Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

28 Oct 2020

Dukar Yak གདུགས་དཀར་ཡག། 德格叶 2020

 

དབྱིངས་ཀྱི་རྗེ་མོ།

ཚིག  རིག་ལྡན་ཉི་མ། དབྱངས་དང་ལེན་མཁན། གདུགས་དཀར་ཡག

Dukar Yak  德格叶 2020 ''缘起之心''




དབྱིངས་ཀྱི་རྗེ་མོ།
ཚིག  རིག་ལྡན་ཉི་མ། དབྱངས་དང་ལེན་མཁན། གདུགས་དཀར་ཡག

ཨ་སྐྱེ་བ་མེད་པའི་ཆོས་དབྱིངས་ལས། 
བྱམས་སྙིང་རྗེའི་གཟུགས་སུ་འཕོས་པ་ཡི།
མ་རྗེ་བཙུན་སྒྲོལ་མ་ཚེ་ཡི་ལྷ།
དུས་ཀུན་ཏུ་མགོན་སྐྱབས་མ་གཡེལ་ཅིག
ཨ་ཧོ་ཡེ། ཨ་མ་རྗེ་བཙུན་སྒྲོལ་མ།

མ་འཁོར་འདས་དབྱིངས་ཀྱི་རྗེ་མོ་ལ།
ངོ་མཚར་བའི་མཆོད་རྫས་སྣ་ཚོགས་འདི།
གླུ་སྙན་མོའི་དབྱངས་དང་བསྡེབས་ནས་འབུལ།
བཀྲ་ཤིས་པའི་མེ་ཏོག་མཁའ་ནས་འཐོར།

མ་འཁོར་འདས་དབྱིངས་ཀྱི་རྗེ་མོ་ལ།
ངོ་མཚར་བའི་མཆོད་རྫས་སྣ་ཚོགས་འདི།
གླུ་སྙན་མོའི་དབྱངས་དང་བསྡེབས་ནས་འབུལ།
བཀྲ་ཤིས་པའི་མེ་ཏོག་མཁའ་ནས་འཐོར།

ཨ་ཧོ་ཡེ་ངོ་མཚར་གླུ་ཡིས་མཆོད།
ཨེ་མ་ཧོ་བཀྲ་ཤིས་དགེ་མཚན་ཤར།
ཕྱི་གནས་ཡུལ་དྷུ་མ་ཐ་ལའི་གྲོང༏
ནང་རང་བྱུང་མཁའ་སྤྱོད་དག་པའི་ཞིང༏
ཨ་ཧོ་ཡེ། ཨ་མ་རྗེ་བཙུན་སྒྲོལ་མ།


No comments: