Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

Showing posts with label patse darkyi. Show all posts
Showing posts with label patse darkyi. Show all posts

17 Sept 2019

藏族歌手巴赞·达吉首张个人专辑《美》

གཞས་མ་འབའ་རྩ་དར་སྐྱིད་ཆེས་ཐོག་མའི་ཆེད་སྒྲིག
藏族歌手南措 巴赞·达吉首张个人专辑《美》
Tibetan singer Namtso Patse Darkyi's first solo album "Beauty"



མི་ཚེའི་དབྱངས་རྟ།
གཞས་ཚིག གློ་དམར།
དབྱངས:བསོད་ནམས་རིན་ཆེན
གཞས་མ:གནམ་མཚོ་དང་དར་སྐྱིད།

མི་ཚེའི་ལམ་ཕྲན་ཀྱ་ཀྱུ་གཙང་བོ་འདྲ།
གཙང་བོའི་ངོགས་ན་ང་ཡི་ལང་ཚོ་ཡོད།
རི་དང་ལ་མོ་ག་ཙམ་བརྒལ་ན་ཡང༏
ང་ཡི་འདུན་པ་ད་དུང་རྒྱང་ན་ཡོད།
ཧེ། ཧོ། མི་ཚེའི་དབྱངས་རྟ།
དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ།
ནང་སེམས་ཀྱི་སྟེང་ལ་འཐོར་འགྲོ།

སེམས་ཀྱི་འདུན་པ་ཞོགས་པའི་ཉི་རྩེ་འདྲ།
ཉི་རྩེའི་གསེབ་ན་ང་ཡི་སྙིང་རུས་ཡོད།
གེགས་དང་བར་ཆད་ཅི་ཙམ་བྱུང་ན་ཡང༏
སེམས་ཀྱི་འདུན་པ་སྔར་བཞིན་དྭངས་གཙང་ཡིན།
ཧེ། ཧོ། མི་ཚེའི་དབྱངས་རྟ།
ལྷོད་མེད་ཀྱི་གོམ་ཆུང་གསེབ་ལ།
ན་ཟུག་གི་རི་མོ་བབ་འདུག།

དགའ་སྐྱོ་གང་བྱུང་སྔོན་མའི་ལས་ཀྱིས་བྱས།
སེམས་འདུན་གང་འགྲུབ་ད་ལྟའི་རང་ལ་ཐུག།
བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེས་གཟིགས།
གོམ་ཆུང་ག་ལེར་མདུན་ནས་མདུན་དུ་སྤོ།
ཧེ། ཧོ། མི་ཚེའི་དབྱངས་རྟ།
ཚེ་སྲོག་གི་བྲག་རི་བརྟན་ཤོག།
ཕུགས་འདུན་གྱི་གཙང་བོ་རིང་ཤོག།