རོང་ཆེན་གཅན་ཚ།
ཚིག། ཞོ་ར་ཀླུ་རྒྱལ་དོན་འགྲུབ།དབྱངས། གནམ་ལྷ་ཐར།
གཞས་མ། ལྷ་དཀར་སྒྲོལ་མ།

རྫ་མཐོན་པོ་སྲིན་པོའི་འདབས་རོལ་ན། ཆུ་རྨ་ཆུ་ལི་མ་གཡས་སུ་འཁྱིལ།
སྟོད་འབྲོག་གི་སྤང་ཐང་ཕྱུགས་ཀྱིས་ཁེངས། སྨད་རོང་གི་ཞིང་ས་འབྲུ་ཡིས་བལྟམས།

ལྡོང་ཚ་ཆེན་བཙན་པོའི་བུ་རྒྱུད་རྣམས། དཔའ་མཐེབ་རྩལ་སྐྱེན་པོ་གློག་ལྟར་འཁྱུགས།
མཛངས་བློ་རིག་རྒོད་པོ་མེ་བཞིན་མཆེད། ཐབས་ཤེས་རབ་སྤུ་གྲིའི་སོ་བཞིན་རྣོ།

རྨ་ལི་མའི་འགྲམ་གྱི་སྨན་ཤར་རྣམས། མཛེས་ལང་ཚོ་དགུང་གི་འཇའ་རིས་འདྲ།
བཟང་ཤེས་རྒྱ་འོད་ཀྱི་གུར་ཁང་འདྲ། ལག་ལས་ཀ་གཡང་ཁྱིམ་ཀ་བ་འདྲ།

རོང་གཅན་ཚ་མདའ་མོ་གཡང་རྫོང་ན། ཕོ་དགྲ་ལྷ་ཅན་ལ་མདའ་དབང་འབྱོར།
མ་བྱང་སེམས་ཅན་ལ་ཟས་གཡང་འཕེལ། སྐྱིད་འཚོ་བ་གཡང་མདའི་དཔལ་ལ་འཁུ།

No comments:
Post a Comment