Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

8 Nov 2020

Sherten 2020 谢旦新歌

2020 谢旦新歌《我们永远在路上》

ང་ཚོ་ནམ་ཡང་ལམ་དུ་ཆས་ཡོད། ཚིག  
ཁྲི་སེམས་དཔའ། བཙན་བུ། དབྱངས་དང་རོལ་མོ། གླིང་རྒྱལ་འཆི་མེད་ཚེ་རིང་། 
ལེན་མཁན། ཤེར་བསྟན།

Sherten's new song ''We are always on the way'' 2020





ང་ཚོ་ནམ་ཡང་ལམ་དུ་ཆས་ཡོད།


ཚིག  ཁྲི་སེམས་དཔའ། བཙན་བུ།
དབྱངས་དང་རོལ་མོ། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། ཤེར་བསྟན།

རླུང་བུ་ལྡང་རུང༏ ཆར་བ་བབས་རུང་། ང་ཚོ་ནམ་ཡང་ཁྱོད་དང་མཉམ་དུ་ཡོད།
ཁྱོད་ཀྱི་བདེ་སྡུག་བསམས་ནས་ཡོང་། ཁྱོད་ཀྱི་དགའ་སྐྱོ་དྲན་ནས་ཡོང་།
ང་ཡི་གངས་རི། ང་ཡི་རྩྭ་ཐང༏ མི་ཚེའི་ལམ་བུ་མདུན་དུ་བསྲིངས་ཡོད།
འགན་འཁྲི་དེ་ཕྲག་ཏུ་ཁུར་ནས། ཕུགས་བསམ་དེ་ཡིད་ལ་བཅངས་ནས་ཡོད།
ང་ཚོ་མཐོན་པོ་སྒང་ལ་འགོས་མྱོང་། ང་ཚོ་དམའ་མོ་གཞོང་ལ་བབས་མྱོང་།
ལོ་དང་ཟླ་བའི་འཕེལ་འགྲིབ། ང་ཚོས་སྨྱུག་རྩེར་འདྲེན་བཞིན།
ང་ཚོ་ནམ་ཡང་ལམ་དུ་ཡོད། ང་ཚོ་ནམ་ཡང་ལམ་དུ་ཆས་ཡོད།

ཁ་བ་བབས་རུང༏ གྲང་ངར་ཆེ་རུང་། ང་ཚོ་ནམ་ཡང་ཁྱོད་དང་མཉམ་དུ་ཡོད།
ཁྱོད་ཀྱི་བདེ་སྡུག་བསམས་ནས་ཡོང་། ཁྱོད་ཀྱི་དགའ་སྐྱོ་དྲན་ནས་ཡོང་།
ང་ཡི་ཕ་ཡུལ། ང་ཡི་སྤུན་ཟླ། ལང་ཚོའི་གཤོག་པ་རྒྱང་དུ་བརྐྱངས་ཡོད།
བདེ་སྡུག་དེ་སེམས་ལ་རུམ་ནས། ཡིད་ཆེས་དེ་ཁོག་ལ་བཅུག་ནས་ཡོད།
ང་ཚོ་ཡངས་པའི་རྩྭ་ཐང་འགྲིམས་མྱོང་། ང་ཚོ་གཙང་པོའི་རབ་ཁ་བརྒལ་མྱོང་།
ཉིན་དང་མཚན་གྱི་ཁ་མདོག ང་ཚོས་བརྙན་དུ་ཕབ་བཞིན།
ང་ཚོ་ནམ་ཡང་ལམ་དུ་ཡོད། ང་ཚོ་ནམ་ཡང་ལམ་དུ་ཆས་ཡོད།

No comments: