Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

8 Feb 2021

Sherten & Tenzin Kunsang 2021 - | 唱起歌 谢旦 旦增贡桑

 ཤེར་བསྟན་དང་བསྟན་འཛིན་ཀུན་བཟང་གཉིས་ཀྱི་རྐྱང་གཞས་གཞས་གསར།

''唱起歌''  谢旦 旦增贡桑 2021


‎གླུ་ཞིག་ལེན།  
ཚིག གཙང་རིགས་སྐལ་བཟང་རྣམ་འདྲེན། 
དབྱངས། ཤེར་བསྟན་། 
ལེན་མཁན། ཤེར་བསྟན་། བསྟན་འཛིན་ཀུན་བཟང་།

ཟླ་གསུམ་པ་སང་ཉིན་ཚེས་གི་ཟེར། 
བྱ་ཁུ་ལོ་གནང་ཉིན་ཐོན་གི་ཟེར།
ཆར་སིལ་མའི་རྒྱུན་ཆད་མེད་གི་ཟེར། 
གཏམ་དེ་ཚོ་གོ་ན་སྐྱིད་ཅིག་རེད།

དར་དཀར་པོ་སང་ཉིན་འགྲོ་གི་ཟེར། 
མཚོ་ལྗང་ལོའི་ཁ་མདོག་དྭངས་གི་ཟེར།
དུང་དཀར་ལི་ལྷང་ལ་འབུད་གི་ཟེར། 
གཏམ་དེ་ཚོ་གོ་ན་སྐྱིད་ཅིག་རེད།

སྐྱིད་དེ་ཚོ་བསམ་ནས་གླུ་ཞིག་ལེན། 
དགུན་ལྷོ་སྤྲིན་སང་ཉིན་ཐོན་གི་ཟེར།
འབྲུག་ལྗང་ལོ་ནང་ན་ཡོད་གི་ཟེར། 
སྐད་སྙན་མོས་སྟོང་གསུམ་ཁྱབ་གི་ཟེར།
གཏམ་དེ་ཚོ་གོ་ན་སྐྱིད་ཅིག་རེད། 

སྐྱིད་ཉི་མ་སང་ཉིན་ཤར་གི་ཟེར། 
དྲིན་ཨ་མ་གནངས་ཉིན་བྱོན་གི་ཟེར། 
གསུང་སྙན་མོའི་དངོས་གྲུབ་གནང་གི་ཟེར། 
གཏམ་དེ་ཚོ་གོ་ན་སྐྱིད་ཅིག་རེད། 
སྐྱིད་དེ་ཚོ་བསམ་ནས་གླུ་ཞིག་ལེན།


No comments: