德格叶 卓玛措 《当星河跌进人海》2020
སྡེ་ཆེན་པའི་སྐར་མ།
ཚིག་སྒྱུར་མཁན། སྤུར་སྲས། རོལ་མོ། བཀྲ་ཤིས་རྡོ་རྗེ།
ལེན་མཁན། གདུགས་དཀར་ཡག སྒྲོལ་མ་མཚོ།

སྡེ་ཆེན་པོའི་སྐར་མ།
ཚིག གངས་དཔལ། དབྱངས། རྒྱ་གར་དམངས་གཞས།
ལེན་མཁན། གདུགས་དཀར་ཡག སྒྲོལ་མ་མཚོ།
ལེན་མཁན། གདུགས་དཀར་ཡག སྒྲོལ་མ་མཚོ།
བུ་མོ་ཨ་མ་ལ་མ་སྐྱེས་མེ་ཏོག་ལ་སྐྱེས་བྱུང་།
བུ་མོ་མེ་ཏོག་གིས་སྐྱེས་ཏེ་རྒྱལ་རོང་ལ་བཞད་བྱུང་།
ང་རང་སྦྲང་མ་བཞིན་འཕུར་བའི་ལས་སྐལ་ནི་མེད་ཀྱང་།
ཤི་ནས་སྦྲང་མ་རུ་སྐྱེས་ཏེ་རྒྱལ་རོང་ནས་འཚོ་འདོད།
རྒྱལ་རོང་རྒྱལ་མོ་དངུལ་ཆུ། སྨར་ཁོག་བརྒྱུད་ནས་བཞུར་ན།
ང་རང་རྒྱལ་མོ་དངུལ་ཆུའི། དབའ་ཀློང་ཡིན་ན་བསམ་བྱུང
ང་རང་དབའ་ཀློང་ཡིན་ན། ལང་ལང་འཕྱུར་ནས་བཞུར་ཏེ།
རྒྱལ་རོང་མེ་ཏོག་གློ་ཁ། ཀློང་ལ་དྲངས་ན་ཆོག་ག

སྟག་ཤར་ཨ་མ་ལ་མ་སྐྱེས་ཁུ་ཡུག་ལ་སྐྱེས་བྱུང་།
སྟག་ཤར་ཁུ་ཡུག་གིས་སྐྱེས་ཏེ་མོན་ཡུལ་ནས་གྲག་བྱུང་།
ང་རང་འཇོལ་མོ་བཞིན་འཕུར་བའི་ལས་སྐལ་ནི་མེད་ཀྱང་།
ཤི་ནས་འཇོལ་མོ་རུ་སྐྱེས་ཏེ་མོན་ཡུལ་ནས་འཚོ་འདོད།
མོན་གྱི་ལྕང་གླང་ནགས་ལ། ཚེས་པའི་དབྱར་ཟླ་བཞི་བ།
ཁྱེད་ཀྱི་སེམས་པ་ཡིན་ན། ནགས་ཀྱི་ཚེར་མས་ཅི་སྐྱོན།
མིན་ཡང་དགུན་འགོའི་ཁ་བ། ཁྱེད་ཀྱི་བསམ་པ་ཡིན་ན།
ཙག་ལ་ངར་ཁ་རྒོད་ཀྱང་། རྐང་རྗེན་ཡིན་པས་དྲག་ག

དྲན་པ་མི་སེམས་ལ་མ་སྐྱེས་ངང་བ་ལ་སྐྱེས་བྱུང་།
དྲན་པ་ངང་བ་རུ་སྐྱེས་པ་མཚོ་འགོ་དང་མཚོ་རྔ།
ངང་ཆུང་འུ་གཉིས་ཀྱི་ལས་ལ་ཞེ་འདང་གི་ཆུ་རིས།
དྲན་ཤིང་མཚོ་མོ་ལ་བཞག་པས་གསེར་ཉ་ཡང་ངུས་བྱུང་།
མཚོ་འགོ་སྐོར་བའི་ངང་སེར། མཚོ་རྔ་སྐོར་བའི་ངང་དམར།
མ་ཤི་ཚེ་རིང་བྱུང་ན། འདམ་བུ་ཀ་ར་བཏུས་ཆོག།
ངང་བས་མཚོ་མཐའ་སྐོར་བ། ངང་བ་ངང་བའི་ཆེད་ཡིན།
ངང་བ་བསམ་པ་མིན་ན། མཚོ་ལ་ཆགས་དོན་མི་འདུག

No comments:
Post a Comment