Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

10 Oct 2019

Norbu Sumdrup new single '' Ten Years ''

罗布桑珠 Kingsum - 十周年 2019
ནོར་བུ་བསམ་གྲུབ་ཀྱི་གླུ་གཞས་གསར་པ་༼ལོ་བཅུ།༽
Norbu Sumdrup's new single '' Ten Years ''






༼ལོ་བཅུ།༽
ཚིག་དང་དབྱངས་ལེན་མཁན། ནོར་བུ་བསམ་གྲུབ།

ཐོག་མར་ལོ་བཅུ་ཡི་གོང་ལ། ཆེད་སྒྲིག་དང་པོ་སྟོན་ནས་ཡོང་།
དཀའ་ངལ་ཐམ་བཅད་ཁྱད་བསད་བྱས་ནས་ཕུགས་བསམ་ཆེད་དུ་བསྐྱོད།
དེ་ཡི་བར་དུ་མི་དང་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད།
འཕྱ་དམོད་བྱེད་མཁན་དང་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཞུ།
མི་ལུས་རིན་ཆེན་དེ་ལ། ལོ་བཅུ་ཟེར་བ་ཐེངས་མ་དེ་ཙམ་མང་པོ་མེད།
རིན་ཐང་ཆེ་བའི་དུས་ཚོད་དེ་ལ། གཅེས་སྤྲས་བྱེད་པ་དགའ།
ནམ་ཡང་འབད་བརྩོན་བྱས་ན། ཐབས་ཤོར་གང་ཡང་མེད་པར།
ནམ་ཞིག་རང་ལ་དག་པའི་གཟི་བརྗིད་ལྡན་པའི་ཉིན་དེ་ཤར་ཡོང་ངེས།
ད་ལྟ་ལོ་བཅུ་རྗེས་ལ་བུ་ངས་གླུ་དེ་ལན་ནས་ཡོང་།

ཐོག་མར་བཅངས་པའི་ཕུགས་བསམ་ད་དུང་མ་བརྗེད་པར་མདུན་སྐྱོད།
ལོ་བཅུའི་རིང་ལ་ཆར་ཟིམ་འཇའ་ཚོན་གངས་ལྗོངས་རྨི་ལམ་ལ་སོགས་ཡོད་ཀྱང་།
དེ་ལས་མང་བའི་རྩམ་བྱ་སུམ་ཅུ་ལྷག་ཙམ་གསན་མྱོང་ཡོད་ནམ།
སེམས་གཏིང་གི་སྐད་ཆ་གཅིག་དང་གདང་གསུམ་རྨི་ལམ་གཉིས།
མེས་པོ་ལ་ན་མོས་གསུམ། བཀའ་དྲིན་གྱི་དྲན་གླུ་ལ་སོགས་པ།
དེ་ལས་མ་ཟད་RAP་ROCK་R&Bསོགས་ཡོད།
དེ་འདྲའི་མཛེས་པའི་ལོ་བཅུ་ང་ཡི་རྗེས་དྲན་དེ་དང་།
གླུ་གཞས་དེ་ཚོ་ཚང་མ་ང་ཚོའི་ལང་ཚོའི་ཆ་ཤས་ཤིག་ཡིན།
ནམ་ཡང་འབད་བརྩོན་བྱས་ན། ཐབས་ཤོར་གང་ཡང་མེད་པར།
ནམ་ཞིག་རང་ལ་དག་པའི་གཟི་བརྗིད་ལྡན་པའི་ཉིན་དེ་ཤར་ཡོང་ངེས།

རེ་བ་དང་ཕུགས་བསམ་ལྡན་དགོས། ཡིད་ཆེས་དང་འབད་བརྩོན་དེ་བས་དགོས།
འཚོ་བ་ལ་དགའ་ཞེན་ལྡན་པ་དགོས། ང་ཡི་གླུ་དེ་མཉམ་དུ་ལེན།
ཉམས་ཆུང་དང་གུས་ཞབས་ལྡན་པ་དགོས། ཞལ་དེ་ལ་ནམ་ཡང་འཛུམ་མདངས་དགོས།
ལོ་བཅུ་ཡི་ལང་ཚོ་མཛེས་པ་ལ། ཁྱེད་ཚོ་ཡོད་པའི་མཛེས་པ་ལ།
མཐའ་མར་ཁྱེད་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
ང་ཚོའི་བར་གྱི་ལོ་བཅུའི་མཛེས་པའི་རྗེས་དྲན་མ་བརྗེད་ཞུ།

No comments: