Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label Khawe Methok Tsendep. Show all posts
Showing posts with label Khawe Methok Tsendep. Show all posts

1 Nov 2020

Tsewang Lhamo sherten etc བུ་དཔའ་བོའི་ཕ་ས།

 བུ་དཔའ་བོའི་ཕ་ས། སྨན་མཛེས་མའི་འཁྲུངས་གཞིས།

ཚིག འཇུ་སྐལ་བཟང་། དབྱངས། མགོ་ལོག་རྒྱལ་མཚན། 

ལེན་མཁན། ཤེར་བསྟན། ཚེ་དབང་ལྷ་མོ། རྒྱལ་མཚན། ཁ་བའི་མེ་ཏོག་ཚན་སྡེབ།


བུ་དཔའ་བོའི་ཕ་ས། སྨན་མཛེས་མའི་འཁྲུངས་གཞིས།

ཚིག འཇུ་སྐལ་བཟང་།
དབྱངས། མགོ་ལོག་རྒྱལ་མཚན།
ལེན་མཁན། ཤེར་བསྟན། ཚེ་དབང་ལྷ་མོ། རྒྱལ་མཚན། ཁ་བའི་མེ་ཏོག་ཚན་སྡེབ། 

ཨ་མྱེས་རྨ་ཆེནགཉན་པོ་གཡུ་རྩེ།
ཡུལ་ལྷ་ཡི་དབུ་འཕངས་གཞན་ལས་མཐོ་ས། 
ཨེ་མ། དཔའ་སྡེ་ཁྲ་མོ།
རླུང་རྟ་དང་ཁ་བས་རི་རྩེ་གཡོགས་ས། 
གཞི་བདག་གཉན་པོའི་ཕ་སྐད་ཉན་བཞིན། 
དུས་རབས་ཀྱི་རི་ལུང་ཧང་འགྲོས་ཀྱིས་བཅད།
རྫ་ཆེ་བཙན་གྱི་རྩེ་ན་མེ་ཞགས་འཚུབ་ས། 
རི་འཕན་ཕྱུག་གི་མགོ་ལ་སྤྲིན་པ་འཁོར་ས། 
ལོ་རྒྱུས་ཀྱི་སྤྲིན་རུམ་ན་གློག་དམར་འཁྱུག་ས། 

འཛམ་གླིང་ལ་ཁའི་བདག་པོ།
བུ་རྟ་ལྕགས་ནག་གི་སེར་བ།
རྒོད་སྒྲོ་ཅན་གྱི་ཉག་ཕྲན
བློ་ལྡན་འཆར་ཁའི་ཉི་ཟེར།

ཐང་ཤིང་ཡལ་འདབ་རྒྱས་པའི་ཁོ་ལག
སྡེ་ཁྲ་བོའི་དཀྱིལ་གྱི་སྙིང་བཅུད།
རྒྱབ་རྟེན་རྡོ་རྗེའི་བྲག་རི།
ཁྱོད་ནམ་ཡང་རྟག་གི་སྨོན་ལམ།
ཁྱོད་ནམ་ཡང་རྟག་གི་སྨོན་ལམ།

གེ་སར་རྒྱལ་པོསེང་ལྕམ་འབྲུག་མོ། 
དཔའ་རྒོད་ཀྱི་ང་རོས་འཛམ་གླིང་གཡོ་ས།
ཨེ་མ། ཕྱུག་སྡེ་ཁྲ་མོ།
མཛེས་མ་ཡི་གྲགས་པས་ས་སྟེང་ཁྱབ་ས།
སྐར་ཚོགས་ཁྲ་མོའི་གཞས་དབྱངས་ཉན་བཞིན།
ལྷས་འདབས་ཀྱི་སྨུག་སྤྲིན་རྫི་གླུ་ཡིས་འཚོ།
ལུག་གཡང་དཀར་གྱི་སེར་བ་རི་ལ་འཐོར་ས། 
ནོར་ནག་ཆུང་གི་གྲིབ་སོ་ཤོད་ལ་ལྷུང་ས།
འབྱོར་ཕྱུག་གི་འཚོ་བ་ལ་སྦྲང་རྩི་ཆགས་ས།
སྐྲ་ལན་ཚར་ཅན་གྱི་བུ་མོ
ན་ཆུང་གསེར་ལོ་གཡུ་ལོ། 
སྐྱེ་ལོ་པད་མའི་ལྗོན་པ། 
མེ་ཏོག་ཟིལ་བ་འཐུང་བའི་ཁུ་བྱུག
ལྷས་གྲུ་བཞིའི་དཀྱིལ་གྱི་བ་དན།
བདེ་སྐྱིད་འོ་མའི་ཁ་ཞགས།
ཁྱོད་ཡང་ཡང་སྐྱིད་པའི་སྨོན་ལམ། 
ཁྱོད་ཡང་ཡང་སྐྱིད་པའི་སྨོན་ལམ། 

26 Nov 2019

Khawe Methok Tsendep 2019

Khawe Methok Tsendep "Sun and Moon Pearl"
冰雪姐妹第二张专辑《日月明珠》


22 Nov 2019

''Hometown Golog'' Khawe Methok Tsendep & Sota 2019

ཕ་ཡུལ་མགོ་ལོག། ཁ་བའི་མེ་ཏོག་ཚན་སྡེབ། བསོད་བཀྲ།
故乡果洛 词曲:索扎 演唱:索扎、冰雪姐妹
''Hometown Golog''  Khawe Methok Tsendep & Sota 2019




ཕ་ཡུལ་མགོ་ལོག
故乡果洛  ''Hometown Golog''

词曲:索扎 བསོད་བཀྲ། Sota
演唱:索扎、冰雪姐妹


འདི་ནི་ང་ཚོའི་ལྟེ་ཁྲག་ས་ལ་འཕོ་ས།
འདི་ནི་ང་ཚོའི་ངུ་སྐད་ཐོག་མ་སྒྲོག་ས།
འདི་ནི་ང་ཚོའི་ནམ་ཡང་བརྗེད་པ་མི་སྲིད་པའི་ཕ་ཡུལ།

ངའི་སེམས་ཀྱི་མགོ་ལོག་རྨ་ཆེན་གངས་རི།

འདི་ནི་ང་ཚོའི་ཐོག་མའི་རྨི་ལམ་རྨི་ས།
འདི་ནི་ང་ཚོའི་མཇུག་མཐའི་བདེ་མོ་འཇོག་ས།
འདི་ནི་ང་ཚོར་གཏན་དུ་འབྲལ་བ་མི་སྲིད་པའི་ཡུལ།
ངའི་སེམས་ཀྱི་མགོ་ལོག་གཉན་པོ་གཡུ་རྩེ།

མགོ་ལོག མགོ་ལོག མཛེས་སྡུག་གི་ཕ་ཡུལ།
མགོ་ལོག མགོ་ལོག སེམས་ཁོང་གི་ཕ་ཡུལ།


这里是格萨尔王驰骋的地方
这里是三江源流淌的地方
这里是佛光永远普照的圣地
这里是人们魂牵梦绕的地方
这有阿尼玛卿 雄伟的雪山
这里有年保玉则天神的花园
这里有英雄史诗千年的传唱
这里是人们流连忘返的地方

果洛 果洛 圣地啊故乡
果洛 果洛圣地啊故乡


མགོ་ལོག མགོ་ལོག མཛེས་སྡུག་གི་ཕ་ཡུལ།
མགོ་ལོག མགོ་ལོག སེམས་ཁོང་གི་ཕ་ཡུལ།

21 Jan 2018

Khawe Methok Tsendep 冰雪姐妹 ཁ་བའི་མེ་ཏོག་ཚན་སྡེབ། 2018


Khawe Methok Tsendep's second album
"Sun and the moon Pearl" 2018
冰雪姐妹第二张专辑《日月明珠》2018

 མཁའ་དབྱིངས་ཀྱི་སྐར་ཚོགས། 冰雪姐妹 ཁ་བའི་མེ་ཏོག་ཚན་སྡེབ། Khawe Methok Tsendep 2018



 ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད། 冰雪姐妹 ཁ་བའི་མེ་ཏོག་ཚན་སྡེབ། Khawe Methok Tsendep 2018

18 Dec 2017

冰雪姐妹第二张专辑 Snow Sister's second album

Snow Sister's second album "Sun and the Moon Pearl"
will be released on new year 2018.
冰雪姐妹第二张专辑《日月明珠》
将于新年2018出.
ཁ་བའི་མེ་ཏོག་ཚན་སྡེབ་ཀྱི་གླུ་གཞས་ཆེད་སྒྲིག་གཉིས་པ།
ཉི་ཟླའི་པང་གི་ནོར་བུ། མི་འགྱང་བར་ཐོན་ངེས།






9 Dec 2012

Interview - Khawe Methok Tsendep 2012


Tibetan Band "Kawie Methok Tsendep" Tsering Kyi And her sister Tsering Tso Introduction: wo twin sisters is  a pair of Tibetan singers from Amdo Golok growing in the grasland with colorful culture and nature. Kawie Methok's wonderful singing voice. Through their own efforts, now grown to have a certain knowledge reputation degree and Tibetan pop songs music influence singing group.
 --------------------------------------

Kawie Methok Tsendep 2012 - Methok Kyi Drenlu [ Full Abum ]
Tibetan "Kawie Methok Tsendep " ཁ་བའི་མེ་ཏོག། twin sisters Tsering Kyi and Tsering Tso from amdo Golok  of debut solo album "snow miss" the official released 25/08/2012, the album contains a total of 12 songs auspicious ordinary people(6 songs in Tibetan",


Khawe Methok Band

31 Aug 2012

Khawe Methok new album 2012

Tibetan "Khawe Methok Band" ཁ་བའི་མེ་ཏོག། twin sisters from Qinghai of "snow sisters band" debut solo album "snow miss" the official released 25/08/2012, the album contains a total of 12 songs auspicious ordinary people(6 songs in Tibetan",
Khawe Methok Band