Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

28 Oct 2019

Tsewang Lhamo new song 2019

‎ཚེ་དབང་ལྷ་མོའི་གཞས་གསར། 
四川省阿坝州黑水县,雪域姑娘泽旺拉姆新歌 2019



སྙན་པའི་རྔ་སྒྲ།
དབྱངས།རྟ་མགྲིན་ཚེ་རིང་།
ལེན་མཁན། ཚེ་དབང་ལྷ་མོ།
སྙན་པའི་རྔ་སྒྲ་ལྷང་ལྷང་གྲགས། ལྷང་ལྷང་གྲགས་ཡ་ལྷང་ལྷང་གྲགས།
སྐྱིད་པའི་གར་ལ་ཤུག་ཤུག་འགྲོ། ཤུག་ཤུག་འགྲོ་ཡ་ཤུག་ཤུག་འགྲོ།
སྔོ་ལྗང་གི་སྤང་ཐང་། རྔམ་བརྗིད་ཀྱི་རི།
སྙིང་ཁོངས་ཆུང་འདྲིས་ཁྱོད་གང་ན་ཡོད། རྔ་སྒྲ་རྔ་སྒྲ་ལྷང་ལྷང་གྲགས།
དེ་ནི་ང་ཡི་འབོད་པ། སྔོ་ལྗང་གི་སྤང་ཐང་།
རྔམ་བརྗིད་ཀྱི་རི། སྙིང་ཁོངས་ཆུང་འདྲིས་ཁྱོད་གང་ན་ཡོད།
རྔ་སྒྲ་རྔ་སྒྲ་ལྷང་ལྷང་གྲགས། ང་ཡི་སེམས་པ་སྐྱོ་སོང་།

སེམས་ཀྱི་སྒྲ་སྙན་ལྷང་ལྷང་གྲགས། ལྷང་ལྷང་གྲགས་ཡ་ལྷང་ལྷང་གྲགས།
ཡིད་ཀྱི་གླུ་གཞས་སིང་སིང་ལེན། སང་སིང་ལེན་ཡ་སིང་སིང་ལེན།
ཞིམ་མངར་གྱི་འོ་ཇ་མཐིང་སྨུག་གི་སྦྲ། སྙིང་ཁོངས་གྲོགས་མཆོག་ངའི་སེམས་ན་ཡོད།
གླུ་གཞས་གླུ་གཞས་སིང་སིང་ལེན། དེ་ནི་ང་ཡི་འབོད་པ།
ཞིམ་མངར་གྱི་འོ་ཇ་མཐིང་སྨུག་གི་སྦྲ། སྙིང་ཁོངས་གྲོགས་མཆོག་ངའི་སེམས་ན་ཡོད།
གླུ་གཞས་གླུ་གཞས་སིང་སིང་ལེན། ཉི་མ་ཟླ་བ་ངའི་ནོར་བུ།

25 Oct 2019

མཛེས་ལྡན་ལྷ་མོ། Zedan Lhamo | Teaser 2019

''Zedan Lhamo'' by Wangchuk Dorjee  Composer by Wangchuk Dorjee
Singer Wangchuk Dorjee  | Tsering Choezom
Cast | Tenzin Youdon Alfa Studio 2019
 མཛེས་ལྡན་ལྷ་མོ། 
ལེན་མཁན། དབང་ཕྱུག་རྡོ་རྗེ་དང་ཚེ་རིང་ཆོས་འཛོམས།
དབྱངས། དབང་ཕྱུག་རྡོ་རྗེ། ཚིག  དབང་ཕྱུག་རྡོ་རྗེ།  


བུ་མོ་དབུ་སྐྲ་བསིལ་ལིང་འཇམ་པ།
ཕར་གཡུག་ཚུར་གཡུག་བྱས་ནས་འགྲོ་དུས།
བུ་ངའི་ཡིད་དབང་ཁྱེད་ཀྱི་འཕྲོག་སྲོང།བུ་མོ་མཛེས་ལྡན་ལྷ་མོ།
བུ་མོ་མཛེས་ལྡན་ལྷ་མོ་ཁྱེད་ཀྱིས།
བུ་ངའི་ཡིད་དབང་འཕྲོག་སོང་། ཧོ……ཧོ……ཧོ…..

ང་ཡི་མི་ཚེ་འདི་ནང་ལ། བུ་མོ་ཁྱེད་རང་བྱུང་ན་དགའ་བ་ལ།
ང་ནི་གནམ་མཁའི་བླ་མ་དཀོན་མཆོག། བརྩེ་བ་སྤྲོད་ས་སྙིང་སྡུག་ཁྱེད་ལས་མེད།
བུ་མོ་ཁྱེད་རང་ག་པར་བཞུགས་ཀྱི་ཡོད། ཧོ……ཧོ……ཧོ…..
བུ་མོ་ཁྱེད་ཀྱི་མཚན་གཅིག་གསུང་དང་།
བུ་མོ་ཁྱེད་ཀྱི་ཁྲེལ་དགོད་བརྒྱབས་ནས།
བུ་ངའི་ཡིད་སེམས་འཁྱེར་ནས་འཁྱེར་ནས།
བུ་མོ་མཛེས་ལྡན་ལྷ་མོ་ཁྱེད་ཀྱི་བུ་ངའི་ཡིད་དབང་འཕྲོག་སྲོང་།
བུ་ངའི་ཡིད་དབང་ཁྱེད་ཀྱི་འཕྲོག་སྲོང་། བུ་མོ་མཛེས་ལྡན་ལྷ་མོ།  
ཧེ……ཧེ…..ཧེ…..ལ……ལ…..ལ……

ཚེ་སྔོན་ལས་དང་སྨོན་ལམ་མེད་པའི། ང་གཉིས་མི་ཚེ་བསྐོས་པ་མི་འདུག།
མ་བྱུང་མི་ཚེ་འདིའི་ནང་ལ། ཚེ་ཕྱི་མཉམ་འཛོམས་ཡོང་བའི་སྨོན་ལམ་ཡོད།
བུ་ཆུང་ཁྱེད་རང་ག་པར་བཞུགས་ཀྱི་ཡོད།  ཧོ……ཧོ……ཧོ…..
བུ་ཆུང་ཁྱེད་ཀྱི་མཚན་གཅིག་གསུང་དང་། ཧོ……ཧོ……ཧོ…..
བུ་མོ་ང་ལ་ལན་གཅིག་གཟིགས་ནས། ཁ་པར་ཨང་གྲངས་ང་ལ་གནང་དང་།
བུ་མོ་མཛེས་ལྡན་ལྷ་མོ་ཁྱེད་ཀྱི་བུ་ངའི་ཡིད་དབང་འཕྲོག་སྲོང་།
བུ་ངའི་ཡིད་དབང་ཁྱེད་ཀྱི་འཕྲོག་སྲོང་། བུ་མོ་མཛེས་ལྡན་ལྷ་མོ། བུ་མོ། 
ཧེ……ཧེ…..ཧེ…..ལ……ལ…..ལ……
ཧེ……ཧེ…..ཧེ…..ལ……ལ…..ལ……

23 Oct 2019

班玛措 Pema Tso - 心心相惜 2019

藏族女歌手班玛措最新单曲《心心相惜 》 2019
སེམས་ཐོག་སེམས་པ། ལེན་མཁན། པདྨ་མཚོ།  ༢༠༡༩
Tibetan singer Pema Tso new single ''Heart and soul''





  
སེམས་ཐོག་སེམས་པ།
ཚིག  བྱམས་པ་རྡོ་རྗེ།
དབྱངས། བཀྲ་ཤིས་ཚེ་བརྟན། 
ལེན་མཁན། པདྨ་མཚོ།  


ལྷ་ཆེན་པོ་གཅིག་དང་ཆེན་པོ་གཉིས། ལྷ་ཆེན་པོ་གཞོན་ནུ་དོན་གྲུབ་རེད།
ཆོས་ཆེན་པོ་གཅིག་དང་ཆེན་པོ་གཉིས། ཆོས་ཆེན་པོ་བྱམས་དང་སྙིང་རྗེ་རེད།

ཨོ་་་་་ཧོ་་་་་ཧོ་་་་་

ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས། ས་སྐྱིད་པོ་རང་ས་རང་ཡུལ་རེད།
དྲིན་ཆེན་པོ་གཅིག་དང་ཆེན་པོ་གཉིས། དྲིན་ཆེན་པོ་རང་གི་ཕ་མ་རེད།

ཨོ་་་་་ཧོ་་་་་ཧོ་་་་་

རོགས་ཆེན་པོ་གཅིག་དང་ཆེན་པོ་གཉིས། རོགས་ཆེན་པོ་ཆུང་འདྲིས་བྱམས་པ་རེད།
འདྲིས་ཆེན་པོ་གཅིག་དང་ཆེན་པོ་གཉིས། འདྲིས་ཆེན་པོ་སེམས་ཐོག་སེམས་པ་རེད།

22 Oct 2019

霍尔仓拉郎措 Lhalong Tso 2019

霍尔仓拉郎措2019年最新单曲「妙音佛母赞」
དབྱངས་ཅན་མའི་བསྟོད་པ། གཞས་མ། ཧོར་གཙང་ལྷ་ལུང་མཚོ། 
''Wonderful Buddha melody'' sing by Lhalong  Tso

དབྱངས་ཅན་མའི་བསྟོད་པ།
རྗེ་ཙོང་ཁ་པའི་གསུང་།
དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུར།
གཞས་གདངས། ཨ་མཆོག་མགོན་པོ་དོན་གྲུབ།
གཞས་མ། ཧོར་གཙང་ལྷ་ལུང་མཚོ།

ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།
རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། 

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག། མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ།
མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།
ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།



20 Oct 2019

ས་སྐྱ་གོང་མ། Sakya Gongma 2019

《萨迦法王》-演唱:德格达拥 东达卓玛 索朗益西 索朗贡布 2019
༼ས་སྐྱ་གོང་མ།༽ ལེན་མཁན། སྡེ་དགེ་ཟླ་གཡང་། དུང་ཟླ་སྒྲོལ་མ། བསོད་ནམས་ཡེ་ཤེས། བསོད་ནམས་མགོན་པོ།
''Sakya Gongma'' by Dege Dayong, Dungda Dolma, Sonam Yeshi, Sonam Gonpo 





14 Oct 2019

白玛旦增 - 赛吧 Pema Tenzin SAY-BA 2019

赛吧-SAY·BA-བསད་པ། - 白玛旦增 2019 作曲: 白玛旦增 作词: 白玛旦增
''SAY-BA'' Composer and lyrics and singer: Pema Tenzin 
ཚིག་དང་གདངས།ལེན་མཁན པདྨ་བསྟན་འཛིན། བསད་པ།



བསད་པ།
ཚིག པདྨ་བསྟན་འཛིན།
གདངས པདྨ་བསྟན་འཛིན
ལེན་མཁན པདྨ་བསྟན་འཛིན


མཚམས་རེ་དགའ་རོགས་ཡིན་མདོག་མདོག།
མཚམས་རེ་གྲོགས་མོ་ཡིན་མདོག་མདོག བུ་མོ་དེ་ཡི་ཁྱད་མཚར་ལཱ། བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད། བུ་མོ་དེ་ཡི་ཁྱད་མཚར་ལཱ། བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད། ད་དངོས་གནས་བུ་མོ་འདིས་ང་བསད་པ།
ཞལ་རས་དཀར་གསལ་ལ་ཟླ་བ། སྐུ་གཟུགས་རྩྭ་རིའི་སྨྱུག་མ།
འཇུར་རྟ་རྟིང་ཀ་ཙོག་ཙོག་གྱོན་བཞག དེ་ལས་གཏད་བཟོ་འདོད་པ།
ད་དངོས་གནས་བུ་མོ་འདིས་ང་བསད་པ། མཚམས་རེ་བུ་མོ་སྣང་ས་འདྲ།
མཚམས་རེ་ཨ་ནེ་སྨྱོན་པ་ནང་བཞིན། བུ་མོ་དེ་ཡི་ཁྱད་མཚར་ལཱ། བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད། བུ་མོ་དེ་ཡི་ཁྱད་མཚར་ལཱ།
བུ་མོ་དེ་ཡི་གཡོ་སྒྱུ་ལཱ། ང་དངོས་གནས་སྨྱོན་པ་ཆགས་ས་རེད།
ད་དངོས་གནས་བུ་མོ་འདིས་ང་བསད་པ། ཞལ་རས་དཀར་གསལ་ལ་ཟླ་བ།
ཡིན་ནའི་ཟླ་བ་འགྱུར་ལྡོག་མང་བ། སྐུ་གཟུགས་རྩྭ་རིའི་སྨྱུག་མ།
ཡིན་ནའི་སྨྱུག་མ་ཕྱི་མཛེས་ཁོག་སྟོང་། འཇུར་རྟ་ཏིང་ཀ་ཙོག་ཙོག་གྱོན་བཞག།
ལམ་ལ་འཁྱར་རེ་འཁྱོར་རེ་རེད་བཞག ད་དངོས་གནས་བུ་མོ་འདིས་ང་བསད་པ།
དེས་ན། ཅོག་རང་གིས་ལབ་པའི་བསད་པ་ཟེར་བ་དེ་ཡང་སྙིང་ག་རེ་ལ་ཟེར་གྱི་ཡོག་རེད་པས།
ཧ་ཧ།
ངས་ལབ་ཡས་དེ་མི་དང་མིའི་འབྲེལ་བ་ཟང་ཟིང་དང་འགྱུར་སླ་བའི་མིའི་རང་གཤིས་འདིས་ང་བསད་གྲབས་བྱེད་ཀྱི་ཟེར་གྱི་ཡོད།
འགན་ལྗིད་པོ་དེ་འདྲས་ཡོག་རེད་པས། ད་བསད་པ།
དཔྱིད་ཀའི་གནམ་གཤིས་དཔྱིད་ཀའི་གནམ་གཤིས་རེད།
ནམ་མཁའི་འཇའ་མཚོན་ནམ་མཁའི་འཇའ་མཚོན་ལ་རེད།
ད་དངོས་གནས་བུ་མོ་འདིས་ང་བསད་པ། སྨྱོ་པ་སྨྱོ་པ་སྨྱོ་པ་འདུག་ག
བསད་པ་བསད་པ་བསད་པ་འདུག་ག

13 Oct 2019

''怀念班禅大师'' 白玉扎西 2019

Miss 11th Panchen Lama - Payul Tashi (2019)
''怀念班禅大师'' 白玉扎西 2019
ཀུན་གཟིགས་པཎ་ཆེན་དྲན་གླུ། དཔལ་ཡུལ་བཀྲ་ཤིས།


ཀུན་གཟིགས་པཎ་ཆེན་དྲན་གླུ།
དབྱངས་དང་ཚིག། དཔལ་ཡུལ་བཀྲ་ཤིས།
གླུ་བ། དཔལ་ཡུལ་བཀྲ་ཤིས།


མཁྱེན་ནམ་གསོན་དང་རིན་པོ་ཆེ།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས། པཎ་ཆེན་སྣང་བ་མཐའ་ཡས།
ཁྱེད་ནི་གངས་རིའི་ཟླ་བ། ཟླ་བ་རེ་ཞིག་ནུབ་པས།
གངས་ཅན་བོད་ཀྱི་མི་རྣམས་སྐྱོ་གདུང་དྲག་པོའི་མནར་སོང་།
མཁྱེན་ནམ་གསོན་དང་རིན་པོ་ཆེ།
གངས་རི་སྨན་ཀྱི་ལྗོངས་འདིར། མཆོག་སྤྲུལ་ནམ་མཁའི་སྒྲོན་མེ།
ཞབས་ཟུང་གསེར་གྱི་འཁོར་ལོ། མྱུར་བར་བསྒྱུར་བའི་རེ་འདོད།

གངས་ཅན་བོད་མི་ཡོངས་ཀྱི་སེམས་ཀྱིས་སྟེང་ནས་སྨོན་སོང་།

མཁྱེན་ནམ་གསོན་དང་རིན་པོ་ཆེ།
གངས་ཅན་བོད་ཀྱི་ཡུལ་འདིར ཐུགས་སྟོབས་འགྲན་ཟླ་བྲལ་བའི།
ཡང་སྤྲུལ་ཉི་མ་གཞོན་ནུ། ཡང་སྤྲུལ་ཉི་མ་གཞོན་ནུའི།
ཞབས་པད་ཡུན་རིང་བརྟན་པའི་སྐྱབས་འཇུག་སྙིང་ནས་ཞུས་སོང་།
མཁྱེན་ནམ་གསོན་དང་རིན་པོ་ཆེ། མཛད་འཕྲིན་ཉི་ལྟར་གསལ་བར།
ཡང་སྤྲུལ་ཡིད་བཞིན་ནོར་བུའི། ཐུགས་བཞེད་འགག་མེད་འགྲུབ་སྟེ།
ཐུགས་བཞེད་འགག་མེད་འགྲུབ་སྟེ།
བོད་ཡུལ་སྐྱིད་པའི་ཉི་མ་རྒྱུན་དུ་ཤར་བའི་སྨོན་ལམ།
ཐུགས་བཞེད་འགག་མེད་འགྲུབ་སྟེ། ཐུགས་བཞེད་འགག་མེད་འགྲུབ་སྟེ།
བོད་ཡུལ་སྐྱིད་པའི་ཉི་མ་རྒྱུན་དུ་ཤར་བའི་སྨོན་ལམ།

10 Oct 2019

Norbu Sumdrup new single '' Ten Years ''

罗布桑珠 Kingsum - 十周年 2019
ནོར་བུ་བསམ་གྲུབ་ཀྱི་གླུ་གཞས་གསར་པ་༼ལོ་བཅུ།༽
Norbu Sumdrup's new single '' Ten Years ''






༼ལོ་བཅུ།༽
ཚིག་དང་དབྱངས་ལེན་མཁན། ནོར་བུ་བསམ་གྲུབ།

ཐོག་མར་ལོ་བཅུ་ཡི་གོང་ལ། ཆེད་སྒྲིག་དང་པོ་སྟོན་ནས་ཡོང་།
དཀའ་ངལ་ཐམ་བཅད་ཁྱད་བསད་བྱས་ནས་ཕུགས་བསམ་ཆེད་དུ་བསྐྱོད།
དེ་ཡི་བར་དུ་མི་དང་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད།
འཕྱ་དམོད་བྱེད་མཁན་དང་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཞུ།
མི་ལུས་རིན་ཆེན་དེ་ལ། ལོ་བཅུ་ཟེར་བ་ཐེངས་མ་དེ་ཙམ་མང་པོ་མེད།
རིན་ཐང་ཆེ་བའི་དུས་ཚོད་དེ་ལ། གཅེས་སྤྲས་བྱེད་པ་དགའ།
ནམ་ཡང་འབད་བརྩོན་བྱས་ན། ཐབས་ཤོར་གང་ཡང་མེད་པར།
ནམ་ཞིག་རང་ལ་དག་པའི་གཟི་བརྗིད་ལྡན་པའི་ཉིན་དེ་ཤར་ཡོང་ངེས།
ད་ལྟ་ལོ་བཅུ་རྗེས་ལ་བུ་ངས་གླུ་དེ་ལན་ནས་ཡོང་།

ཐོག་མར་བཅངས་པའི་ཕུགས་བསམ་ད་དུང་མ་བརྗེད་པར་མདུན་སྐྱོད།
ལོ་བཅུའི་རིང་ལ་ཆར་ཟིམ་འཇའ་ཚོན་གངས་ལྗོངས་རྨི་ལམ་ལ་སོགས་ཡོད་ཀྱང་།
དེ་ལས་མང་བའི་རྩམ་བྱ་སུམ་ཅུ་ལྷག་ཙམ་གསན་མྱོང་ཡོད་ནམ།
སེམས་གཏིང་གི་སྐད་ཆ་གཅིག་དང་གདང་གསུམ་རྨི་ལམ་གཉིས།
མེས་པོ་ལ་ན་མོས་གསུམ། བཀའ་དྲིན་གྱི་དྲན་གླུ་ལ་སོགས་པ།
དེ་ལས་མ་ཟད་RAP་ROCK་R&Bསོགས་ཡོད།
དེ་འདྲའི་མཛེས་པའི་ལོ་བཅུ་ང་ཡི་རྗེས་དྲན་དེ་དང་།
གླུ་གཞས་དེ་ཚོ་ཚང་མ་ང་ཚོའི་ལང་ཚོའི་ཆ་ཤས་ཤིག་ཡིན།
ནམ་ཡང་འབད་བརྩོན་བྱས་ན། ཐབས་ཤོར་གང་ཡང་མེད་པར།
ནམ་ཞིག་རང་ལ་དག་པའི་གཟི་བརྗིད་ལྡན་པའི་ཉིན་དེ་ཤར་ཡོང་ངེས།

རེ་བ་དང་ཕུགས་བསམ་ལྡན་དགོས། ཡིད་ཆེས་དང་འབད་བརྩོན་དེ་བས་དགོས།
འཚོ་བ་ལ་དགའ་ཞེན་ལྡན་པ་དགོས། ང་ཡི་གླུ་དེ་མཉམ་དུ་ལེན།
ཉམས་ཆུང་དང་གུས་ཞབས་ལྡན་པ་དགོས། ཞལ་དེ་ལ་ནམ་ཡང་འཛུམ་མདངས་དགོས།
ལོ་བཅུ་ཡི་ལང་ཚོ་མཛེས་པ་ལ། ཁྱེད་ཚོ་ཡོད་པའི་མཛེས་པ་ལ།
མཐའ་མར་ཁྱེད་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
ང་ཚོའི་བར་གྱི་ལོ་བཅུའི་མཛེས་པའི་རྗེས་དྲན་མ་བརྗེད་ཞུ།

9 Oct 2019

罗布桑珠 & 格雨 GYTHA ''YAGOODO'' 2019

YAGOODO - 罗布桑珠 Norbu Sumdrup & 格雨 GYTHA
作曲 :格雨 GYTHA  作词 : 格雨 GYTHA


8 Oct 2019

美朵拉毛&普瓦才让2019最新单曲《思念古格》

Methok Lhamo & Phurwa Tserang 2019 - ༼གུ་གེ་དྲན་མགུར།༽
ཚིག ཚེ་རིང་བཀྲ་ཤིས། དབྱངས། ཉི་མའི་བུ་རྒྱུད། ལེན་མཁན། མེ་ཏོག་ལྷ་མོ།ཕུར་བ་ཚེ་རིང་།



གུ་གེ་དྲན་མགུར།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། ཉི་མའི་བུ་རྒྱུད།
ལེན་མཁན། མེ་ཏོག་ལྷ་མོ།ཕུར་བ་ཚེ་རིང་།

སྟོད་ལ་མངའ་རིས་སྐོར་གསུམ། མཐོ་ལྡིང་གསེར་གྱི་ལྷ་ཁང་།
ལྷ་བཙུན་ཁུ་དབོན་ཐུགས་དཀྱེལ། རྣམ་རྒྱལ་གུ་གེ་ཕོ་བྲང་།
གླུ་ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན། ཨེ་མ་ངོ་མཚར་ཆེ།
ཡེ་ཤེས་འོད་ཀྱི་མཛད་འཕྲིན། སྐུ་ལ་ཤེལ་གྱི་རང་མདངས།
འོད་གསལ་ཐུགས་ཀྱི་སྨོན་ལམ། ཁ་བ་ཅན་ལ་དགོངས་ཡོད།

རྒྱ་བལ་ཀུན་ལ་བྱོན་པའི། མེས་པོ་གསེར་གྱི་ཕྲེང་བ།
ཕྱི་དར་མཛད་འཕྲོའི་ཞིང་བཀོད། མངའ་རིས་སྟོད་ལ་བཞེངས་ཡོད།
གླུ་ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན། ཨེ་མ་ངོ་མཚར་ཆེ།
བྱང་ཆུབ་འོད་ཀྱི་བཀའ་དྲིན། གཙུག་ལག་ནོར་བུའི་བྱིན་རླབས།
སྒང་བ་གངས་ཅན་བོད་ཀྱི། གནམ་སའི་ཁྱོན་ལ་ཐིམ་ཡོད།

རྒྱ་བོད་གཉིས་ལ་ཆེ་བ། དཔལ་ལྡན་རྒྱ་བརྩོན་སེང་གེ།
ཕྱི་རབ་ལོ་ཙཱའི་སྐར་ཆེན། ལོ་ཆེན་རིན་ཆེན་བཟང་པོ།
གླུ་ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན། ཨེ་མ་ངོ་མཚར་ཆེ།
བཀའ་གདམས་བསྟན་པའི་ཆུ་མགོ། མངའ་རིས་སྟོད་ནས་བརྡོལ་སོང་།
རིན་ཆེན་གསུང་རབ་པོ་ཏི། གུ་གེ་མཁར་ལ་བཞུགས་ཡོད།

6 Oct 2019

德格达拥《牵着你的手》

Dege Dayong new song ''Holding your hand'' 2019
德格达拥《牵着你的手》MV首发
སྡེ་དགེ་ཟླ་གཡང་། གཞས་གསར།༼དུང་བའི་ལག་འཇུས།༽



牵着你的手
作曲:才仁巴桑
作词:西都
演唱:德格达拥
夜色让我轻轻地拥抱了你坦白地说我想了很多
牵着你的手勇气让我轻轻地吻了你
坦白地说我想的更多你迷茫的双眸
给了我一脸的无奈我只有牵着你的梦
走进我爱的心田 嗬哦哦嗬哦哦
走进我爱的心

田牵着你的手黎明让我不舍得踏上归途
我很明白我拥有了很多
牵着你的手爱让我再次地吻了你
我很明白我将失去很多你迷茫的双眸
给了我一脸的无奈我只有牵着你的梦
走进我爱的心田 嗬哦哦嗬哦哦
走进我爱的心田

4 Oct 2019

"Tashi Tendrel" By Tenzin Donsel 2019

Tenzin Donsel new mv song '' Tashi Tendrel '' 2019
Lyrics: Geshe Lobsang Dakpa
Singer & Composer: Tenzin Donsel  
丹增珍色新单曲MV
བཀྲ་ཤིས་རྟེན་འཔྲེལ།
ཚིག  དགེ་བཤེས་བློ་བཟང་གྲགས་པ།
གདངས་དང་ལེན་མཁན། བསྟན་འཛིན་སྒྲོན་གསལ།





---------------------------------------------------

Tenzin Donsel – Cholsum Droshey (Official Video - 2017)

3 Oct 2019

扎西尼玛最新单曲 Tashi Nyima 2019

扎西尼玛最新单曲《妙音仙女》 2019
Tashi Nyima new single '' Wonderful fairy ''
བཀྲ་ཤིས་ཉི་མའི་གཞས་གསར། གསུང་དབྱངས་ལྷ་མོ།




ཉི་ཟླ་དང་སྐར་ཚོགས་ཀྱི་ཀློང་ནས།
ཡིད་དགའ་བའི་གསུང་སྐད་ཅིག་ང་ལ་འབྱོར་སོང་།
དབྱངས་གསལ་སོ་བཞིའི་སྲོག་རྟ་ཁྱེར་ནས།
ཕ་སྐད་གཙང་མའི་ངག་སྒོ་ཕྱེས་ནས།
རྩྭ་ཐང་ཡངས་པོའི་སྒོ་གླེགས་རྡུང་བྱུང་།
ཨ། ང་ཡི་གསུང་དབྱངས་ལྷ་མོ།

ཁྱེད་རང་ང་ཡི་སྦྲ་ཁྱིམ་དུ་འཛུལ་བ་ནས་བཟུང་།
ང་ཡིས་འཇིག་རྟེན་གྱི་གཏམ་རྒྱུད་ཐོས་བྱུང་།
ང་ཡིས་མི་ཡུལ་གྱི་སྙིང་གཏམ་ཐོས་བྱུང་།
ཨོ་ཧོ། ང་ཡི་གསུང་དབྱངས་ལྷ་མོ།
ཁྱེད་ནི་ང་ཡི་དུས་གསུམ་རྟག་བརྟན་གྱི་ཕོ་ཉ།

རྒྱ་མཚོ་དང་ཆུ་ཆེན་གྱི་འགྲམ་ནས།
ཡིད་སྤྲོ་བའི་དབྱངས་སྙན་ཞིག་ང་ལ་འབྱོར་སོང་།
ཕ་མེས་གོང་མའི་སྲོལ་བཟང་ཁྱེར་ནས།
འཚོ་བ་གསར་བའི་འཕྲིན་བཟང་བསྣམས་ནས།
རྣང་ཞིང་སྣུམ་པོའི་སྒོ་གླེགས་རྡུང་བྱུང་།
ཨ། ང་ཡི་གསུང་དབྱངས་ལྷ་མོ།
ཁྱེད་རང་ང་ཡི་ཁང་ཁྱིམ་དུ་འཛལ་བ་ནས་བཟུང་།
ང་ཡིས་མདུན་སྐྱོད་ཀྱི་གོམ་སྒྲ་ཐོས་བྱུང་།
ང་ཡིས་འབོད་སྐད་ཀྱི་དུང་བརྡ་ཐོས་བྱུང་།
ཨོ་ཧོ། ང་ཡི་གསུང་དབྱངས་ལྷ་མོ།
ཁྱེད་ནི་ང་ཡི་དུས་གསུམ་རྟག་བརྟན་གྱི་ཕོ་ཉ།

Samdup Tsering 2019 - འདུན་མ། 夙愿 三智才让

Samdup Tsering བསམ་འགྲུབ་ཚེ་རིང་། 三智才让
མགར་བསམ་འགྲུབ་ཚེ་རིང་གྱི་གཞས་གསར། འདུན་མ། ༢༠༡༩
三智才让新单曲 (夙愿)



འདུན་མ།
ཚིག སྐུ་གསུམ་རྒྱལ་མཚན།
དབྱངས། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།
མཚོ་གཡུ་ལོ་འདྲ་བའི་ཕ་མཐའ་ན། ནགས་ལྗོན་ཤིང་ལྡེམ་པའི་ཡལ་ག་ན།།
བྱ་ཁུ་བྱུག་གསུང་སྐད་སྙན་མོ་ཅན། ཡིད་དུང་བའི་འདུན་མ་ཁྱོད་ལ་འཁོར།།
ཨ་ལོང་ལེན་་་ལ་མོ་ལེན་་་། གསུང་རྒྱུན་ཆད་མེད་པའི་སྨོན་ལམ་འདེབས།།

དགུང་ཨ་སྔོན་ནམ་མཁའ་ཡངས་པ་ལས། སྤྲིན་དཀར་པོ་བརྩེགས་པའི་བང་རིམ་ནས།
ཆར་བསིལ་མ་སམ་སིམ་བབས་པའི་རྗེས། འཇའ་སྣ་ལྔས་གུར་ཆེན་ཕུབ་པ་དེ།།
ཨ་ལོང་ལེན་་་ལ་མོ་ལེན་་་། ལས་རྟེན་འབྲེལ་སྒྲིག་པའི་གཞི་མ་རེད།།

གཞི་འཁོར་བ་འདྲ་བོ་རྟེན་གཞི་རེད། སེམས་སྨུག་པ་འདྲ་བོ་འཐིབ་ས་རེད།།
ལམ་སྐྱ་མོ་འདྲ་བོ་འགྲོ་ལམ་རེད། གེགས་བར་ཆད་མེད་པའི་སྨོན་ལམ་འདེབས།།
ཨ་ལོང་ལེན་་་ལ་མོ་ལེན་་་། ཚེ་གང་གི་འདུན་མ་དེ་ནས་འཚོལ།།
ཚེ་གང་གི་འདུན་མ་དེ་ནས་འཚོལ།།

2 Oct 2019

娜秀比如县茶曲乡文艺队

Tibetan Dance Nagchu Cultural Festival in Lhasa Tibet
西藏那曲比如县锅庄舞 又称为“果卓”、“歌庄”、“卓”等,
藏语意为圆圈歌舞,是藏族三大民间舞蹈之一