Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label petso. Show all posts
Showing posts with label petso. Show all posts

20 Jan 2020

Sherten and Petso 2020

谢旦和班措新歌 2020《越来越幸福》
༢༠༢༠གཞས་གསར།《མ་སེམས་ཅན་སྐལ་བ་ཇེ་ཡག་རེད།》
2020 New MV  song from Sherten & Petso



མ་སེམས་ཅན་སྐལ་བ་ཇེ་ཡག་རེད།
ཚིག དམངས་ཁྲོད། དབྱངས། པདྨ།
ལེན་མཁན། ཤེར་བསྟན་དང་པད་མཚོ།

ཕ་ཨ་ཁུའི་ལོ་རུས་འབྲུག་ལོ་རེད། འབྲུག་ལོ་རེ་བསྡད་ཀི་ཇེ་གྲགས་རེད།
ཆར་ལོ་རེ་བསྡད་ཀི་ཇེ་མང་རེད། མ་སེམས་ཅན་སྐལ་བ་ཇེ་ཡག་རེད། 

སྤུན་ན་ཟླའི་ལོ་རུས་སྟག་ལོ་རེད། སྟག་ལོ་རེ་བསྡད་ཀི་ཇེ་བཙན་རེད།
རྒྱབ་གོར་མོའི་ཐིག་ལེ་ཇེ་ཡག་རེད། བུ་དཔའ་བོའི་དཔལ་རྩལ་ཇེ་རྒྱས་རེད། 

མ་བུ་མོའི་ལོ་རུས་ལུག་ལོ་རེད། ལུག་ལོ་རེ་བསྡད་ཀི་ཇེ་འཕེལ་རེད།
བལ་ལོ་རེ་བསྡད་ཀི་ཇེ་མཐུག་རེད། རྒྱུ་སྟོབས་འབྱོར་མངའ་ཐང་ཇེ་རྒྱས་རེད།