སྨོན་འདུན་སེམས་ཀྱི་དར་དཀར། ཚིག འབྲོག་ཁ་མང་། གདངས། དགེ་བྷེ། ལེན་མཁན། དགེ་བྷེ། རང་དབང་ལྷ་མོ།
Gaybay & Rangwang Lhamo 2021
格白VS让旺拉姆 纯洁祈愿之音 2021
སྨོན་འདུན་སེམས་ཀྱི་དར་དཀར།
ཚིག འབྲོག་ཁ་མང༏ གདངས། དགེ་བྷེ།
ལེན་མཁན། དགེ་བྷེ། རང་དབང་ལྷ་མོ།
དྲོ་ནི་ཉི་མ་དྲོ་བྱུང་། གསལ་ཡང་ཉི་མ་གསལ་བྱུང་།
འཛམ་གླིང་ཉི་སེར་པོ། ནམ་ཡང་ཤར་བར་གནོངས་དང་།
དཀར་ནི་ཟླ་བ་དཀར་བྱུང་། བསིལ་ཡང་ཟླ་བ་བསིལ་བྱུང་།
དཀར་གསལ་དུང་ཟླ་དཀར་པོ། ནམ་ཡང་ཤར་བར་གནོངས་དང་།
བཀྲ་ཤིས་བརྩེགས་པ་འདྲ་པའི། བཀྲ་ཤིས་དབྱངས་ཀྱི་མཆོད་པ།
ཁ་བ་གངས་ཀྱི་ལྗོངས་ནས། སྙན་མོ་ངག་ལ་བཀུག་ཡོད།
སྤྲིན་དཀར་འདབས་མ་འདྲ་བའི། སྨོན་འདུན་ཡིད་ཀྱི་དར་དཀར།
ཁ་བ་གངས་ཅན་ལྗོངས་ནས། ལྷ་དར་ཚུལ་དུ་འཐེན་ཡོད།
གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབས་བརྒྱད།
བར་ལ་བཀྲ་ཤིས་རྟགས་བརྒྱད། གངས་ཅན་ལྗོངས་ལ་འཛོམས་ཡོད།
No comments:
Post a Comment