Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label samkho. Show all posts
Showing posts with label samkho. Show all posts

30 Sept 2020

果洛尖参&三木戈《我的祖先》2020

 果洛尖参&三木戈《我的祖先》2020

Golok Gyaltsen & Samkho's new mv song ''My Ancestors''

མགོ་ལོག་རྒྱལ་མཚན་དང་བསམ་ཁོ།  ༼ང་ཡི་མེས་པོ།༽ ༢༠༢༠




ང་ཡི་མེས་པོ།
ཚིག བློན་ཚང་བསྟན་ཁོ།
དབྱངས། ལི་ཐང་བསྟན་འཛིན།
གཞས་གཏོང་མཁན།  མགོ་ལོག་རྒྱལ་མཚན། བསམ་ཁོ།

ངའི་སྙིང་གི་ཟབ་སར་གནས་པའི་སྐད་དང་ཡི་གེ
ཤེས་རིག་ཀློང་གི་སྒྲོན་མེ་ཉག་གཅིག
ཐབས་ཤེས་ཟུང་གི་གཤོག་པ་མུན་པའི་གསེབ་ཏུ་བསྐྱེད་མྱོང་།
འོད་སྣང་གཞོམ་པ་མེད་པའི་གསེར་གྱི་ཐང་མ་ཡིན།
མི་ཡི་སྙིང་སྟོབས་དང་རིགས་ཀྱི་སྤོབས་པ་དེ་ཁྱེད་ཀྱི་གཤིས་སུ་གྲུབ་པས།
ཁྱེད་ནི་ང་ཡི་བླ་སྲོག་དེ་ཡིན།
ལོ་དང་ཟླ་བ་ཅི་ཙམ་བརྒལ་ཡང་།
ཁྱེད་ཀྱི་འོད་སྣང་གོ་ལའི་ཡང་རྩེར་ཡོད།
ཤེས་རིག་ཀློང་གི་སྒྲོན་མེ། བླ་སྲོག་སྐད་དང་ཡི་གེ


ངའི་བཙན་པོ་རྗེ་གཅིག་མི་དབང་སྲོང་བཙན་སྒམ་པོ།
ལུགས་གཉིས་དཔལ་གྱི་བདག་པོ་ཁྱེད་ཀྱིས།
དཔའ་ངར་བཙན་གྱི་གཤོག་པ་གླིང་བཞིའི་ཁྱོན་དུ་བསྐྱེད་མྱོང་།
ང་ཚོ་གདོང་དམར་བོད་པ་བརྟེན་སའི་སྲོག་ཤིང་ཡིན།
སྲིད་པའི་དབང་ཐང་དང་མི་རྒྱལ་ཁམས་ཟུར་གྱིས་གནོན་པའི་བཙན་པོ།
ཁྱེད་ནི་ང་ཡི་མེས་པོ་དེ་ཡིན།
ལོ་དང་ཟླ་བ་ཅི་ཙམ་བརྒལ་ཡང་།
ཁྱེད་ཀྱི་མཛད་འཕྲིན་འཛིན་མའི་ཁྱོན་དུ་ཡོད།
སུམ་གཉིས་ས་ཡི་བདག་པོ། མི་དབང་སྲོང་བཙན་སྒམ་པོ།

21 Jan 2020

Samkho 三木戈 བསམ་ཁོ། 2020

གཞས་མ་བསམ་ཁོའི་༢༠༢༠ལོའི་གཞས་གསར། ང་ཡི་འཇིག་རྟེན།
三木戈最新MV 歌《我的世界》
Samkho 2020 new MV song '' My World ''




ང་ཡི་འཇིག་རྟེན།

གཞས་ཚིག  ཁ་གྱའི་ཁྱུང་སྔོན།
གཞས་དབྱངས། ལི་ཐང་བསྟན་འཛིན།

གཞས་མ། བསམ་ཁོ།

འཇིག་རྟེན་འཇིག་རྟེན་ཟེར་བ། ཁྲ་ཁྲ་འུག་པའི་སྒྲོ་རེད།
ལས་དང་བསྐལ་བ་མེད་ན། སུ་ལ་བཤད་ཀྱང་དོན་མེད།
ང་ཡི་མི་ཚེ་་་་ང་ཡི་ལས་དབང་། སྔོན་གྱི་ལས་དང་ད་ལྟའི་རྟེན་ན་ཡོད།

མི་ཚེ་མི་ཚེ་ཟེར་བ། སྐྱིད་སྡུག་གཉིས་ཀྱི་མཚོ་རེད།
སྔོན་གྱི་ལས་འཕྲོ་མེད་ན། སུ་ལ་བཤད་ཀྱང་དོན་མེད།
ང་ཡི་ལང་ཚོ་་་་་ང་ཡི་ཕུགས་འདུན། རང་གི་སེམས་དང་རང་གི་ལག་ན་ཡོད།

འཚོ་བ་འཚོ་བ་ཟེར་བ། མི་རྟག་སྤང་གི་འཇའ་རེད།
སེམས་ཀྱི་དམ་བཅའ་མེད་ན། སུ་ལ་བཤད་ཀྱང་དོན་མེད།
ང་ཡི་བརྩེ་བ་་་་ང་ཡི་འཚོ་བ། རུས་པའི་གསེང་དང་དམར་ཆུང་སྙིང་ན་ཡོད།