Coronavirus (COVID-19) “Stay Safe, Stay Home” take care during COVID -19

Search Tibetan singers

31 May 2020

Gaybay 格白 དགེ་བྷེ། - - Friend གྲོགས་པོ། 2020

格白的2020年新歌《朋友》
དགེ་བྷེའི་༢༠༢༠ལོའི་གཞས་གསར། གྲོགས་པོ།
Gaybay's new song '' Friend '' 2020 




གྲོགས་པོ།

རོལ་མོ་བ། ཀ་ཤུལ་ལྷུན་པེ།
ལེན་མཁན། གངས་ལྗོངས་པི་ཝང་དགེ་བྷེ།


དུས་ཚོད་རྒྱང་དུ་ཡལ། ངོ་གདོང་དག་ཆ་མེད་དུ་གྱུར།
གྲོགས་པོ།
ད་ལོ་གང་དུ་བཞུགས། ལྭ་རིང་ངོས་སུ་སྟོན་ཁ་ཚེས་ཀྱང་།
ནང་སེམས་སུ་ཁེར་རྐྱང་བབས་བྱུང་ངམ།


རྒྱང་རིང་སེམས་ཀྱིས་བཅད། རྨི་ལམ་དག་ཡབ་ཡིབ་དུ་གྱུར།
གྲོགས་པོ།
ད་ལྟ་གང་དུ་ཆས། ཕྱི་རོལ་ཏུ་མེ་ཏོག་བཞད་ཀྱང་།
ནང་སེམས་སུ་ཕ་ཡུལ་ཉར་ཡོད་དམ།

………….
མི་ཚོགས་རྒྱབ་ཏུ་བསྐྱུར། ངོ་གདོང་ལ་རྒས་ཉམས་ཆགས།
གྲོགས་པོ།
ད་ནི་ཕྱིར་ལོག་ཤོག སྡུག་གི་ཆུ་རྐ་སེམས་ལ་བབས་ཀྱང་།
སྙེ་མའི་གྲོང་ནས་གླུ་དབྱངས་བླངས་ཆོག

སྡུག་གི་ཆུ་རྐ་སེམས་ལ་བབས་ཀྱང་།
སྙེ་མའི་གྲོང་ནས་གླུ་དབྱངས་བླངས་ཆོག

27 May 2020

Gaybay 格白 དགེ་བྷེ། 2020 - Unforget Table

格白新单曲《难忘怀》2020
བརྗེད་མེད་ཡིན། ལེན་མཁན། གངས་ལྗོངས་པི་ཝང་དགེ་བྷེ།
New single from Gaybay '' Unforget Table ''





བརྗེད་མེད་ཡིན།
ཚིག་དང་དབྱངས། ལེན་མཁན། གངས་ལྗོངས་པི་ཝང་དགེ་བྷེ།

བུ་ང་རང་ས་མཐར་འཁྱམས་ཉིན་མོར།།
ང་གར་འགྲོ་འདིར་འགྲོ་མེད་ཀི་མོད།།
གྲོགས་ཁྱེད་ཀྱིས་སྡུག་རོགས་བྱས་པ་དེ།།
ངས་མི་ཚེ་གང་བོར་བརྗེད་མེད་ཡིན།།


བུ་ང་རང་ས་མཐར་འཁྱམས་ཉིན་མོར།།
ང་གང་འདུག་འདིར་འདུག་མེད་ཀི་མོད།།
གྲོགས་ཁྱེད་ཀྱིས་གནས་ཚང་གཡར་བ་དེ།།
ངས་མི་ཚེ་གང་བོར་བརྗེད་མེད་ཡིན།།

བུ་ང་རང་ས་མཐར་འཁྱམས་ཉིན་མོར།།
གནས་དེར་བརྟེན་འདིར་བརྟེན་མེད་ཀི་མོད།།
གྲོགས་ཁྱེད་ཀྱིས་བརྟེན་ས་བྱས་པ་དེ།།
ངས་མི་ཚེ་གང་བོར་བརྗེད་མེད་ཡིན།།

19 May 2020

Yangchen Dolma 央金卓玛 '' Who am I '' 2020

Yangchen Dolma '' Who am I '' 2020
Latest Cover Song
央金卓玛最新翻唱歌曲《我是谁》
དབྱངས་ཅན་སྒྲོལ་མའི་བསྐྱར་ལེན་གསར་བ། ང་སུ་རེད།




ང་སུ་རེད།

ཚིག སྒྲོལ་ཚེ།
དབྱངས། གདུགས་དཀར་ཡག
གཞས་མ། དབྱངས་ཅན་སྒྲོལ་མ།


གཤོག་ཡ་བོར་བའི་ལམ་དེའི་གོམ་ཁ་ན།
རྔུལ་ཆུས་བརླན་པའི་རྒྱབ་གཟུགས་ཁེར་འགྲོ་བ།
མདུན་ན་ཡོད་པ་ནི་མིག་མདངས་རྣོན་མོ་དེ་ཡིན།
རྒྱབ་ན་ལུས་པ་ནི་མིག་ཆུའི་ཁེར་ལབ་དེ་ཡིན།
ཕྱིར་མིག་ཐེངས་རེར། འཕག་འཚག་ཐེངས་རེར།
འདས་ཟིན་ལ་སྐྱོ་གར་འཁྲབ་མྱོང་།
གྲང་ཤུར་ཤུར་གྱི་ངོ་གདོང་དེ་སྐྱ་བོ་ཡིན།
ང་སུ་རེད། ཕུགས་བསམ་ཞེ་ལ་ཐོགས་པའི་ཨུ་ཚུགས་ཅན།
ང་སུ་རེད། ལང་ཚོ་སྐྱོ་གླུར་ལེན་པའི་ཉམ་ཐག་ཅན།
དྲན་པ་ཐེངས་རེར། ངས་ཆུང་དུས་ཀྱི་རྨི་ལམ་དྲན་བྱུང་།
དྲན་པ་ཐེངས་རེར། ངས་མཚན་གུང་གི་མིག་ཆུ་དྲན་བྱུང་།


སྙིང་གཏམ་དམར་རྗེན་ཅན་པོའི་ཡ་ཁོག་ན།
བརྡ་ལན་འཚོལ་བའི་རྣམ་ཤེས་རྟུལ་པོ་ཅན།
རྒྱང་ན་འཕུར་བ་ནི་ལང་ཚོར་མཁོ་བའི་གཤོག་ཟུང་ཡིན།
གམ་ན་ལུས་བ་ནི་འཚོ་བར་གཟབས་པའི་དོགས་ཟོན་ཡིན།
ཕྱིར་མིག་ཐེངས་རེར། འཕག་འཚག་ཐེངས་རེར།
འདས་ཟིན་ལ་སྐྱོ་གར་འཁྲབ་མྱོང་།
གྲང་ཤུར་ཤུར་གྱི་ངོ་གདོང་དེ་སྐྱ་བོ་ཡིན།
ང་སུ་རེད། མིག་ཆུ་རླུང་ལ་བསྐུར་བའི་གཏམ་རྒྱུད་ཅན།
ང་སུ་རེད། ན་ཟུག་རོ་བཅུད་སྒོམ་པའི་ལམ་འགྲོ་བ།
དྲན་པ་ཐེངས་རེར། ངས་འདས་ཟིན་གྱི་སྙིང་གཏམ་དྲན་བྱུང་།
དྲན་པ་ཐེངས་རེར། ངས་ཉམ་ཐག་གི་རང་ཉིད་དྲན་བྱུང་།

16 May 2020

Lumo Tso & Choe Tso 2020 - ༼ ཡང་རེ་རྩེད། ༽

新歌曲 勒毛措&曲措 央热则 2020 
ཡང་རེ་རྩེད།
ཚིག་དང་དབྱངས། དམངས་ཁྲོད།
ལེན་མཁན། ཀླུ་མོ་མཚོ་དང་ཆོས་མཚོ།



ཡང་རེ་རྩེད། 

ཚིག་དང་དབྱངས། དམངས་ཁྲོད།
ལེན་མཁན། ཀླུ་མོ་མཚོ་དང་ཆོས་མཚོ།

ཨ་རྩེད། ང་རྩེད་གི་རྩེད་གི་དགོང་ལ་འགྲོ།
དགོ་་་་དགོ། དགོང་འབྲུག་ཆུང་རྩེད་ན་ང་རང་རྩེད།
དགོ་་་་་ཡང་རེ་དགོ། རྩེད་་་་ཡང་རེ་རྩེད།

ཨ་རྩེད། ང་རྩེད་གི་རྩེད་གི་རྫ་ལ་འགྲོ།
དགོ་་་་དགོ། རྫ་འབྲོང་མོ་རྩེད་ན་ང་རང་རྩེད།
དགོ་་་་་ཡང་རེ་དགོ། རྩེད་་་་ཡང་རེ་རྩེད།

ཨ་རྩེད། ང་རྩེད་གི་རྩེད་གི་ཁྲོམ་ལ་འགྲོ།
དགོ་་་་དགོ། ཁྲོམ་ན་ཟླ་རྩེད་ན་ང་རང་རྩེད།
དགོ་་་་་ཡང་རེ་དགོ། རྩེད་་་་ཡང་རེ་རྩེད།

Khawa Dhondup & Kawa Tserang 2020

བོད་གཞས། ༢༠༢༠༼དར་རྒུད།༽ལེན་མཁན། ཁ་བ་དོན་འགྲུབ། ཁ་བ་ཚེ་རིང། 
歌手卡瓦东珠&卡瓦东珠最新单曲《兴衰》


དར་རྒུད།

ཚིག། འབའ་དུང་སྲས།
དབྱངས། ཁ་བ་དོན་གྲུབ།

གཞས་པ། ཁ་བ་དོན་གྲུབ།ཁ་བ་ཚེ་རིང་།

མྱི་ལ་དགའ་སྡུག་གཉིས་ཡོད།
དགའ་དུས་རང་ཚོད་ཟིན་དགོས།
སྡུག་དུས་རང་ངོ་ཤེས་དགོས།

འཇིག་རྟེན་མྱི་ཡི་དགའ་སྡུག
སུ་ཡི་སྟེང་ལ་འཁོར་དགོས།

མྱི་ལ་དར་རྒུད་གཉིས་ཡོད།
དར་ན་མཐུན་པོ་ཡོང་དགོས།
རྒུད་ཀྱང་མགོ་བོ་འཇོག་དགོས།

འཇིག་རྟེན་མྱི་ཡི་འཕེལ་འགྱུར།
སུ་ཡི་ཐོག་ལ་འབབ་དགོས།

མྱི་ལ་ཤི་གསོན་གཉིས་ཡོད།
ཤི་ན་འགྱོད་པ་མེད་དགོས།
གསོན་པའི་སྙིང་བོ་ལོན་དགོས།
འཇིག་རྟེན་མྱི་ཡི་སྐྱེ་འཆི།
སུ་ཡི་མགོ་ལ་ཡོང་དགོས།།

13 May 2020

བསོད་ནམས་ཆོས་སྒྲོན། 索南曲珍 Sonam Choedon 2020

索南曲珍最新单曲 2020
ང་ཡི་ཕ་ཡུལ། 《我的故乡》 "My Hometown"
ཚིག རི་ཕྱོར་སྟོབས་ལྡན་རྒྱལ། དབྱངས། བློ་གསལ།
ལེན་མཁན། བསོད་ནམས་ཆོས་སྒྲོན།
索南曲珍 Sonam Choedon



ང་ཡི་ཕ་ཡུལ།
ཚིག རི་ཕྱོར་སྟོབས་ལྡན་རྒྱལ།
དབྱངས། བློ་གསལ།

ལེན་མཁན། བསོད་ནམས་ཆོས་སྒྲོན། 


ང་ཡི་ཕ་ཡུལ་འདི་ཁྲི་ཤོར་རྒྱལ་མོ་ཡིན། མཚེའུ་སྟོང་ཕྲག་འདི་མཚོ་ཡི་ཁྲ་རྒྱན་ཡིན།
ཨ་མས་བཤད་ན་ཡང་གནས་འདིར་སྟོབས་འབྱོར་ལྡན།
དེ་ནི་ཡིག་དྲུག་གི་བྱིན་རླབས་རྫོགས་པས་རེད།
ཨོ། ཕ་ཡུལ་བསྟོད། གངས་ཅན་ལྗོངས་ཀྱི་ངོ་མཚར་བརྗོད།

ང་ཡི་ཕ་ཡུལ་འདི་ཁ་བ་བོད་ཡུལ་ཡིན། བྲེ་སེར་འབྲོང་གཡག་འདི་ཡུལ་གྱི་སྒོ་ཟོག་ཡིན།
མཁའ་ཡི་ཉི་ཟླ་འདི་རིགས་ཀྱི་རྣ་ཆ་ཡིན། འགྲོ་དྲུག་སེམས་ཅན་འདི་ཕ་དང་མ་སྒོམ།
ཨོ། ཕ་ཡུལ་བསྟོད། གངས་ཅན་ལྗོངས་ཀྱི་ངོ་མཚར་བརྗོད།

ང་ཡི་ཕ་ཡུལ་འདི་གངས་ཀྱི་ར་བ་ཡིན། གངས་ཀྱི་ར་བ་ན་མེས་པོའི་བློ་གཤོག་ཡིན།
ཨ་ཕས་བཤད་ན་ནི་གནས་འདིར་བྱིན་རླབས་ཆེ། དེ་ནི་དབྱངས་གྱི་བླ་སྲོག་ཞུགས་པས་ཡིན།
ཨོ། ཕ་ཡུལ་བསྟོད། གངས་ཅན་ལྗོངས་ཀྱི་ངོ་མཚར་བརྗོད།
དེ་ནི་དབྱངས་གསལ་གྱི་བླ་སྲོག་ཞུགས་པས་ཡིན།
ཨོ། ཕ་ཡུལ་བསྟོད། གངས་ཅན་ལྗོངས་ཀྱི་ངོ་མཚར་བརྗོད།