Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

31 Mar 2020

Anu Ranglug - ཁྱོད་ལས།། 源自你 rom You

Anu Ranglug's new song   '' Fron You '' 源自你2020
ཁྱོད་ལས།
དབྱངས། ཨ་ནུ་རིང་ལུགས། ཏན་ཏན།
ཚིག་དང་ལེན་མཁན། ཨ་ནུ་རིང་ལུགས།  






ཁྱོད་ལས།
དབྱངས། ཨ་ནུ་རིང་ལུགས། ཏན་ཏན།
ཚིག་དང་ལེན་མཁན། ཨ་ནུ་རིང་ལུགས།  


ང་ཡི་སེམས་ཀྱི་ཁ་ཕྱོགས་དེ་ཁྱོད་རང་ལས་ཀྱང་མེད་དོ།།
ང་ཡི་ལམ་གྱི་སྒུལ་ཤུགས་དེ་ཁྱོད་ཀྱིས་སྦྱིན་པ་ཡིན་ནོ།།
ང་ཡིས་གཏང་བའི་གླུ་གཞས་ཀྱི་སྙིང་བོ་རང་གིས་སྦྱར་རོ།།
ང་ཡི་དམར་ཆུང་སེམས་པ་དང་རྣམ་ཤེས་རང་ལ་འབུལ་ལོ།།
ཁྱོད་རང་ལ་བཅོལ་བའི་སེམས་དེ། དུས་ཉིན་རེ་ཉིན་ནས་རྒྱས།
འདས་པའི་དུས་ཀྱི་ཡོད་ཚད་དྲན་པར་འབྱམས་སོང༏
དབྱུགས་ཐབས་ཞིག་མེད་འདུག།
འབའ་ཞིག་དེ་ཡིན་པས། དབྱུགས་ཐབས་ཞིག་མེད་འདུག།
ཁོ་ན་དེ་ཡིན་པས། ནམ་ཡང་དབྱུགས་ཐབས་ཞིག་མེད་འདུག།

བར་ཐག་དེ་ཡང་ཇེ་འགྱངས།  ཇེ་འགྱངས། ཇེ་འགྱངས། ཇེ་འགྱངས།
ཁྱོད་རང་དང་ཡང་ཇེ་འགྱངས། ཇེ་འགྱངས། ཇེ་འགྱངས་རེད།
ང་ཡི་སེམས་ཀྱི་ཁ་ཕྱོགས་དེ་ཁྱོད་རང་ལས་ཀྱང་མེད་དོ།།
ང་ཡི་ལམ་གྱི་སྒུལ་ཤུགས་དེ་ཁྱོད་ཀྱིས་སྦྱིན་པ་ཡིན་ནོ།།
ང་ཡིས་གཏང་བའི་གླུ་གཞས་ཀྱི་སྙིང་བོ་རང་གིས་སྦྱར་རོ།།
ང་ཡི་དམར་ཆུང་སེམས་པ་དང་རྣམ་ཤེས་རང་ལ་འབུལ་ལོ།།
ངས་རང་ལ་ལྡོག་ལན་དྲིས་པ། གཏམ་རྒྱུད་དེ་རྫོགས་སོང་ངམ།
ངས་རང་ལ་ཡང་ནས་ཡང་ནས་དྲིས་པ།
ཡོད་ཚད་དེ་ཁ་སང་ལ་ལུས་ཚར་རམ།
ཁྱོད་ནི་ནམ་ཡང་ཕྱིར་དྲན་གྱི་མེ་ཏོག།
བདག་གི་གཏམ་རྒྱུད་གཏིང་རིམ་ལ་བཞད་ཡོད།
ལས་དེ་ལྷ་ཡིས་གནང་བ་ཡི་ལེགས་སྐྱེས།
ཚེ་འདིར་མཛེས་པའི་ཚོས་མདངས་ལ་བཤམས་ཡོད།
ཁྱོད་རང་ཡང་ཡིད་སེམས་སྐྱོ་བ་མ་གཏོང༏
ཡོད་ཚད་དེ་་གཏམ་རྒྱུད་ཁྲོད་དུ་གནས་ཡོད།
ང་ཡི་སེམས་ཀྱི་ཁ་ཕྱོགས་དེ་ཁྱོད་རང་ལས་ཀྱང་མེད་དོ།།
ང་ཡི་ལམ་གྱི་སྒུལ་ཤུགས་དེ་ཁྱོད་ཀྱིས་སྦྱིན་པ་ཡིན་ནོ།།
ང་ཡིས་གཏང་བའི་གླུ་གཞས་ཀྱི་སྙིང་བོ་རང་གིས་སྦྱར་རོ།།
ང་ཡི་དམར་ཆུང་སེམས་པ་དང་རྣམ་ཤེས་རང་ལ་འབུལ་ལོ།།
ང་ཡི་སེམས་ཀྱི་ཁ་ཕྱོགས་དེ་ཁྱོད་རང་ལས་ཀྱང་མེད་དོ།།
ང་ཡི་ལམ་གྱི་སྒུལ་ཤུགས་དེ་ཁྱོད་ཀྱིས་སྦྱིན་པ་ཡིན་ནོ།།
ང་ཡི་སེམས་ཀྱི་ཁ་ཕྱོགས་དེ་ཁྱོད་རང་ལས་ཀྱང་མེད་དོ།།
ང་ཡི་ལམ་གྱི་སྒུལ་ཤུགས་དེ་ཁྱོད་ཀྱིས་སྦྱིན་པ་ཡིན་ནོ།།
ང་ཡིས་གཏང་བའི་གླུ་གཞས་ཀྱི་སྙིང་བོ་རང་གིས་སྦྱར་རོ།།
ང་ཡི་དམར་ཆུང་སེམས་པ་དང་རྣམ་ཤེས་རང་ལ་འབུལ།



No comments: