Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

18 Nov 2020

Sonam Choedon 索南曲珍 བསོད་ནམས་ཆོས་སྒྲོན། 2020

 འབྲོག་མོའི་བརྩེ་བ།
ཚིག ཚེ་རིང་བཀྲ་ཤིས། དབྱངས། བློ་གསལ།
གཞས་མ། བསོད་ནམས་ཆོས་སྒྲོན།
索南曲珍最新歌曲《牧女之恋》2020


འབྲོག་མོའི་བརྩེ་བ།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། བློ་གསལ།
གཞས་མ། བསོད་ནམས་ཆོས་སྒྲོན།

ཁྲ་ཆུང་མིག་གི་མཐའ་ལ།། 
འཛུམ་ཆུང་མེ་ཏོག་བཞད་ཡོད།། 
བརྩེ་བའི་སེམས་ཀྱི་མེ་ལོང་།། 
ཉི་མའི་འོད་ཀྱིས་བྲན་ཡོད།། 

ཚིག་སྒོ་དབྱངས་ཅན་ངག་ལ།། 
ཁྲེལ་དང་ཕྱི་ཐག་འཁྱིལ་ཡོད།།
བརྩེ་བའི་གླུ་སྐད་དྭངས་མོ།།
རི་དང་གཙང་པོར་འབྱམས་ཡོད།།

འབྲོག་མོས་ཕ་ས་སྲུང་ཡོད།། 
ཕ་ས་གླུ་ཡིས་སྲུང་ཡོད།།
བརྩེ་བའི་གཡུ་ཆུང་དྲུག་དཀར།།
གཏན་གྱི་མི་ལ་གནང་ཡོད།།

No comments: