Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

27 Feb 2020

Dege Dayong 2020 - Youth fate

གཞས་མ་སྡེ་དགེ་ཟླ་གཡངའི་༢༠༢༠ལོའི་གཞས་གསར། '' གཞོན་པའི་ལས་དབང་།'' 
德格达拥新歌 '' 青春缘分''  2020
Dege Dayong new single '' Youth fate'' 




གཞོན་པའི་ལས་དབང་།
  ཚིགས       རྒྱལ་སྲས།
 དབྱངས      ཚེ་རིང་དཔག་བསམ།
ལེན་མཁན     སྡེ་དགེ་ཟླ་གཡང༏

དྲན་པའི་འཇིག་རྟེན་འདི་རུ་ནམ་ཡང་བརྗེད་དུ་མེད་པའི།
ཞེ་མཐུན་སྙིང་གི་རོགས་ལོ་ལས་ཀྱི་བགོ་སྐལ་ཡིན་ནམ།
ཁྱོད་དང་བརྩེ་བའི་མདུད་པ་འབྲེལ་མཚམས་དམ་ལྷོད་བར་དུ།
སྨན་ཆུང་གཞོན་པའི་སེམས་ལ་གས་ཆག་ཤོར་ཤོར་བྱས་སོང་།
ཨ་ལ་ཡེ་་་་ ཨ་ལ་ཡེ་་་་།
སྨན་ཆུང་གཞོན་པའི་སེམས་ལ་གས་ཆག་ཤོར་ཤོར་བྱས་སོང་།

ཁྱོད་ཉིད་སྙིང་ལ་བབ་ན་སྙིང་གི་ཕྱེད་ཀ་ཡིན་འགྲོ།
བྱུ་རུ་དམར་པོའི་ནོམ་པ་ཁྱེར་ནས་དལ་མོར་ཕེབས་བྱུང་།
མི་ཚེ་དགའ་རེས་སྐྱོ་རེས་གཞོན་པའི་ལས་དབང་ཡིན་འགྲོ། 
སེམས་དང་སེམས་པ་འདྲེས་ན་གཏན་གྱི་འདུན་མར་བཅོལ་ཆོག།
ཨ་ལ་ཡེ་་་་ ཨ་ལ་ཡེ་་་་།
སེམས་དང་སེམས་པ་འདྲེས་ན་གཏན་གྱི་འདུན་མར་བཅོལ་ཆོག།

འདུ་འབྲལ་སྒྱུ་མའི་གྲོང་གི་ཁེར་འགྲོ་རྣམ་ཤེས་འཁྱམ་པོ།
ལས་ཀྱིས་བཀོད་པའི་མི་ལ་སེམས་པ་གཅར་འདོད་ལོས་ཡོད།
ཨ་ཇོའི་སེམས་པ་སྲ་མོ་རྡོ་ལས་གྲུབ་པ་མིན་ན།
བུ་མོའི་བརྩེ་བ་དམར་པོ་ཆུ་བོའི་གཞུང་ལ་མ་སྐྱུར།
ཨ་ལ་ཡེ་་་་ ཨ་ལ་ཡེ་་་་།
བུ་མོའི་བརྩེ་བ་དམར་པོ་ཆུ་བོའི་གཞུང་ལ་མ་སྐྱུར།

No comments: