Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

15 Dec 2019

Nam Tso 南措 2019

གཞས་མ་གནམ་མཚོའི་གཞས་གསར།༼ཁྱེད་རང་མེད་པའི་མཚན་མོ།༽
南措最新歌曲【没有你的夜晚】 
Nam Tso's new song '' The night without you'' 2019




ཁྱེད་རང་མེད་པའི་མཚན་མོ།
ཚིག  འཇིག་གྲོལ།
གདངས།  རྟ་མགྲིན་ཚེ་རིང་།
གཞས་མ།   གནམ་མཚོ།

ཆར་བ་ཤག་ཤག་འབབ་པའི་མཚན་མོ་དེར།
ཁ་པར་བརྡ་རྟགས་མེད་པའི་མཚན་མོ་དེར།
རྒྱང་རིང་གི་ཁྱེད།
ཁེར་རྐྱང་འཚོ་བའི་ཁྲོད་ནས་ཁྱེད་རང་དྲན།


ཟླ་འོད་མཐོང་རྒྱུ་མེད་པའི་མཚན་མོ་དེར།
སྐར་མའི་མཛེས་སྡུག་མེད་པའི་མཚན་མོ་དེར།
རྒྱང་རིང་གི་ཁྱེད།
མུན་ནག་འཚོ་བའི་ཀློང་ནས་ཁྱེད་རང་དྲན།


དྲན་གདུང་ལྗི་མོས་མནན་པའི་མཚན་མོ་དེར།
ཡོད་ཚད་ཁྱེད་ལ་བཅངས་བའི་མཚན་མོ་དེར།
རྒྱང་རིང་གི་ཁྱེད།
ཡ་ཆུང་གངས་དཀར་ཀློང་ནས་ཁྱེད་རང་དྲན།

No comments: