Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label lumo tso. Show all posts
Showing posts with label lumo tso. Show all posts

15 Apr 2021

Lumo Tso 勒毛措 2021

 གླུ་མ་ཀླུ་མོ་མཚོའི་རྐྱང་གཞས་གསར་པ།༢༠༢༡

勒毛措最新单曲 ''殷盛的梓里'' 2021




ཕ་ས་ཕྱུག་མོ། 
ཚིག  འབྲུག་ལྷ་རྒྱལ།
དབྱངས།རིན་ཆེན་དཔལ་བཟང
གཞས་མ།  ཀླུ་མོ་མཚོ། 

ལྷུན་པོའི་རྩེ་ནས་དད་པའི་བསང་ཞིག་ཕུད་ནས།
རླུང་བུ་ལྷོད་ཀྱིས་རྒྱུ་བའི་ཀློང་ལ་ཞུགས་དུས།
སེམས་ཀྱི་དྲོད་ཤ་སྨུག་པའི་རྒྱུན་དང་འགྲོགས་ནས།
སྤང་གི་མེ་ཏོག་བཞད་པའི་དབུས་ལ་སིམ་སོང
རྟ་ནོར་ལུག་གསུམ་རྩེན་པའི་འབྲོག་ཐང་དེ་ནས།
གཡང་གི་འབྲི་མོ་འཇོ་བའི་བཞོ་དབྱངས་སྙན་མོ།
ཞོགས་པའི་རྩྭ་ཟིལ་འཐོར་བའི་འོད་དུ་གྱུར་ཏེ།
འོ་མའི་རྒྱ་མཚོ་འཁྱིལ་བའི་ཀློང་ལ་འཐིམ་སོང
ཨ།  ང་ཡི་ཕ་ས་ཕྱུག་མོ། འོ་མའི་མེ་ཏོག་དཀར་པོ།

གཙང་པོའི་འགྲམ་ནས་དུང་བའི་མཆོད་ཅིག་འཕངས་ནས།
རླབས་ཀྱི་རྩེ་དགའ་དགོད་པའི་ཀློང་ལ་ཞུགས་དུས།
སྙིང་གི་རློན་ཤ་ཆུ་བོའི་རྒྱུན་དང་འགྲོགས་ནས།
ཞིང་གི་སྙེ་རླབས་དགོད་པའི་ཀློང་ལ་སིམ་སོང
གྲོ་ནས་སྲན་གསུམ་སྨིན་པའི་རོང་ཡུལ་དེ་ནས།
འབྲུ་དྲུག་མཛོད་ལ་བསྡུ་བའི་འབྲེག་དབྱངས་སྙན་མོ།
ཉི་མའི་འོད་ཟེར་འཕྲོས་པའི་མདངས་སུ་གྱུར་ཏེ།
ནས་ཀྱི་རྒྱ་མཚོ་འཁྱིལ་བའི་ཀློང་ལ་ཟེགས་སོང་།
ཨ། ང་ཡི་ཕ་ས་ཕྱུག་མོ། ནས་ཀྱི་མཆོད་རྟེན་སེར་པོ།

22 Jan 2021

Lumo Tso & Tenzin Gyal 勒毛措-旦增加

 ཀླུ་མོ་མཚོ་དང་བསྟན་འཛིན་རྒྱལ་གཉིས་ཀྱི་གཞས་གསར༼སྐལ་བཟང་མེ་ཏོག༽

Lumo Tso & Tenzin Gyal's new mv song '' Kalsang Methok'' 2021

勒毛措&旦增加新歌 ''格桑花'' 2021



སྐལ་བཟང་མེ་ཏོག

ཚིག བློ་འཇམ་དབྱངས།
དབྱངས། ཀུན་དགའ་ཚེ་བསྟན།
ལེན་མཁན། ཀླུ་མོ་མཚོ། བསྟན་འཛིན་རྒྱལ།

གངས་རིའི་ཁྲོད་དུ་མཛེས་པའི་སྐལ་བཟང་མེ་ཏོག
གངས་ཆུ་སྔོན་མོའི་གསོས་པའི་སྐལ་བཟང་མེ་ཏོག
ཁྱེད་ནི་གངས་རིའི་མཛེས་ཡིན་སོང་།
ཁྱེད་ནི་གངས་རིའི་རྒྱན་ཡིན་སོང་།
ཨོ་་་  སྐལ་བཟང་མེ་ཏོག
ཨོ་་་  སྐལ་བཟང་མེ་ཏོག

རྩྭ་ཐང་གི་དཀྱིལ་དུ་འཁྲུངས་བའི་སྐལ་བཟང་མེ་ཏོག
སྤང་ལྗོངས་གྱི་རྒྱན་ལ་ཤར་སོང་སྐལ་བཟང་མེ་ཏོག
ཁྱེད་ནི་རྩྭ་ཐང་གི་མཛེས་ཡིན་སོང་།
ཁྱེད་ནི་རྩྭ་ཐང་གི་རྒྱན་ཡིན་སོང་།
ཨོ་་་ སྐལ་བཟང་མེ་ཏོག
ཨོ་་་ སྐལ་བཟང་མེ་ཏོག

མེ་ཏོག་གི་དཀར་དམར་གྱི་ཁྲོད་དུ་སྐལ་བཟང་མེ་ཏོག
ལང་ཚོ་ཡི་འདབས་མ་སྟོང་ལྡན་སྐལ་བཟང་མེ་ཏོག
ཁྱེད་ནི་མེ་ཏོག་གི་མཛེས་ཡིན་སོང་།
ཁྱེད་ནི་མེ་ཏོག་གི་རྒྱན་ཡིན་སོང་།
ཨོ་་་ སྐལ་བཟང་མེ་ཏོག
ཨོ་་་ སྐལ་བཟང་མེ་ཏོག

16 May 2020

Lumo Tso & Choe Tso 2020 - ༼ ཡང་རེ་རྩེད། ༽

新歌曲 勒毛措&曲措 央热则 2020 
ཡང་རེ་རྩེད།
ཚིག་དང་དབྱངས། དམངས་ཁྲོད།
ལེན་མཁན། ཀླུ་མོ་མཚོ་དང་ཆོས་མཚོ།



ཡང་རེ་རྩེད། 

ཚིག་དང་དབྱངས། དམངས་ཁྲོད།
ལེན་མཁན། ཀླུ་མོ་མཚོ་དང་ཆོས་མཚོ།

ཨ་རྩེད། ང་རྩེད་གི་རྩེད་གི་དགོང་ལ་འགྲོ།
དགོ་་་་དགོ། དགོང་འབྲུག་ཆུང་རྩེད་ན་ང་རང་རྩེད།
དགོ་་་་་ཡང་རེ་དགོ། རྩེད་་་་ཡང་རེ་རྩེད།

ཨ་རྩེད། ང་རྩེད་གི་རྩེད་གི་རྫ་ལ་འགྲོ།
དགོ་་་་དགོ། རྫ་འབྲོང་མོ་རྩེད་ན་ང་རང་རྩེད།
དགོ་་་་་ཡང་རེ་དགོ། རྩེད་་་་ཡང་རེ་རྩེད།

ཨ་རྩེད། ང་རྩེད་གི་རྩེད་གི་ཁྲོམ་ལ་འགྲོ།
དགོ་་་་དགོ། ཁྲོམ་ན་ཟླ་རྩེད་ན་ང་རང་རྩེད།
དགོ་་་་་ཡང་རེ་དགོ། རྩེད་་་་ཡང་རེ་རྩེད།

24 Apr 2020

‎ཀླུ་མོ་མཚོ། 勒毛措 lumo tso - རེ་འདུན།祈愿 2020

རེ་འདུན། 祈愿 2020
ཚིག  ཐུབ་བསྟན་པདྨ། གདངས། རྡོ་གྲགས།
གཞས་ལེན་མཁན། ཀླུ་མོ་མཚོ། Lumo Tso





རེ་འདུན།
གཞས་ཚིག  ཐུབ་བསྟན་པདྨ།
གཞས་གདངས། རྡོ་གྲགས།
གཞས་ལེན་མཁན། ཀླུ་མོ་མཚོ།

ལྷ་སའི་པོ་ཏ་ལ་རིར། དཀར་དམར་འདྲེས་པའི་ཕོ་བྲང་།
མེས་པོའི་ཕ་ཁྱིམ་ལྷད་མེད། འགྱིང་ངེར་མཁའ་ལ་ཟུག་ཡོད།

ཇོ་བོ་ཤཱཀྱ་མུ་ནེ། ས་ཡ་དྲུག་གི་མགོན་སྐྱབས།
ལྷ་ལྡན་དག་པའི་ཞིང་དུ། ཏིང་འཛིན་ཟས་ལ་རོལ་ཡོད།
མ་དག་བྱིས་པ་ང་ཡིས། པུས་མོ་ས་ལ་བཙུགས་ཤིང་།

གཙང་པོ་རི་ཚོགས་བརྒལ་ནས། ཇོ་བོ་མཇལ་དུ་གཤེགས་ཡོད།
སྲོང་བཙན་ཞབས་རྗེས་དར་ས། དབུས་གཙང་བསྟན་པའི་འབྱུང་གནས།
མི་འགྱུར་དད་པའི་སྟོབས་ཀྱིས། སྒོ་གསུམ་འདུད་བཞིན་སླེབས་ཡོད།

19 Jan 2020

Lumo Tso 勒毛措 2020

གཞས་མ་ཀླུ་མོ་མཚོའི་གླུ་གཞས་བརྩམས་ཆོས་གསར་བ་སེམས་ཀྱི་སྲུང་མ།
著名女歌手勒毛措新作品集【蓝色家园】现已开通直播
Lumo Tso's  new album '' Blue homes '' releases 27.12.2019





31 Dec 2019

Lumo Tso 勒毛措 new album 2019

Lumo Tso's  new MV song '' The fate of the heart ''
New album '' Blue homes '' releases 27.12.2019
གཞས་མ་ཀླུ་མོ་མཚོའི་གླུ་གཞས་བརྩམས་ཆོས་གསར་བ་སེམས་ཀྱི་སྲུང་མ།
著名女歌手勒毛措新作品集【蓝色家园】现已开通直播 



སེམས་ཀྱི་སྲུང་མ།
ཚིག གངས་དཔལ། གདངས མགར་བསམ་འགྲུབ་ཚེ་རིང༏
གཞས་མ། ཀླུ་མོ་མཚོ།

ངའི་ཕ་ཡུལ་སྒང་བ་བོད་ཡུལ་ན། གངས་དཀར་ཕོའི་རྩེ་མོ་སྥྲིན་ལ་ཟུག།།
ཆུ་གཡུ་ཡི་མ་ཌ་ལ་ལཁྱིལ་ལེར་ཡོད། རྩྭ་ལྗང་ལོར་ཟིལ་བ་ཁྲོམ་ཡོད།།
ངས་ཨ་ལོང་ལ་མོཨ་ལོང་ལེན། ངས་ཡང་ལོང་ཁྲོམ་པའི་ཐུགས་ལ་འཇོག།།
རྡུང་གི་ལ་མོ་ལེན་གོ། ཡང་རེས་ཁྲོམ་ཕ་འགུག་གོ།
ཡུལ་དེ་ནི་ཆུ་ཡི་མཆོད་རྟེན་ཡིན། 


ངའི་ཕ་ཡུལ་སྒང་བ་བོད་ཡུལ་ན། ཤིང་ལྗོན་ཕའི་ལག་བསྒྲིལ་ཁྲིགས་སེར་ཡོད།།
སྤང་མེ་ཏོག་ཁྲ་དམར་ལྡེམས་སེར་ཡོད། རྩྭ་ཀུ་ཤ་ཕྱག་རྒྱ་ཧྲུག་གེར་ཡན།།
ངས་ཨ་ལོང་ལ་མོཨ་ལོང་ལེན། ངས་ཡང་ལོང་ཁྲོམ་པའི་ཐུགས་ལ་འཇོག།།
རྡུང་གི་ལ་མོ་ལེན་གོ། ཡང་རེས་ཁྲོམ་ཕ་འགུག་གོ།
ཡུལ་དེ་ནི་ས་ལའི་སྨན་ལྗོངས་ཡིན།  

ངའི་ཕ་ཡུལ་སྒང་བ་བོད་ཡུལ་གྱི། རི་མཐོན་པོ་བཤིག་ན་གསེར་གྱིས་འཚོབ།།
ཆུ་དྭངས་མོ་རྙོག་ན་འོ་མས་འཚོབ། སྤོང་གོས་ལྗང་གཤག་ན་མར་གྱིས་འཚོབ།།
ངས་ཨ་ལོང་ལ་མོཨ་ལོང་ལེན། ངས་ཡང་ལོང་ཁྲོམ་པའི་ཐུགས་ལ་འཇོག།།
རྡུང་གི་ལ་མོ་ལེན་གོ། ཡང་རེས་ཁྲོམ་ཕ་འགུག་གོ།
ཡུལ་དེ་ནི་ས་ལའི་སྨན་ལྗོངས་ཡིན། 


7 Dec 2019

Lumo Tso new album 勒毛措第二张专辑 2019

གཞས་མ་ཀླུ་མོ་མཚོའི་ཆེད་བསྒྲིགས་གསར་པ།༢༠༡༩
勒毛措第二张专辑【蓝色家园】预告
Lumo Tso' new album '' Blue Hometown '' coming soon…. 
The blue hometown is the spiritual home, the blue hometown is the wings of dreams, the blue hometown is the paradise and the blue hometown is the return of faith. The well-known Tibetan female singer Lumo Tso's new album "Blue Hometown" is about to be release in end of this year 2019! Let's look forward to it together.






23 Nov 2019

Lumo Tso ''Sky'' 2019

《天空 》勒毛措 2019 
Lumo Tso new single '' Sky '' 
ཀླུ་མོ་མཚོའི་གཞས་གསར། མཁའ་དབྱིངས། 





མཁའ་དབྱིངས། 
གཞས་ཚིག ཏཱའི་སི་ཏུ།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་མ། ཀླུ་མོ་མཚོ།


སྟོད་ཀྱི་མངའ་རིས་སྐོར་གསུམ་ནས། ཏི་སེལ་རི་དང་མ་ཕམ་མཚོ།      
བར་གྱི་དབུས་གཙང་རི་བཞི་ནས། ཐང་ལྷ་རི་དང་གནམ་གྱི་མཚོ།

   
སྨད་ཀྱི་མདོ་ཁམས་སྒང་དྲུག་ནས། རྨ་རྒྱལ་རི་དང་མཚོ་ཆེན་བརྒྱད།
རྒྱ་གར་འཕགས་པའི་ཞིང་ས་ནས། ཉེར་བཞིའི་གནས་དང་སོ་ལྔའི་ཡུལ།


འཛམ་གླིང་ས་ཡི་གོང་བུ་ནས། གླིང་ཆེན་བདུན་དང་རྒྱ་མཚོ་བཞི།
མཁའ་དབྱིངས་ནང་མའི་འཁོར་ལོ་ནས། ཉི་ཟླ་གླིང་བཞི་གཟའ་ཆེན་བདུན།


མཁའ་དབྱིངས་བར་མའི་འཁྱིལ་ཆེན་ནས། སྟོང་གསུམ་མི་འཇེད་འཇིག་རྟེན་ཁམས།  
མཁའ་དབྱིངས་ཆེན་པོའི་ཀློང་དཀྱིལ་ནས། སྲིད་པ་སྣོད་གཅུད་ལས་ཀྱི་ཞིང་།

7 Nov 2019

勒毛措 仓央嘉措情歌 2019

Tsangyang Gyatso love song 2019
By Tibetan singer Lumo Tso
仓央嘉措情歌 演唱 勒毛措 
ཚངས་དབྱངས་རྒྱ་མཚོའི་མགུལ་གླུ། ལེན་མཁན། ཀླུ་མོ་འཚོ།



25 May 2019

Lumo Tso 2019


ཀླུ་མོ་མཚོ། སེམས་ཀྱི་མཆོད་དབྱངས། 
勒毛措 独唱高清(心之韵 )





༼  སེམས་ཀྱི་མཆོད་དབྱངས།  ༽
ཚིག འབྲུག་ལྷ་རྒྱལ། དབྱངས། བློ་གསལ། ལེན་མཁན། ཀླུ་མོ་མཚོ།

ཚེ་རབས་འོད་ཀྱི་ཕྲེང་བ་གངས་ལ་བརྒྱུས་ཡོད།
ཐོག་མའི་ལྟེ་ཁྲག་དམར་པོ་སྤང་ལ་འཐིམ་ཡོད།
སྙིང་གི་དམ་བཅའ་བརྟན་པོ་བྲག་ལ་བྲིས་ཡོད།
ངག་གི་སྨོན་ལམ་དག་མོ་ཁྱེད་ལ་བཏབ་ཡོད།
སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང་།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག།
གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།
ལས་ཀྱི་བསོད་ནམས་ཆོས་ལྡན་ཞིང་ལ་བཅོལ་ཡོད།
དད་པའི་རྩེ་མོ་རྣམ་དཀར་ལས་ལ་ཟུག་ཡོད།
འཚར་བའི་ལང་ཚོ་ཆོལ་གསུམ་ཡུལ་ལ་ཕུལ་ཡོད།
མཐའ་མའི་རུས་གོང་གངས་རིའི་ལྗོངས་ལ་དབང་ཡོད།
སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང་།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག།
གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕ་ས་ཕ་ཡུལ། ང་ཡི་གངས་ལྗོངས་ཕྱུག་མོ།
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།


24 Mar 2019

Lumo Tso 勒毛措 ཀླུ་མོ་འཚོ། new song 2019



Lumo Tso 勒毛措 ཀླུ་མོ་འཚོ། 
གཞས་གསར། ༼ མ་སེམས་ཅན་སྐལ་བ་ཇེ་ཡག་རེད། ༽ ཀླུ་མོ་མཚོ།
ཚིག དམངས་ཁྲོད། དབྱངས། པདྨ།  གཞས་མ། ཀླུ་མོ་མཚོ།



༼ མ་སེམས་ཅན་སྐལ་བ་ཇེ་ཡག་རེད། ༽
ཚིག དམངས་ཁྲོད། དབྱངས། པདྨ།  གཞས་མ། ཀླུ་མོ་མཚོ།

ཕ་ཨ་ཁུའི་ལོ་རིས་འབྲུག་ལོ་རེད། འབྲུག་ལོ་རེར་བསྡད་ན་ཇེ་གྲགས་རེད། 
ཆར་ལོ་རེར་བབས་ན་ཇེ་མང་རེད། མ་སེམས་ཅན་སྐལ་བ་ཇེ་ཡག་རེད།

སྤུན་ན་ཟླའི་ལོ་རིས་སྟག་ལོ་རེད། སྟག་ལོ་རེར་བསྡད་ན་ཇེ་བཙན་རེད།
རྒྱབ་གོར་མོ་ཐིག་ལེ་ཇེ་ཡག་རེད། བུ་དཔའ་བོའི་དཔའ་རྩལ་ཇེ་རྒྱས་རེད།

མ་བུ་མོའི་ལོ་རིས་ལུག་ལོ་རེད། ལུག་ལོ་རེར་བསྡད་ན་ཇེ་འཕེལ་རེད།
བལ་ལོ་རེར་བསྡད་ན་ཇེ་མཐུག་རེད། རྒྱུ་སྟོབས་འབྱོར་མངའ་ཐང་ཇེ་རྒྱས་རེད།

30 May 2018

商人赞歌 - 勒毛措

Lumo Tso's new mv song '' Praise businessman '' 2018
ཀླུ་མོ་མཚོའི་གཞས་གསར། ༼ ཚོང་དཔོན་ཡར་བསྟོད། ༽
藏族歌手勒毛措新歌【商人赞歌】



༼ ཚོང་དཔོན་ཡར་བསྟོད། ༽

ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
ལེན་མཁན། ཀླུ་མོ་མཚོ།

ཚོང་དཔོན་ཡག་ལ་ངས་མ་ཡག་མ་རེད་དེས་ཚོང་དཔོན་ཡག་ལ།
ནོར་བུ་ལ་བཟང་པོ་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།
དབུ་ཞྭ་ཡག་ལ་ངས་མ་ཡག་མ་རེད་དབུ་ཞྭ་ཡག་ལ།
ཚེ་རིང་གི་དཀྱིལ་འཁོར་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།
ཚེ་རིང་གི་དཀྱིལ་འཁོར་རེད་ཧྲོག་སེ་ཉིག་ལ་ཧྲོག།

ལུས་གོས་ཡག་ལ་ངས་མ་ཡག་མ་རེད་དེས་ལུས་གོས་ཡག་ལ།
ཚ་རུ་ལ་དཀར་འཇམ་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།
ཀེ་རག་ཡག་ལ་ངས་མ་ཡག་མ་རེད་དེས་ཀེ་རག་ཡག་ལ།
སྐོར་རྒྱ་ཡི་ལེབ་ཆེན་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།
སྐོར་རྒྱ་ཡི་ལེབ་ཆེན་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག། 

ལྷམ་ཆུང་ཡག་ལ་ངས་མ་ཡག་མ་རེད་དེས་ལྷམ་ཆུང་ཡག་ལ།
འབུར་ལེན་གྱི་མཇའ་ཆེན་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།
ལྷམ་སྒྲོག་ཡག་ལ་ངས་མ་ཡག་མ་རེད་དེས་ལྷམ་སྒྲོག་ཡག་ལ།
གབ་ཙེ་ལ་དགུ་སྐོར་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།
གབ་ཙེ་ལ་དགུ་སྐོར་རེད་རྩེ་མོའི་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག།

21 Mar 2018

Lumo Tso 勒毛措 ཀླུ་མོ་འཚོ། 2018

 པི་ཝང་དཀྲོལ་བཞིན། ཚིག   མགོ་ལོ་བཀྲ་ཤིས་རྡོ་རྗེ། དབྱངས 
པད་མ། ལེན་མཁན།  ཀླུ་མོ་མཚོ། 藏族歌手勒毛措 2018




པི་ཝང་དཀྲོལ་བཞིན།  ཚིག   མགོ་ལོ་བཀྲ་ཤིས་རྡོ་རྗེ།
དབྱངས  པད་མ།ལེན་མཁན།  ཀླུ་མོ་མཚོ།
藏族歌手 勒毛措 2014

12 Feb 2018

藏族著名女歌手勒毛措 - 雪域藏家姑娘 2018

由藏族著名女歌手勒毛措
''雪域藏家姑娘'' 2018
我们永远在一起
Tibetan singer Lumo Tso new song
'' Tibetan Girl ''
album '' We'll be together forever "


གངས་ལྗོངས་བོད་པའི་བུ་མོ།
ཚིག  དྲུང་ཡིག་རབ་ཁོས། དབྱངས  ན་ནས།
ལེན་མཁན། ཀླུ་མོ་འཚོ། Lumo Tso

22 Dec 2017

Lumo Tso & Ahta 阿扎&勒毛措

阿扎&勒毛措最新单曲《恋人》
Lumo Tso & Ahta new MV song ''Lover''
ཐུ་བྷོད་ཨ་བཀྲ། ཀླུ་མོ་མཚོ། ༼སྙིང་སྡུག༽





སྙིང་སྡུག

ལེན་མཁན། ཐུ་བྷོད་ཨ་བཀྲ། ཀླུ་མོ་མཚོ། 
ཚིག ཆོས་གྲགས། དབྱངས། ཆོས་གྲགས།


སྤང་ལྡུམ་རའི་ནང་ལ་འཆམ་འཆམ་ཕྱེན། །
ལས་བཟང་པོའི་དབང་གིས་ཁྱེད་དང་འཕྲད། །
སེམས་དགའ་བའི་སྙིང་གཏམ་ཁྱེད་ལ་བཤད། །
དུས་ད་ལྟ་མེད་དུས་སེམས་རེ་སྐྱོ། །
སྙིང་སྡུག་ལགས་གང་དུ་ཡོད། །
སྙིང་སྡུག་ལགས་ཁྱེད་རང་དྲན། །
སྙིང་སྡུག་ལགས་གང་དུ་ཡོད། །
སྙིང་སྡུག་ལགས་ཁྱེད་རང་དྲན། །


མཐོ་རི་བོའི་སྟེང་ནས་གཞས་ཤིག་བཏང༏ །
ཁྱེད་དྲན་པའི་གླུ་ཆུང་སྤྲིན་ལ་སྐུར། །
སེམས་སྐྱོ་བའི་གླུ་ཆུང་ཐོས་ན་བསམ། །
ཁྱེད་གང་དུ་བཞུགས་ཡོད་ཆུང་འདྲེས་ལགས། །
སྙིང་སྡུག་ལགས་གང་དུ་ཡོད། །
སྙིང་སྡུག་ལགས་ཁྱེད་རང་དྲན། །
སྙིང་སྡུག་ལགས་གང་དུ་ཡོད། །
སྙིང་སྡུག་ལགས་ཁྱེད་རང་དྲན། །
སྙིང་སྡུག་ལགས་ཁྱེད་རང་དྲན། །