Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

2 Feb 2021

Tsewang Lhamo & Choekyi 2021

 ༢༠༢༡ལོའི་རྐྱང་གཞས་གསར་བ། དྲན་པའི་རྒྱབ་རི།

泽旺拉姆&曲吉最新单曲「故此而念」2021





དྲན་པའི་རྒྱབ་རི།

ཚིག། གཡག་གྲུ་གཟིངས། དབྱངས་ནམ་མཁའ།
ལེན་མཁན། ཚེ་དབང་ལྷ་མོ་དང་ཆོས་སྐྱིད།

མི་ཚེའི་རྣང་ཞིང་གྲུ་བཞི་ལ། འཛུམ་པ་མེ་ཏོག་བཞད་འདྲ་དགོས།
དྲིན་ཆེན་ཕ་མ་གཉིས།  ཉི་ཟླ་རྙེད་མེད་ཡིན།    
ཨ་ཧ།  དྲིན་ཆེན་གྱི་ཕ་མ།
ཁྱེད་ནི་སྐྱིད་དུས་མཁོ་བའི་ནོར་བུ་ཡིན།  ཕ་མ་ལགས།
ཁྱེད་ནི་སྡུག་དུས་དྲན་པའི་རྒྱབ་རི་ཡིན།  ཕ་མ་ལགས།

འཁོར་བའི་ཉི་ཁུག་དྲོ་ས་རུ།  ཐུགས་ཀྱིས་ཉི་ཟླ་འཚོས་ནས་ཡོད།
དྲིན་ཆེན་དགེ་རྒན་ལགས།   ལམ་གྱི་སྒྲོན་མེ་ཡིན།  ཨ་ཧ།
དྲིན་ཆེན་གྱི་དགེ་རྒན། ཁྱེད་ནི་མུན་པ་སེལ་བའི་ཉི་མ་ཡིན།
དགེ་རྒན་ལགས། ཁྱེད་ནི་ལམ་ནས་རྙེད་པའི་ནོར་བུ་ཡིན། 
དགེ་རྒན་ལགས། 

མི་སེམས་གཅིག་ལ་བརྒྱུས་དུས་ན།  
ཟྭ་དང་ལྡེ་མིག་མཐུན་འདྲ་དགོས། ལས་ཀྱི་གྲོགས་པོ་ལགས། 
དྲན་པའི་རྟེན་ཕུར་ཡིན།  ཨ་ཧ། བརྩེ་ལྡན་གྱི་གྲོགས་པོ། 
ཁྱེད་ནི་དབྱར་ལ་བཞད་པའི་མེ་ཏོག་ཡིན། གྲོགས་པོ་ལགས། 
ཁྱེད་ནི་དགུན་ལ་རྙེད་པའི་མེ་ཕུང་ཡིན། གྲོགས་པོ་ལགས།

No comments: