Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

25 Oct 2020

Yangchuk Tso 杨秀措 王妃 2020

 ཨ་ཅེ་འབྲུག་མོ། 

གཞས་ཚིག  ཆབ་འགག་རྡོ་རྗེ་ཚེ་རིང་། གཞས་གདངས།  གཡང་ཕྱུག་མཚོ། 

ལེན་མཁན། གཡང་ཕྱུག་མཚོ།

杨秀措 原创的新歌《王妃》MV 2020



ཨ་ཅེ་འབྲུག་མོ།

གཞས་ཚིག  ཆབ་འགག་རྡོ་རྗེ་ཚེ་རིང༏
གཞས་གདངས།  གཡང་ཕྱུག་མཚོ།
 ལེན་མཁན། གཡང་ཕྱུག་མཚོ།

བཅུ་དྲུག་ན་ཆུང་བུ་མོ།  ཨ་ཅེ་སེང་ལྕམ་འབྲུག་མོ།
ཞལ་རས་གསེར་གྱི་མེ་ལོང༏ སྟོན་གསུམ་ཟླ་བ་ལྷ་མོ།
མཛེས་སྡུག་གདོང་གི་འཛུམ་དཀར། མཚར་སྡུག་ཟླ་ལས་མཛེས་སོང་།
ཟླ་བ་ལྷ་མོ་སྐྱེངས་ནས། ལྷ་ཡུལ་ཁམས་ལ་བྲོས་སོང་།
ཨ་ལ་ཨ་ཅེ་འབྲུག་མོ། ཞལ་རས་ཟླ་ལས་མཛེས་སོང་།
ཟླ་བ་ལྷ་མོ་སྐྱེངས་ནས། ལྷ་ཡུལ་ཁམས་ལ་བྲོས་སོང་།

བཅུ་དྲུག་ན་ཆུང་བུ་མོ། ཨ་ཅེ་སེང་ལྕམ་འབྲུག་མོ།
སྐུ་གཟུགས་གསེར་གྱི་རི་མོ། དབྱར་གསུམ་འཇའ་ཚོན་ལྷ་མོ།
མཛེས་སྡུག་གར་གྱི་སྟངས་སྟབས། མཚར་སྡུག་འཇའ་ལས་མཛེས་སོང་།
འཇའ་ཚོན་ལྷ་མོ་སྐྱེངས་ནས། ལྷ་ཡུལ་ཁམས་ལ་བྲོས་སོང་།
ཨ་ལ་ཨ་ཅེ་འབྲུག་མོ། སྐུ་གཟུགས་འཇའ་ལས་མཛེས་སོང་།
འཇའ་ཚོན་ལྷ་མོ་སྐྱེངས་ནས། ལྷ་ཡུལ་ཁམས་ལ་བྲོས་སོང་།
ཨ་ལ་ཨ་ཅེ་འབྲུག་མོ། སྐུ་གཟུགས་འཇའ་ལས་མཛེས་སོང་།
འཇའ་ཚོན་ལྷ་མོ་སྐྱེངས་ནས། ལྷ་ཡུལ་ཁམས་ལ་བྲོས་སོང་།

No comments: