༢༠༢༠ལོ། པད་མ་དང་དབང་མོ་བདེ་ཆེན་གཉིས་ཀྱི་གཞས་གསར།
སྟོང་བཙན་ངོ་མཚར་ཆེ།
གཞས་ཚིག གསེར་བྲག། སྨུག་པོ། གཞས་གདངས། པད་མ།
白玛VS文毛代青新歌《神奇东赞》2020
སྟོང་བཙན་ངོ་མཚར་ཆེ།
གཞས་ཚིག གསེར་བྲག། སྨུག་པོ།
གཞས་གདངས། པད་མ།
གཞས་པ། པད་མ། དབང་མོ་བདེ་ཆེན།
འཛམ་གླིང་སྤྱི་བོའི་གཙུག་ཏུ། ཤེས་རིག་དར་ཆ་བསྒྲེངས་པའི།།
སྟོང་བཙན་ལྷ་ཡི་སྙིང་སྟོབས། ཨེ་མ་སྙིང་ནས་བཀུར་རོ།།
སྟོང་བཙན་ལྷ་ཡི་སྙིང་སྟོབས། ཨེ་མ་སྙིང་ནས་བཀུར་རོ།།
འགྲོ་བ་སེམས་ཅན་རྒྱུད་ན། སངས་རྒྱས་བཞུགས་པ་མཇལ་བའི།།
སྟོང་བཙན་གསང་སྔགས་ལྟ་བ། ཨེ་མ་སྙིང་ནས་བཀུར་རོ།།
སྟོང་བཙན་གསང་སྔགས་ལྟ་བ། ཨེ་མ་སྙིང་ནས་བཀུར་རོ།།
སྟོང་བཙན་ལྷ་ཡི་ཕྱག་རྒྱ། སྟོང་བཙན་མི་ཡི་རིག་གནས།།
སྟོང་བཙན་ང་ཡི་སྒྱུ་རྩལ། སྟོང་བཙན་ངོ་མཚར་ཆེའོ།།
མ་གྱུར་སེམས་ཅན་ཐམས་ཅད། ཚེ་སྲོག་འདྲ་མཉམ་མཐོང་བའི།།
སྟོང་བཙན་ཞི་བདེའི་དགོངས་པར། ཨེ་མ་སྙིང་ནས་བཀུར་རོ།།
སྟོང་བཙན་ཞི་བདེའི་དགོངས་པར། ཨེ་མ་སྙིང་ནས་བཀུར་རོ།།
ཁམས་གསུམ་འཁོར་བའི་བྱུང་བ། ཚོན་གྱིས་གཟིགས་སུ་བཀོད་པས།།
སྟོང་བཙན་རིག་པའི་རྩལ་ཆེན། ཨེ་མ་སྙིང་ནས་བཀུར་རོ།།
སྟོང་བཙན་རིག་པའི་རྩལ་ཆེན། ཨེ་མ་སྙིང་ནས་བཀུར་རོ།།
སྟོང་བཙན་ལྷ་ཡི་ཕྱག་རྒྱ། སྟོང་བཙན་མི་ཡི་རིག་གནས།།
སྟོང་བཙན་ང་ཡི་སྒྱུ་རྩལ། སྟོང་བཙན་ངོ་མཚར་ཆེའོ།།
No comments:
Post a Comment