Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label ngudup dolma. Show all posts
Showing posts with label ngudup dolma. Show all posts

16 Apr 2021

Ngudup Dolma 2021 - ལས་ཀྱི་ཁ་དན། | 生命的诺言 欧智卓玛

 དངོས་གྲུབ་སྒྲོལ་མའི་གཞས་གསར། ལས་ཀྱི་ཁ་དན།
欧智卓玛最新歌曲《生命的诺言》




ལས་ཀྱི་ཁ་དན། 

ཚིག གངས་དཔལ། 
དབྱངས། རྟ་མགྲིན་ཚེ་རིང་།
གཞས་མ། དངོས་གྲུབ་སྒྲོལ་མ།

བསྐལ་བ་སྔོན་མ་ཞིག་ལ།
ལས་ཀྱི་རི་མོ་བྲིས་པས། ཐུགས་བསམ་མ་བཞེས་གོང་ལ།
སེམས་དང་བསམ་པ་སྦྲེལ་བྱུང་། སྐྱེ་བ་སྔོན་མའི་ལས་འབྲས།
ད་ཡི་ཚེ་ལ་སྨིན་ན། སྐྱེ་བ་གཞུག་མའི་ལས་ཀྱང་།
ཚེ་མཐའ་སྐྱེལ་རོགས་ཡིན་དགོས།
ཆུང་འདྲིས་སྙིང་གི་ཚི་ལུ། མ་འདྲིས་ཨ་གར་མེ་ཏོག། 
དངུལ་གྱི་རྣ་ལུང་ནང་ནས། གསེར་གྱི་ཉི་མ་འགུལ་བྱུང་།
ཆུང་འདྲིས་སྙིང་ལ་འཁྲུངས་པས། དྲན་ན་མིག་མཐའི་ཆུ་རེད།
མིག་་་་ཆུ་་དྭངས་མོའི་ནང་ནས།
ལྷད་་་མེད་་སྙིང་གཏམ་ཞུས་ཡོང་།

འཇའ་སྤྲིན་སྨུག་ལ་འདྲེས་པ།
གནམ་ས་གཉིས་ཀྱི་འདང་རེད། སྤྲིན་བཟང་དར་གྱི་མདུད་པ།
སྨུག་པ་དྭངས་པའི་མགུར་རེད། ནམ་མཁའ་ཆར་ཆུའི་ངུས་པ།
དོག་མོ་ས་ཡིས་འཐུང་སོང་། གནམ་ས་གའུ་ཁ་སྦྱོར།
ཞེ་འདང་་་་འཇའ་ཡིས་སྦྲེལ་་་་ཡོད།
ཆུང་འདྲིས་སྙིང་གི་ཚི་ལུ། མ་འདྲིས་ཨ་གར་མེ་ཏོག། 
དངུལ་གྱི་རྣ་ལུང་ནང་ནས། གསེར་གྱི་ཉི་མ་འགུལ་བྱུང་།
ཆུང་འདྲིས་སྙིང་ལ་འཁྲུངས་པས། དྲན་ན་མིག་མཐའི་ཆུ་རེད།

25 Jan 2021

Ngudup Dolma 欧智卓玛 དངོས་གྲུབ་སྒྲོལ་མ། 2021

༢༠༢༡ | གཞས་གསར། ང་ཡི་ཚྭ་འདམ་ཕྱུག་མོ། གཞས་མ། དངོས་གྲུབ་སྒྲོལ་མ།

《神奇柴达木》演唱:欧智卓玛 2021




ང་ཡི་ཚྭ་འདམ་ཕྱུག་མོ།

ཚིག སྒོ་མེ་དོན་འགྲུབ་ཚེ་རིང་།
དབྱངས། རྨེ་རུ་བསྟན་འཛིན། 
གཞས་མ། དངོས་གྲུབ་སྒྲོལ་མ།
བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།

ཨ་ཆེན་གངས་ཀྱི་རི་ལ། བཅུད་ཀྱི་སེམས་ཅན་འཁོར་ཡོད།།
གངས་ཆུ་ཤོད་ལ་བབས་ཡོད། གཡུ་ཡི་མཚོ་མོ་འཁྱིལ་ཡོད།།
མཚོ་མཐའ་སྤང་གིས་བརྒྱན་ཡོད། སྤང་ལ་མེ་ཏོག་བཞད་ཡོད།།
ང་ཡི་ཚྭ་འདམ་ཕྱུག་མོ། སྐྱིད་ཀྱི་ཕ་ས་ཕ་ཡུལ།།

རྔམ་བརྗིད་ཁུ་ནུ་རི་བོ། རིན་ཆེན་གཏེར་གྱི་འཇིག་རྟེན།།
སྟོབས་འབྱོར་མངའ་ཐང་རྒྱས་ཡོད། ཆབ་དཔལ་རིག་གནས་དར་ཡོད།།
སྟག་ཤར་བློ་སྤོབས་ཆེ་ས། སྨན་ཤར་གཞུང་རྒྱུད་དྲང་ས།།
ང་ཡི་ཚྭ་འདམ་ཕྱུག་མོ། སྐྱིད་ཀྱི་ཕ་ས་ཕ་ཡུལ།།

མདོ་ལ་རིང་མོའི་རི་རྒྱུད། རི་ཆུ་སྟོང་གིས་བརྒྱན་ཡོད།།
རི་ལ་གངས་དཀར་ཕྱོགས་ལེ། ཆུ་ལ་འཇུ་ལག་གཙང་བོ།།
རི་ཡིས་འབྲོག་ཐང་བསྐྱེད་ཡོད། ཆུ་ཡིས་ཞིང་ཐང་བསྐྱངས་ཡོད།།
ང་ཡི་ཚྭ་འདམ་ཕྱུག་མོ། སྐྱིད་ཀྱི་ཕ་ས་ཕ་ཡུལ།། 

7 May 2020

Ngudup Dolma སེམས་ཀྱི་ནོར་བུ། 2020

欧智卓玛 - 心灵的归宿 2020
སེམས་ཀྱི་ནོར་བུ།
ཚིག། གདུགས་དཀར་ཚེ་རིང་། དབྱངས། དངོས་གྲུབ་སྒྲོལ་མ།
གཞས་མ། དངོས་གྲུབ་སྒྲོལ་མ




སེམས་ཀྱི་ནོར་བུ།

སྤྲིན་དཀར་གྱི་བང་རིམ་ནང་གི་དྲན་པའི་བདུར་བརྩི།
སེམས་པའི་ན་ཟུག་གི་གསོས་སུ་ད་རུང་བཞག་ཡོད།
གལ་ཏེ་འཕྲུལ་སྣང་གི་ཁྱེད་དང་འཛོམས་སྐལ་བྱུང་ན།
མི་ཚེའི་བདེ་སྐྱིད་གྱི་བྲོ་བ་ཡོད་ཚད་ཁྱེད་ལ་སྟེར་ཆོག།
ལྗང་ལོ་དང་ལྷན་དུ་འབུས་པའི་སེམས་གྱི་མེ་ཏོག།
དགུན་ཟླའི་ཙག་རླུང་གི་བར་ནས་ཁྱེད་ལ་བསྒུགས་ཡོད།
གལ་ཏེ་རྨི་ལམ་གྱི་ཁྱོད་དང་འཛོམས་སྐལ་བྱུང་ན།
འཚོ་བའི་བརྩི་བཅུད་གྱི་མངར་ཁ་ཡོད་ཚད་ཁྱེད་ལ་བཞག་ཡོད།
སེམས་ཀྱི་ནོར་བུ་ སེམས་ཀྱི་ནོར་བུ་ སེམས་ཀྱི་ནོར་བུ།

ཡར་རླུང་གི་རླབས་རིས་ཁྲོད་གྱི་བརྩེ་སེམས་དྲོན་མོ།
ལང་ཚོའི་འཛུམ་མདངས་དང་ལྷན་དུ་སེམས་ལ་སྤས་ཡོད།
གལ་ཏེ་སེམས་གཏིང་གི་ཁྱེད་དང་འཛོམས་སྐལ་བྱུང་ན།
གཞས་ཁྱིམ་དྲོན་མོ་འདིའི་ཕྱི་ནང་ཡོད་ཚད་ཁྱེད་ལ་ཕུལ་ཆོག།
སེམས་ཀྱི་ནོར་བུ་ སེམས་ཀྱི་ནོར་བུ།
སེམས་ཀྱི་ནོར་བུ་ སེམས་ཀྱི་ནོར་བུ།
ལྗང་ལོ་དང་ལྷན་དུ་འབུས་པའི་སེམས་ཀྱི་མེ་ཏོག།
སེམས་ཀྱི་ནོར་བུ་ སེམས་ཀྱི་ནོར་བུ།
དགུན་ཟླའི་ཙག་རླུང་གི་ཁྲོད་ནས་ཁྱེད་ལ་བསྒུགས་ནས་ཡོད།