག  རུས་དམ་སྐལ་བཀྲ།
དབྱངས རྫོགས་ཆེན་བསྟན་འཛིན།
ལེན་མཁན། ལྷ་དཀར་སྒྲོལ་མ།



མུན་པའི་དབྱིངས་ཆེན་གསེར་གྱི་འོད་ལ་ཤར་དུས།
སྟོང་གསལ་གྱི་ནམ་མཁའ་ལ། ཉི་ཟླ་ཡིས་འཛམ་གླིང་རུམ་ཡོད།
ས་ཆེན་གྱི་འགྲོ་བ་ཚོ། ཉི་ཟླའི་སྲས་པོ་ཡིན།
ཞི་བདེ་ཡི་སེམས་པ་སྡེབ་ནས། འཚེ་མེད་ཀྱི་སྤྱན་རས་འཁྱུག་དགོས།
དུས་བཞིའི་དཔལ་ཡོན་འབྱུང་བའི་མངལ་ལ་འཁྲུངས་དུས།
མཐོན་མཐིང་གི་འཁྱུད་ཀོང་ན། གོ་ལ་ཡི་འཛམ་གླིང་པང་ཡོད།
ས་ཆེན་གྱི་འགྲོ་བ་ཚོ། གོ་ལའི་སྲས་པོ་ཡིན།
ཞི་བདེ་ཡི་སེམས་པ་སྡེབ་ནས། འཚེ་མེད་ཀྱི་སྤྱན་རས་འཁྱུག་དགོས།
ཨོ་་་་ཨོ་་་་་
གནམ་འོག་གི་བདེ་སྐྱིད་མེ་ཏོག ཞི་བདེ་ཡི་པང་ལ་འཁྲུངས་ཡོད།
ཨོ་་་་་ཨོ་་་་་་
ནམ་འོག་གི་བདེ་སྐྱིད་མེ་ཏོག ཞི་བདེ་ཡི་པང་ལ་འཁྲུངས་ཡོད།

23 Jun 2017

Lhakar Dolma 拉格卓玛 2017

ལྷ་དཀར་སྒྲོལ་མའི་གཞས་གསར།༼ རོང་ཆེན་གཅན་ཚ། ༽
拉格卓玛最新单曲《灵秀尖扎》2017
Tibetan singer Lhakar Dolma new song
 
 


རོང་ཆེན་གཅན་ཚ།
ཚིག། ཞོ་ར་ཀླུ་རྒྱལ་དོན་འགྲུབ།དབྱངས། གནམ་ལྷ་ཐར།
གཞས་མ། ལྷ་དཀར་སྒྲོལ་མ།
 
རྫ་མཐོན་པོ་སྲིན་པོའི་འདབས་རོལ་ན། ཆུ་རྨ་ཆུ་ལི་མ་གཡས་སུ་འཁྱིལ།
སྟོད་འབྲོག་གི་སྤང་ཐང་ཕྱུགས་ཀྱིས་ཁེངས། སྨད་རོང་གི་ཞིང་ས་འབྲུ་ཡིས་བལྟམས།
 
ལྡོང་ཚ་ཆེན་བཙན་པོའི་བུ་རྒྱུད་རྣམས། དཔའ་མཐེབ་རྩལ་སྐྱེན་པོ་གློག་ལྟར་འཁྱུགས།
མཛངས་བློ་རིག་རྒོད་པོ་མེ་བཞིན་མཆེད། ཐབས་ཤེས་རབ་སྤུ་གྲིའི་སོ་བཞིན་རྣོ།
 
རྨ་ལི་མའི་འགྲམ་གྱི་སྨན་ཤར་རྣམས། མཛེས་ལང་ཚོ་དགུང་གི་འཇའ་རིས་འདྲ།
བཟང་ཤེས་རྒྱ་འོད་ཀྱི་གུར་ཁང་འདྲ། ལག་ལས་ཀ་གཡང་ཁྱིམ་ཀ་བ་འདྲ།
 
རོང་གཅན་ཚ་མདའ་མོ་གཡང་རྫོང་ན། ཕོ་དགྲ་ལྷ་ཅན་ལ་མདའ་དབང་འབྱོར།
མ་བྱང་སེམས་ཅན་ལ་ཟས་གཡང་འཕེལ། སྐྱིད་འཚོ་བ་གཡང་མདའི་དཔལ་ལ་འཁུ།

5 Dec 2016

Lhakar dolma 拉格卓玛 2016

ལྷག་བསམ་ཀློང་ནས་འབོད་པའི་སྐུལ་གླུ། 拉格卓玛新歌【心之声】
ཚིག་དང་དབྱངས། སོག་སྟག་འབྲུག། ལེན་མཁན། ལྷ་དཀར་སྒྲོལ་མ།

Tibetan singer Lhakar Domla new song 2016 
 
 

13 Aug 2016

Lhakar Dolma 2016 忆梦 拉格卓玛

Tibetan singer Lhakar Dolma new single " The Dream " 2016
拉格卓玛2016最新单曲《忆梦》
གཞས་མ། ལྷ་དཀར་སྒྲོལ་མ། " རྨི་ལམ། "
 
 


   
རྨི་ལམ།
               ཚིག  འབྲུག་ལྷ་རྒྱལ། དབྱངས། སོག་ཤོད་དར་རྒྱས། གཞས་མ། ལྷ་དཀར་སྒྲོལ་མ།
 ཆུང་ཆུང་བྱིས་པའི་དུས་ནས། རྨི་ལམ་ལན་མང་རྨིས་ཡོད། རྨི་ལམ་རེ་རེའི་ནང་ལ། ལས་ཀྱི་སྐྱིད་སྡུག་བཅོལ་ཡོད།
 མི་ཚེའི་ཐང་ཆེན་ཡང་པོར། མགོ་འཁོར་བྱུང་བ་མིན་ཡང༏ རྐང་རྗེས་གྲངས་མེད་ཕབས་པ། ལམ་ཞིག་བཟོ་འདོད་ཡིན་འགྲོ།
 ཁ་ཆར་བུ་ཡུག་འཚུབ་ཀྱང༏ ལ་དང་འགག་ཕྲེང་རྩུབ་ཀྱང༏ རྨི་ལམ་ཆད་པ་མེད་ན། ཕམ་དགོས་རྩ་བ་མི་འདུག།
         ཨོ་་་་་་་་་༏
 མཚན་མོ་རིང་ཡང་མི་སྐྱོན། མུན་པ་སྟུག་ཀྱང་དྲག་གི། རྨི་ལམ་མེད་ན་སྐྲག་གི། ཆུང་ཆུང་བྱིས་པའི་དུས་ནས།
 རྨི་ལམ་ལན་མང་རྨིས་ཡོད། རྨི་ལམ་རེ་རེའི་ནང་ལ། ལས་ཀྱི་སྐྱིད་སྡུག་བཅོལ་ཡོད། འཁོར་བའི་མྱ་ངམ་ཐང་ལ།
 མིག་ལྟོས་ཡང་ཡང་བྱས་པ། ཅི་ཞིག་བོར་བ་མིན་ཡང༏ གནས་ཤིག་འཚོལ་འདོད་ཡིན་འགྲོ།
 འཕྱོར་བའི་རྒྱན་གོས་མེད་ཀྱང༏ ཞིམ་པོའི་བཟའ་བཏུང་མེད་ཀྱང༏ རྨི་ལམ་འགག་པ་མེད་ན། སྐྱོ་དགོས་རྩ་བ་མི་འདུག།
        ཨོ་་་་་་་༏
 མཚན་མོ་རིང་ཡང་མི་སྐྱོན། མུན་པ་སྟུག་ཀྱང་དྲག་གི། རྨི་ལམ་མེད་ན་སྐྲག་གི།
 

8 Mar 2016

Lhakar Dolma 拉格卓玛最新单曲 2016《雪域使者》

Tibetan singer Lhakar Dolma new song 2016 ( Snowy angel )
拉格卓玛最新单曲《雪域使者》
དུས་ཀྱི་ཕོ་ཉ། གླུ་མ། ལྷ་དཀར་སྒྲོལ་མ། ཚིག བདེ་མཆོག་རྒྱལ། དབྱངས། སོག་ཤོདདར་རྒྱས།

https://www.reverbnation.com/tibetanmusicworld


 

  དུས་ཀྱི་ཕོ་ཉ།
 ཚིག བདེ་མཆོག་རྒྱལ།
 དབྱངས། སོག་ཤོདདར་རྒྱས།
 གླུ་མ། ལྷ་དཀར་སྒྲོལ་མ།

 
 ངོ་མཚར་ཆེ། ངོ་མཚར་ཆེ། བལྟ་བ་མིག་གི་དགའ་སྟོན་བརྙན་རིས་མཛེས།
ངོ་མཚར་ཆེ། ངོ་མཚར་ཆེ། ཉན་པ་ངག་གི་འགྱུར་ཁུག་ཕ་སྐད་མཛེས།
 ནམ་མཁའི་དབྱིངས་ཀྱི་སྐར་མ་འོད་པོ་ཆེ། དུས་གསུམ་འགྱུར་བ་སྟོན་པའི་མེ་ལོང་ཡིན།
དཔལ་དང་འབྱོར་བ་རྒྱས་བ་འཕྲིན་གསར་ཡིན།

མི་རིགས་མཐུན་སྒྲིལ་བཀྲ་ཤིས་གསེར་ཟམ་ཡིན།
ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ་ལགས།
 ངོ་མཚར་ཆེ། ངོ་མཚར་ཆེ། བལྟ་བ་མིག་གི་དགའ་སྟོན་བརྙན་རིས་མཛེས།
 ངོ་མཚར་ཆེ། ངོ་མཚར་ཆེ། ཉན་པ་ངག་གི་འགྱུར་ཁུག་ཕ་སྐད་མཛེས།

ཁ་བའི་ལྗོངས་ཀྱི་ཞབས་རྗེས་རླབས་པོ་ཆེ།
སྣ་ཚོགས་གཏམ་གྱི་སྒོ་མོ་གླེང་སྟེགས་ཡིན།

ཡ་རབས་ལུགས་ཀྱི་ཐེམ་སྐས་ཁ་བརྡ་ཡིན།
འཛམ་གླིང་གནས་ཚུལ་མཉམ་དུ་སྒྲོག་ས་ཡིན།
 ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ།
 
 ངོ་མཚར་ཆེ། ངོ་མཚར་ཆེ། བལྟ་བ་མིག་གི་དགའ་སྟོན་བརྙན་རིས་མཛེས།
ངོ་མཚར་ཆེ། ངོ་མཚར་ཆེ། ཉན་པ་ངག་གི་འགྱུར་ཁུག་ཕ་སྐད་མཛེས།
རྨ་འབྲི་རླབས་ཀྱི་ཟེགས་མ་མཚར་བོ་ཆེ།

གླུ་དང་གར་ལ་རོལ་བའི་སྟེགས་བུ་ཡིན།
ཆུང་ཆུང་བྱིས་པའི་མེ་ཏོག་གངས་ལྷ་ཡིན།
གངས་ལྗོངས་འཕེལ་འགྱུར་དངོས་སུ་འབྲི་ས་ཡིན།
ཁྱོད་ནི་ང་ཚོའི་དུས་ཀྱི་ཕོ་ཉ་ལགས།
 


拉格卓玛和尖参最新单曲(阿若耶)2016
ཨ་རོ་ཡེ། ལེན་མཁན། རྒྱལ་མཚན་དང་ལྷ་དཀར་སྒྲོལ་མ།
ཚིག གནམ་ལྷ་ཐར།
དབྱངས གནམ་ལྷ་ཐར།




-------------------------------------------------------------------------------------------------

Lhakar Dolma 2014
拉格卓玛 等待相聚
 

2 Feb 2016

Gyaltsen & Lhakar Dolma 2016

Golok Gyaltsen & Lhakar Dolma
ཨ་རོ་ཡེ། 
ཚིག གནམ་ལྷ་ཐར། དབྱངས གནམ་ལྷ་ཐར།
ལེན་མཁན། རྒྱལ་མཚན་དང་ལྷ་དཀར་སྒྲོལ་མ
拉格卓玛和尖参最新单曲(阿若耶)2016