Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

6 Nov 2020

Tsering Lhamo 2020 父母恩情 才让拉毛

ཕ་མའི་དྲིན་ལན།  

ཚིག བསོད་རྡོ།  དབྱངས།  པ་སངས།  གཞས་མ། ཚེ་རིང་ལྷ་མོ

父母恩情  才让拉毛 2020




བོད་གངས་ཅན་བུ་དང་བུ་མོ་ཚོ། དྲིན་ཕ་མའི་དྲིན་ལན་ཡིད་ལ་ཟུངས།།
དྲིན་ཕ་མའི་དྲིན་ལན་རི་ལས་མཐོ། རི་ཧི་མ་ཡའི་དཔངས་ལས་མཐོ།།
ན་གཞོན་བུ་དང་བུ་མོ་ཚོ། བུ་དང་བུ་མོ་ཚོ།།
དྲིན་ཕ་མའི་བཀའ་དྲིན་དེ་ལས་ལྷག།
དེ་བསམ་བཞིན་ཕ་མར་བདག་སྐྱོང་བྱོས།།
བདག་བྱོས་དང་ཁྱེད་ཀྱི་མས་བསོད་རྒྱས།།

བོད་གངས་ཅན་བུ་དང་བུ་མོ་ཚོ། དྲིན་ཕ་མའི་དྲིན་ལན་སེམས་ལ་ཟུངས།།
དྲིན་ཕ་མའི་དྲིན་ལན་མཚོ་ལས་ཟབ།། མཚོ་གཡུ་མཚོ་སྔོན་གཏིང་ལས་ཟབ།།
ན་གཞོན་བུ་དང་བུ་མོ་ཚོ། བུ་དང་བུ་མོ་ཚོ།།
དྲིན་ཕ་མའི་བཀའ་དྲིན་དེ་ལས་ལྷག།
དེ་བསམ་བཞིན་ཁ་ལེན་ཚིག་བརྩི་བྱོས།།
ཚིག་རྩིས་དང་ཁྱེད་ཀྱི་རླུང་རྟ་དར།།

བོད་གངས་ཅན་བུ་དང་བུ་མོ་ཚོ། དྲིན་ཕ་མའི་བཀའ་དྲིན་སེམས་ལ་ཟུངས།།
དྲིན་ཕ་མའི་དྲིན་ལན་མཁའ་ལས་ཡངས། དགུང་ཨ་སྔོང་མཁའ་འཛད་མེད་འདྲ།།
ན་གཞོན་བུ་དང་བུ་མོ་ཚོ། བུ་དང་བུ་མོ་ཚོ།།
དྲིན་ཕ་མའི་བཀའ་དྲིན་དེ་ལས་ལྷག།
དེ་བསམ་བཞིན་བརྩེ་བའི་གཉོར་སྐྱོང་བྱོས།།
དེ་སྐྱོངས་དང་ཁྱེད་ཚེ་ཐག་རིང་།
ན་གཞོན་བུ་དང་བུ་མོ་ཚོ། བུ་དང་བུ་མོ་ཚོ།།
དྲིན་ཕ་མའི་བཀའ་དྲིན་དེ་ལས་ལྷག།
དེ་བསམ་བཞིན་བརྩེ་བའི་གཉོར་སྐྱོང་བྱོས།།
དེ་སྐྱོངས་དང་ཁྱེད་ཚེ་ཐག་རིང་།

No comments: