Sota & Wangdol Tso new song '' Words '' 2019
索扎&旺卓措 新单《WORDS》
༼གཏམ༽
ཚིག་དང་དབྱངས། བསོད་བཀྲ།
ལེན་མཁན། བསོད་བཀྲ་དང་དབང་སྒྲོལ་མཚོ།
ང་གང་ལ་སོང་རུང་། ང་གང་ནས་བསྡད་རུང་།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
གནམ་སྔོན་པོ་རྡིབ་རུང་། སའི་གོ་ལ་འཇིག་རུང་།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
ང་རང་ཁྱོད་དང་འདྲ་བར་ལོ་ན་གཞོན་དུས།
ང་རང་ཁྱོད་དང་འདྲ་བར་རེ་བ་ཡོད་དུས།
ང་རང་ཁྱོད་དང་འདྲ་བར་སྙིང་སྟོབས་འཛོམས་དུས།
ང་རྒྱལ་གྱི་མགོ་འཕང་ཏེ་སུས་བལྟས་ཀྱང་མཐོ་རེད།
མི་དགའ་བའི་མི་དག་ལ་བཅོས་མ་ཡི་འཛུམ་སྟོན།
ཁ་ཡག་གི་ཁ་ཡག་ལ་ང་སྔ་མོ་ནས་སུན་སོང་།
མི་ལ་ལ་ཞིག་གིས་ང་ལ་འབྲེལ་བ་གཅོད་དགོས་ཟེར།
དོན་ལ་ལ་ཞིག་གིས་ང་སྡུག་བསྔལ་བྱེད་དགོས་ཟེར།
དེ་བས་ང་འགྲོ་སའི་ལམ་ཁ་ན་རླུང་བསེར་བུ་ཅི་འདྲ་རྒོད་རུང་།
ངས་དཀའ་ཁག་ལ་བརྩི་གི་མེད།
ངའི་གླུ་གཞས་ལ་དགའ་མི་དགའ་ཅི་འདྲ་ཡོད་རུང་།
ངས་དགའ་འམ་ཞེས་འདྲི་གི་མེད།
འབྲེལ་མེད་ཀྱི་མི། དགོས་མེད་ཀྱི་གཏམ།
ཁྱོད་ཚོའི་ཐེངས་བརྒྱ་ལ་གཙེས་རུང་ངས་ཨ་ཚ་མི་ཟེར།
ད་ང་ནར་སོན་ཡོད། ང་ལ་སྙིང་སྟོབས་ཡོད།
ད་ང་མུན་ནག་གི་ཀླུང་ནས་ཀྱང་འགྲོ་རོགས་མི་དགོས།
ད་ང་ནར་སོན་ཡོད། ང་ལ་སྙིང་སྟོབས་ཡོད།
ད་ང་མུན་ནག་གི་ཀླུང་ནས་ཀྱང་འགྲོ་རོགས་མི་དགོས།
ང་གང་ལ་སོང་རུང་། ང་གང་ནས་བསྡད་རུང་།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
གནམ་སྔོན་པོ་རྡིབ་རུང་། སའི་གོ་ལ་འཇིག་རུང་།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
ད་དེ་འདྲ་རེད་ཤོག ད་དེ་འདྲ་ཅེས་ཤོག
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
ང་རང་འཇིག་རྟེན་ཁམས་ལ་ལྟད་མོར་འགྲོ།
མྱི་ལ་ལ་ཞིག་ལ་གད་མོ་བྲོ། ཁ་ཆེ་རུང་སྣ་ཡི་འོག་རེད།
དགོས་མི་དགོས་བཤད་ན་འདྲེ་རེད།
དེ་དག་ཁ་ཡ་མེད་བྱེད་གི་མེད་ལ་སྤུ་ཙམ་ཡང་སྐྲག་གི་མེད།
ཨ་ཕ་ལ་གཏམ་རྒྱུད་མང་། ཉམས་མྱོང་དེ་ང་ལ་གནང་།
ཁོ་ང་ལ་རེ་བས་ཁེངས།
དམའ་ས་ནས་མཐོ་ས་ལ་བསྙེག་པར་ངའི་ལང་ཚོ་བསྟིམ་དགོས་ཟེར།
ཉམས་མྱོང་ཡོད་རུང་མེད་རུང་ངས་གཞན་ལ་སློབ་སྦྱོང་བྱེད་དགོས་ཟེར།མདུན་ཕྱོགས་ན་ལམ་ཡོད་རུང་མེད་རུང་རང་གིས་ཚོར་བས་དེ་འཚོལ་དགོས་ཟེར།
རེ་དོག་གིས་མེ་ལོང་ནང་ལ་ཡང་ཡང་བལྟ་དུས།
འགོར་འདུག་ཡོད་རུང་།
སྡོང་རྒན་ཞིག་གི་རྩ་ན་རི་བོང་ལ་སྒུག་པའི་ཁྱོད་རྨི་ལམ་ཡོད་ན་ད་མ་འདུག།
ཕུགས་བསམ་ཡོད་ན་ད་མ་འདུག།
མཇུག་མཐའི་རྒྱལ་ཁའི་ཆེད་དུ་མདུན་ནས་མདུན་དུ་བསྐྱོད་དགོས་ཟེར།
འདི་ནས་ཕར་ལྟོས། རྒྱང་རིང་ལ་ལྟོས།
འདི་ནས་ཕར་ལྟོས། དམིགས་ཡུལ་ལ་ལྟོས།
ང་གང་ལ་སོང་རུང་། ང་གང་ནས་བསྡད་རུང་།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
གནམ་སྔོན་པོ་རྡིབ་རུང་། སའི་གོ་ལ་འཇིག་རུང་།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
ད་དེ་འདྲ་རེད་ཤོག། ད་དེ་འདྲ་ཅེས་ཤོག།
ཁྱེད་ཀྱིས་བཤད་པའི་སྐད་ཆ་སེམས་ལ་ཉར་ནས་ཡོད།
No comments:
Post a Comment