Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

28 Aug 2020

Pema Tso & Akun 2020

 藏族青年歌手阿根与白玛措共同打造的最新单曲《妙音之琴》2020

The latest single "Melody" by young Tibetan singer Akun and Pema Tso 

༢༠༢༠ ལོའི་གཞས་གསར། སྒྲ་དབྱངས་ལྷ་མོའི་རོལ་ཆ། 

ཨ་ཀུན། པདྨ་མཚོ།  ཚིག་དང་དབྱངས། ནམ་མཁ།


སྒྲ་དབྱངས་ལྷ་མོའི་རོལ་ཆ། 
ཚིག་དང་དབྱངས། ནམ་མཁ།
ལེན་མཁན། ཨ་ཀུན། པདྨ་མཚོ། 

མཆོད་ལ་མཆོད་ཆང་ཡག་པོ།
མཆོད་ཆང་བདུད་རྩི་བསིལ་མ།
བཞེས་ལ་བཞེས་གཡང་ཡག་པོ། 
བཞེས་གཡང་རྨ་འབྲུག་ཁ་སྤྲོད།
དགའ་དགའ་སྐྱིད་སྐྱིད།
སྐྱིད་སྐྱིད་དགའ་དགའ།
བཀྲ་ཤིས་མཆོད་ཆང་ཁ་ནས།
བདེ་ལེགས་བསྭོ་སྒྲ་བསྭོ་སོང༏
བསྭོ་སྒྲ་བསྭོ་སོང༏ 
བཀྲ་ཤིས་བདེ་ལེགས།
བསྭོ་སྒྲ་བསྭོ་སོང་གི་ལོ།
 
གཞས་ལ་གཞས་གདངས་སྙན་མོ།
གཞས་གདངས་ཁུ་བྱུག་མགྲིན་དབྱངས།
སྒྲ་ལ་སྒྲ་དབྱངས་སྙན་མོ།
སྒྲ་དབྱངས་ལྷ་མོའི་རོལ་ཆ།
དགའ་དགའ་སྐྱིད་སྐྱིད།
སྐྱིད་སྐྱིད་དགའ་དགའ།
སྙན་མོའི་གཞས་ཆུང་ཁྲོད་ནས།
དགའ་བའི་བསྭོ་སྒྲ་བསྭོ་སོང༏
བསྭོ་སྒྲ་བསྭོ་སོང༏
བཀྲ་ཤིས་བདེ་ལེགས།
བསྭོ་སྒྲ་བསྭོ་སོང་གི་ལོ།

23 Aug 2020

Samdup Tsering & Sherten 谢旦和三智才让 2020

ཤེར་བསྟན་དང་བསམ་འགྲུབ་ཚེ་རིང་། ༼ ‎སྙིང་གི་ནོར་བུ། ༽ ༢༠༢༠

གཞས་ཚིག སྨན་བླ་སྐྱབས། གཞས་གདངས། འཇམ་དབྱངས་བསྟན་འཛིན།

གཞས་པ། ཤེར་བསྟན། མགར་བསམ་འགྲུབ་ཚེ་རིང་། 

谢旦和三智才让最新合唱《心肝宝贝》


སྙིང་གི་ནོར་བུ།
ཚིག སྨན་བླ་སྐྱབས།
དབྱངས། འཇམ་དབྱངས་བསྟན་འཛིན།
གཞས་པ། ཤེར་བསྟན། བསམ་འགྲུབ་ཚེ་རིང་།

ཆར་པ་འབབ་ན་བོབས་ཤོག
ཐིགས་ཆུ་འཐིག་ན་ཐིགས་ཤོག
སྙིང་སྡུག་ནོར་བུའི་གདོང་གི
མིག་ཆུ་འཐོར་བ་མ་རེད།
ཨོ་་་་་་སྙིང་སྡུག་སྙིང་གི་ནོར་བུ།
ནོར་བུའི་གདོང་གི་ནོར་བུ།   
འཐོར་ན་སེར་སྣ་ཆེ་བ།
སྙིང་གི་ནོར་བུ།

སྤྲིན་པ་ལངས་ན་ལོངས་ཤོག
སྨུན་པ་འཐིབ་ན་ཐིབས་ཤོག
སྙིང་སྡུག་ནོར་བུའི་སྙིང་ལ།
སྨྲེང་པ་འཐིབ་པ་མ་རེད།
ཨོ་་་་་་སྙིང་སྡུག་སྙིང་གི་ནོར་བུ།
སྙིང་སྡུག་སྙིང་ལ་སྨྲེང་པ།  
འཐོར་ན་སེར་སྣ་ཆེ་བ།
སྙིང་གི་ནོར་བུ།

22 Aug 2020

Gadro Linka 3 欢乐大林卡 - Introduce 介绍参与成员

དགའ་སྤྲོའི་གླིང་ག། སྐབས་གསུམ་པ། ༢༠༢༠ 

Kamba Satellite TV Happy Dalinka Season  3

Introducing participating members

康巴卫视欢乐大林卡第三季 介绍参与成员 2020


18 Aug 2020

Norbu Samdup ནོར་བུ་བསམ་གྲུབ། 罗布桑珠 2020

 ནོར་བུ་བསམ་གྲུབ་ལགས་ཀྱི་གཞས་གསར་མཛེས་སྡུག་ས་གཞི།

Norbu Samdup's new mv song '' Beautifull Planet '' 2020

藏族歌手罗布桑珠的新歌《美丽星球》



མཛེས་སྡུག་ས་གཞི།
ཚིག་དང་དབྱངས་ལེན་མཁན། ནོར་བུ་བསམ་གྲུབ།

མཛེས་སྡུག་གི་ས་གཞི་འདི་ལ་ང་ཚོས་གཏོར་སྐྱོན་བཏང་བས།
འཚོ་གནས་བྱེད་པའི་ས་གཞི་འདི་ནི་སྔར་བཞིན་མཛེས་སྡུག་འདི་བསྡད་མེད།
ཟང་ཟིང་གི་སྤྱི་ཚོགས་འདི་ལ་འདོད་རྔམ་དང་བཅས་ཀྱིས་ཁེངས་པའི་སྐྱེ་བོ་ཚོ།
ལས་འབྲས་ཀྱི་འཁོར་བའི་ནང་ལ་ཚུད་པའི་འགྲོ་བ་མི་དང་།
རྒྱུ་དང་འབྲས་བུར་མ་སྲུང་ཉོན་རྨོངས་དུག་གསུམ་འཁྲུལ་སྣང་ཁེངས་པའི་མི།
ཡ་ང་བའི་སྤྱི་ཚོགས་འདི་ལ།
ཡིད་སྐྱོ་བའི་མིག་ཆུ་བུ་ངའི་སེམས་ནས་ལྷུང་།
འཁོར་བ། ཁྱེད་ནམ་ཡང་འཁོར་ངེས། 
ལས་འབྲས་འཁོར་བའི་ནང་ལ་འཁོར་ནས།
དྭངས་གཙང་གི་མཁའ་རླུང་མེད་པ།
ཡ་ང་བའི་སྲོག་ཆགས་བསད་པ།
སེམས་བཟང་ལ་ཁོག་ངན་བཅངས་པ།
སྐྱུག་བྲོ་བའི་འགྲོ་བ་མི་ཡི་རིགས།
Ye... ཚུར་ལ་གསན་དང་བུ་ངས་བཏང་བའི་གླུ་གཞས་འདི། 
Ye.........
དཀར་གཙང་ལྷད་མེད་འགྲོ་བ་མི་དེ།
ད་ཆ་དམར་ཟས་དགའ་བའི་འདྲེ་ལ་གྱུར།
གནའ་སྔ་མོའི་མི་དང་རང་བྱུང་ཁམས་ཀྱི་ཞི་བདེའི་ཡུལ་དེ།
ཞེ་སྡང་། ཕྲག་དོག་གཏི་མུག་མ་ཟད་སྙིང་རྗེ་མེད་པའི་སྐྱེ་བོ་ཚོ།
དྭངས་གཙང་གི་ས་གཞི།
ད་ཆ་སྨག་རུམ་དང་མུན་པས་ཁེངས་པའི་ཡུལ་ལ་གྱུར།
འཁོར་བ། ཁྱེད་ནམ་ཡང་འཁོར་ངེས། 
ལས་འབྲས་འཁོར་བའི་ནང་ལ་འཁོར་ནས།
དྭངས་གཙང་གི་མཁའ་རླུང་མེད་པ།
ཡ་ང་བའི་སྲོག་ཆགས་བསད་པ།
སེམས་བཟང་ལ་ཁོག་ངན་བཅངས་པ།
སྐྱུག་བྲོ་བའི་འགྲོ་བ་མི་ཡི་རིགས།
Ye.... ཚུར་ལ་གསན་དང་བུ་ངས་བཏང་བའི་གླུ་གཞས་འདི། 
Ye……
སྔོ་ལྗང་ས་གཞི་བྱིའུ་ཆུང་གསུང་སྐད་སྙན་པ།
ཤང་ཤང་སྐྱིད་ཆུ་སྔོན་མོ་རྐང་འགྲམ་རྒྱུག
ཨ་སྔོན་གནམ་མཁའི་དབྱིངས་སུ་གསོལ་བ་བཏབ་པས།
མཛེས་སྡུག་ས་གཞི་ནམ་ཡང་གནས་གྱུར་ཅིག
སྤྲོ་སྣང་དང་ལྡན་པའི་འཇིག་རྟེན།
བདེ་སྐྱིད་ཀྱི་དགོད་སྒྲས་ཁེངས་པ།
ངོ་མཚར་བའི་རང་བྱུང་ཁམས་དང་།
སེམས་ཅན་གྱི་འཚོ་གནས་བཟང་བ།
ལས་འབྲས་ལ་སྲུང་བའི་མི་རྣམས།
བྱམས་སེམས་ཀྱི་སྙིང་རྗེ་ལྡན་པ།
དེ་ཨེ་མ་ཇི་འདྲའི་མཛེས་པའི།
འགྲོ་བ་ཀུན་གྱི་འཚོ་གནས་བྱེད་པའི་ཡུལ།
Ye... ཚུར་ལ་གསན་དང་བུ་ངས་བཏང་བའི་གླུ་གཞས་དེ།
Ye…….

16 Aug 2020

Golok Gyaltsen 果洛尖参 & 加杨措 2020

 དགེ་སློབ་འཛོམས་གླུ། རྒྱལ་མཚན། འཇམ་དབྱངས་མཚོ། 

师徒歌 演唱 尖参和 加杨措 2020



དགེ་སློབ་འཛོམས་གླུ།

ཚིག དམེ་ཚང་རྟ་ཁོ། དབྱངས།  མགོ་ལོག་རྒྱལ་མཚན།
གཞས་པ། མགོ་ལོག་རྒྱལ་མཚན། འཇམ་དབྱངས་མཚོ།
ང་ཡི་སློབ་དཔོན་དམ་པ། ཁྱེད་ནི་ཉི་འོད་ཡིན་པས།
རི་རྩེ་གསེར་གྱིས་ཤན་ཡོད། སློབ་བུ་ང་ཡི་བློ་ལ།
འོད་ཀྱི་དངོས་གྲུབ་བསྩལ་ཡོད།


ང་ཡི་སློབ་བུ་བཟང་པོ། རི་རྩེའི་ཉི་འོད་སེར་པོ།
ཁྱོད་ཀྱི་མི་གཤིས་ཡིན་དགོས། གསེར་དང་འདྲ་བའི་མི་གཤིས།།
ཚེ་འདིའི་ནོམ་གྱི་མཆོག་ཡིན།

ང་ཡི་སློབ་བུ་བཟང་པོ། རི་རྩེའི་དུང་ཟླ་དཀར་པོ།
ཁྱོད་ཀྱི་ལྷག་བསམ་ཡིན་དགོས། དུང་དང་འདྲ་བའི་ལྷག་བསམ།
གུས་པ་ཀུན་གྱི་མཆོག་ཡིན།

ང་ཡི་སློབ་དཔོན་དམ་པ། ཁྱེད་ནི་ཟླ་བ་ཡིན་པས།
རི་རྩེ་དུང་གིས་ཤན་ཡོད། སློབ་བུ་ང་ཡི་གཤིས་ལ།
འོ་མའི་ངང་རྒྱུད་གནང་ཡོད།

ང་ཡི་སློབ་དཔོན་དམ་པ། ཁྱེད་ནི་ཁུ་བྱུག་ཡིན་པས།
གནས་འདིར་དཔྱིད་དཔལ་བསུས་ཡོད།
སློབ་བུ་ང་ཡི་ངག་ལ། དབྱངས་ཅན་བྱིན་རླབས་བསྩལ་ཡོད།། 

ང་ཡི་སློབ་བུ་བཟང་པོ། ཁུ་བྱུག་སྔོན་མོའི་གྲེ་འགྱུར།། 
ཁྱོད་ཀྱི་ངག་སྒོ་ཡིན་དགོས། ངག་ལ་དྲངས་བའི་སེམས་སྒྲ།
སྙན་པ་ཀུན་གྱི་མཆོག་ཡིན།།


卓玛吉 Dolma Kyi སྒྲོལ་མ་སྐྱིད། 2020

 སྒྲོལ་མ་སྐྱིད་ཀྱི་གཞས་གསར། དགའ་ལངས་ཆ་ལངས།༽ ༢༠༢༠

ཚིག   ཞི་བདེ་ཉི་མ། དབྱངས། སྒྲོལ་མ་སྐྱིད། ལེན་མཁན། སྒྲོལ་མ་སྐྱིད།

Tibetan singer Dolma Kyi's new mv song 

卓玛吉的最新歌曲《嘎朗恰朗》



དགའ་ལངས་ཆ་ལངས།

ཚིག   ཞི་བདེ་ཉི་མ། དབྱངས། སྒྲོལ་མ་སྐྱིད།
ལེན་མཁན། སྒྲོལ་མ་སྐྱིད།

སྲིད་པའི་རི་ལ་མཆོད་པ་དགོས་ལེ་མིན།
རི་ལ་ཁ་བ་བབས་ན་མཆོད་པ་རེད།
རང་གིས་མ་མཆོད་ལྷུན་གྱིས་འགྲུབ་ནོ་འདི།
ཁྱོད་དང་ང་ཚོའི་རྒྱབ་རི་དཀར་དཀར་རེད།
ཨ་གཡང་གིས་མཆོད། གཡང་ལོང་གིས་བཞུགས།
རྒྱབ་རི་དཀར་དཀར་ཡིན་ན་དགའ་ལངས་ཆ་ལངས།
སེམས་རྒྱུད་དཀར་དཀར་ཡིན་ན་དགའ་ལངས་ཆ་ལངས།

གཙང་བོ་ཆུ་ལ་མཆོད་པ་དགོས་ལེ་མིན།
ཆུ་ལ་མེ་ཏོག་ཤར་ན་མཆོད་པ་རེད།
རང་གིས་མ་མཆོད་ལྷུན་གྱིས་འགྲུབ་ནོ་འདི།
ཁྱོད་དང་ང་ཚོའི་གསོལ་ཆུ་དྭངས་མོ་རེད།
ཨ་གཡང་གིས་མཆོད། གཡང་ལོང་གིས་བཞུགས།
གསོལ་ཆུ་དྭངས་མོ་དགའ་ལངས་ཆ་ལངས།
ཆུ་རྒྱུན་གངས་ལ་བྱས་ན་དགའ་ལངས་ཆ་ལངས།

གཡང་ཁྱིམ་གྲུ་བཞིར་མཆོད་པ་དགོས་ལེ་མིན།
སྐྱིད་ལ་ཕ་མ་བཞུགས་ན་མཆོད་པ་ཡིན།
ཐབས་ཀྱིས་མ་བསྒྲིག་ལྷུན་གྱིས་འགྲུབ་ནོ་འདི།
ཁྱོད་དང་ང་ཚོའི་བསོད་ནམས་རང་འགྲིག་རེད།
ཨ་གཡང་གིས་མཆོད། གཡང་ལོང་གིས་བཞུགས།
མི་གཡང་ཁྱིམ་ལ་བཞུགས་ན་དགའ་ལངས་ཆ་ལངས།
མི་རྒྱུས་ལྷ་ལས་ཡག་ན་དགའ་ལངས་ཆ་ལངས།

13 Aug 2020

Lhakyi 2020 - Ancient barley grain སྲིད་པའི་ནས་འབྲུ། 古老的青稞粒

 Lhakyi new single 2020 ''Ancient barley grain'' 

  ༢༠༢༠ལོ། གླུ་མ་ལྷ་སྐྱིད་ཀྱི་གླུ་དབྱངས་གསར་བ། སྲིད་པའི་ནས་འབྲུ། སྲིད་པའི་ནས་འབྲུ། 

藏族女歌手拉吉【古老的青稞粒 】2020



སྲིད་པའི་ནས་འབྲུ།

གཞས་ཚིག སྨན་བླ་སྐྱབས།
གཞས་གདངས།  གླིང་རྒྱལ་འཆི་མེད་ཚེ་རིང་།
གཞས་མཁན། ལྷ་སྐྱིད།

ཡར་ཀླུང་ཕུ་ནས་གཡུ་ཡི་བྱ་གཅིག་འཕུར་ནས་ཡོང་།
གཡུ་བྱ་སྔོན་མོ་གཡུ་གཞུང་ཐང་ལ་བབས་ནས་ཡོང་།
སྔོན་མོ་ནས་ཀྱི་རྣམ་ཤེས་ས་ལ་གཏོར་ནས་ཡོང་།
བྱམས་དང་སྙིང་རྗེའི་ས་བོན་ཕྱོགས་སུ་འབུས་འདྲ་ཡོད།
ཨོ། སྲིད་པའི་ནས་འབྲུ་བོད་ཀྱི་འབྲུ།
རྩ་བའི་བླ་མའི་བུམ་རྫས་ཉན་པ་ཡོད།
མགོ་ནག་བོད་པའི་ཁ་ཟས་ཉན་པ་ཡོད།

ཡར་ཀླུང་ཕུ་ནས་དུང་གི་བྱ་གཅིག་འཕུར་ནས་ཡོང་།
དུང་བྱ་དཀར་མོ་དུང་རིའི་ཟོམ་ལ་བབས་ནས་ཡོང་།
དཀར་མོ་ནས་ཀྱི་རྣམ་ཤེས་ས་ལ་གཏོར་ནས་ཡོང་།
བྱམས་དང་བརྩེ་བའི་འོད་སྣང་ཕྱོགས་སུ་མཆེད་འདྲ་ཡོད།
ཨོ། སྲིད་པའི་ནས་འབྲུ་བོད་ཀྱི་འབྲུ།
རྩ་བའི་བླ་མའི་བུམ་རྫས་ཉན་པ་ཡོད།
མགོ་ནག་བོད་པའི་ཁ་ཟས་ཉན་པ་ཡོད།

8 Aug 2020

Lhalong Tso ཧོར་གཙང་ལྷ་ལུང་འཚོ། 霍尔仓拉浪措 2020

 ཧོར་གཙང་ལྷ་ལུང་འཚོའི་གཞས་གསར་བ། ༼ཟུང་དཀར་ཇ་ཡི་མཆོད་པ།༽ ༢༠༢༠ 

霍尔仓拉浪措《拥茶敬贵人》

6 Aug 2020

Sherten ཤེར་བསྟན། 谢旦 「红科校歌」2020

谢旦最新单曲「红科校歌」2020

ཤེར་བསྟན་གྱི་གཞས་གསར། སློབ་གཞས་ཞོགས་པའི་ཉི་ཟེར།

ཚིག  འཇུ་སྐལ་བཟང་གིས་བརྩམས། གདངས།   གླིང་རྒྱལ་འཆི་མེད་ཚེ་རིང་།

Sherten's new single '' School Song '’


སློབ་གཞས་ཞོགས་པའི་ཉི་ཟེར།

གཞས་ཚིག  འཇུ་སྐལ་བཟང་གིས་བརྩམས། 
གཞས་གདངས།   གླིང་རྒྱལ་འཆི་མེད་ཚེ་རིང་།
གཞས་པ།   ཤེར་བསྟན།

ཡར་འགྲོ་ཡར་འགྲོ་རི་རྒྱུད་མཐོན་པོ་གངས་ལ་ཐུག་ས། 
མེས་པོའི་གཏམ་རྒྱུད་གངས་རི་གཞན་ལས་རྒྱང་ཤོམ་ཆེ་ས།
ཕེབས་དང་ཕེབས་དང་སྙི་ཀླུང་རིང་མོ་རྒྱང་དུ་ཕེབས་དང་།
ང་ཚོའི་ཕུགས་འདུན་རྒྱང་ནས་རྒྱང་དུ་འཁྱེར་བ་གནངས་དང་།
སྲིབ་རི་ཁུ་བྱུག་གག་ས། འོམ་བུའི་མེ་ཏོག་ཤར་ས།
མ་ཡུམ་སློབ་གྲྭའི་ར་བ། ང་ཚོས་དབྱངས་གསལ་གྱེར་ས།
དགའ་ཡ་རེའི། གནས་དེ་ན། དགའ་ཡ་རེའི།
ནོར་བུའི་ཐང་མ་བརྡལ་ཡོད། མིག་ལ་འོད་སྣང་འཁྱིལ་ཡོད།
བློ་ལྷག་བསམ་དགེ་བའི་སློབ་ནན།
འདང་བརྩེ་བ་འཁྱིལ་སའི་གནས་མལ། 
སེམས་སྣང་བ་སྐྱིད་སའི་སློབ་ར། ཁྱོད་རྟག་ཏུ་ཁ་དྲོ་བཀྲ་ཤིས།

ཡར་འགྲོ་ཡར་འགྲོ་རི་རྒྱུད་མཐོན་པོ་གངས་ལ་ཐུག་ས།
མེས་པོའི་གཏམ་རྒྱུད་གངས་རི་གཞན་ལས་རྒྱང་ཤོམ་ཆེ་ས།
ཕེབས་དང་ཕེབས་དང་སྙི་ཀླུང་རིང་མོ་རྒྱང་དུ་ཕེབས་དང་།
ང་ཚོའི་ཕུགས་འདུན་རྒྱང་ནས་རྒྱང་དུ་འཁྱེར་བ་གནངས་དང་།
ལྷོ་སྤྲིན་བྱང་སྤྲིན་འདྲེས་ས། ནོར་ལུག་རི་ཐང་གང་ས།
མ་ཡུམ་སློབ་གྲྭའི་ར་བ། ང་ཚོའི་རང་ཁྱིམ་གཉིས་པ།
དགའ་ཡ་རེའི། ས་དེ་ནསདགའ་ཡ་རེའི།
ནོར་བུ་རུམ་ལ་བཅུག་ཡོད། མཆིལ་མ་གསེར་དུ༏ང་ཡོད།
བློ་རིག་པའི་གཤོག་ངང་བངངས་ནས།
ང་མདུན་ནས་མདུན་དུ་སྐྱོད་ན།
ངའི་སློབ་རའི་དབྱངས་གསལ་སྙན་མོ།
ཁྱོད་ཡུན་ནས་ཡུན་དུ་གྱེར་དགོས།

1 Aug 2020

Norlha诺拉 ནོར་ལྷ། - Aroma 2020

ལུས་དྲི་ཞིམ་པོ། 《Aroma》欧若玛

ཚིག ནོར་ལྷ། ཏན་ཏན།

དབྱངས། ནོར་ལྷ། Goyon

ལེན་མཁན། Norlha诺拉 ནོར་ལྷ།



ལུས་དྲི་ཞིམ་པོ། 《Aroma》欧若玛

ཚིག ནོར་ལྷ། ཏན་ཏན། དབྱངས། ནོར་ལྷ། Goyon

ལེན་མཁན། Norlha诺拉 ནོར་ལྷ།


ལས་འཕྲོ་ཡག་པོ་ཡོད་མེད་མི་ཤེས། ལམ་འགྲོ་རྒྱུག་པོ་ཡོད་མེད་མི་ཤེས།
ཁྱོད་དང་འཕྲད་དེ།  བརྩེ་བའི་ཀློང་ལ་སིམ་སོང་།
ང་ལ་རྒྱུ་མཚན་གང་ཡང་མེད་ནས། ང་ལ་རང་དབང་གང་ཡང་མེད་ནས།
ཁྱོད་ཉིད་ཕྱོགས་སུ། སེམས་པ་ཤོར་ནས་ཡུན་རིང་ལུས་སོང་།
ད་ནི་ཀུ་རེ་མ་རྩེ་རོགས། ཁྱོད་ལ་ང་ལས་ཡོད་མི་སྲིད།
ངས་ཧ་གོ་རེད། ཁྱོད་ཉིད་ལྷ་ཡི་དངོས་གྲུབ་རེད།
ཁྱོད་ཀྱི་སྙིང་ཆུང་འདར་སིག་སིག
ངས་རྒྱང་ནས་ཐོས་ཐུབ་ཀྱི་འདུག
ཁྱོད་ཀྱི་མིག་མཐའ་ལ་བལྟས་ཀྱང་།
ང་ལ་དགའ་ཡི་ཡོད་པ་འདྲ།
ཁྱོད་ཀྱི་ལུས་དྲི་ཞིམ་པོ། གང་ནས་ཚོར་ཐུབ།
ང་ཡི་ལུས་སེམས་ཐམས་ཅད་པོ།
ད་ནས་ཁྱོད་ལ་དབང་བའོ། ཁྱོད་ཀྱི་ལུས་དྲི་ཞིམ་པོ།
གང་ནས་ཚོར་ཐུབ། ང་རང་འདི་ལྟར་གསོན་པ་ནི།
ཁྱོད་ཀྱི་ཕྱིར་རོ།
དུས་ལ་འགྱུར་བ་ག་རེ་སོང་ཡང་།
མི་ལ་འགྱུར་བ་ག་རེ་སོང་ཡང་།
ཁྱོད་རང་ཡོད་ན།  ཡོད་ཚད་བདེ་ལེགས་རེད་འདུག
ང་ཚོ་ཡང་ཡང་འཕྲད་པའི་དུས་ན།
ང་ཚོ་ཡང་ཡང་འཁྱུད་པའི་དུས་ན། ཚོར་བ་ཡ་མཚན།
ཕོ་གསར་སུ་ལ་ཐུག་ཀྱང་མི་འདུག ད་ནི་ཀུ་རེ་མ་རྩེ་རོགས།
ཁྱོད་ལ་ང་ལས་ཡོད་མི་སྲིད། ངས་ཧ་གོ་རེད།
ཁྱོད་ཉིད་ལྷ་ཡི་དངོས་གྲུབ་རེད།
ཁྱོད་ཀྱི་སྙིང་ཆུང་འདར་སིག་སིག
ངས་རྒྱང་ནས་ཐོས་ཐུབ་ཀྱི་འདུག
ཁྱོད་ཀྱི་མིག་མཐའ་ལ་བལྟས་ཀྱང་།
ང་ལ་དགའ་ཡི་ཡོད་པ་འདྲ།
ཁྱོད་ཀྱི་ལུས་དྲི་ཞིམ་པོ། གང་ནས་ཚོར་ཐུབ།
ང་ཡི་ལུས་སེམས་ཐམས་ཅད་པོ།
ད་ནས་ཁྱོད་ལ་དབང་བའོ།
ཁྱོད་ཀྱི་ལུས་དྲི་ཞིམ་པོ། གང་ནས་ཚོར་ཐུབ།
ང་རང་འདི་ལྟར་གསོན་པ་ནི། ཁྱོད་ཀྱི་ཕྱིར་རོ།

བུ་མོ་མང་པོ་ཁྱོད་ལ་དགའ་ཡང་།
ང་ཡི་བརྩེ་བ་ལྟ་བུ་མི་འདུག།
ནམ་ཞིག་ལམ་ཁ་གང་དུ་འགྲོ་ཡང་།
ང་ཡི་གཅེས་ཕྲུག་ཡིན་པ་མ་བརྗེད།
ང་གཉིས་འཚོ་བ་མཉམ་དུ་སྐྱེལ་ན།
དཀའ་སྡུག་ཅི་བྱུང་བཟོད་བསྲན་བྱ་ཆོག
ཁྱོད་དང་མི་ཚེ་གཅིག་པ་བྱུང་ན།
རང་གིས་རང་ལ་འགྱུར་བ་གཏང་ཆོག།
ཁྱོད་ཀྱི་ལུས་དྲི་ཞིམ་པོ། གང་ནས་ཚོར་ཐུབ།
ང་ཡི་ལུས་སེམས་ཐམས་ཅད་པོ།
ད་ནས་ཁྱོད་ལ་དབང་བའོ།།
ཁྱོད་ཀྱི་ལུས་དྲི་ཞིམ་པོ།
གང་ནས་ཚོར་ཐུབ།
ང་རང་འདི་ལྟར་གསོན་པ་ནི། ཁྱོད་ཀྱི་ཕྱིར་རོ།
ཁྱོད་ཀྱི་ལུས་དྲི་ཞིམ་པོ། གང་ནས་ཚོར་ཐུབ།
ང་ཡི་ལུས་སེམས་ཐམས་ཅད་པོ།
ད་ནས་ཁྱོད་ལ་དབང་བའོ། ཁྱོད་ཀྱི་ལུས་དྲི་ཞིམ་པོ།
གང་ནས་ཚོར་ཐུབ། ང་རང་འདི་ལྟར་གསོན་པ་ནི།
ཁྱོད་ཀྱི་ཕྱིར་རོ།།