Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

13 Oct 2019

''怀念班禅大师'' 白玉扎西 2019

Miss 11th Panchen Lama - Payul Tashi (2019)
''怀念班禅大师'' 白玉扎西 2019
ཀུན་གཟིགས་པཎ་ཆེན་དྲན་གླུ། དཔལ་ཡུལ་བཀྲ་ཤིས།


ཀུན་གཟིགས་པཎ་ཆེན་དྲན་གླུ།
དབྱངས་དང་ཚིག། དཔལ་ཡུལ་བཀྲ་ཤིས།
གླུ་བ། དཔལ་ཡུལ་བཀྲ་ཤིས།


མཁྱེན་ནམ་གསོན་དང་རིན་པོ་ཆེ།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས། པཎ་ཆེན་སྣང་བ་མཐའ་ཡས།
ཁྱེད་ནི་གངས་རིའི་ཟླ་བ། ཟླ་བ་རེ་ཞིག་ནུབ་པས།
གངས་ཅན་བོད་ཀྱི་མི་རྣམས་སྐྱོ་གདུང་དྲག་པོའི་མནར་སོང་།
མཁྱེན་ནམ་གསོན་དང་རིན་པོ་ཆེ།
གངས་རི་སྨན་ཀྱི་ལྗོངས་འདིར། མཆོག་སྤྲུལ་ནམ་མཁའི་སྒྲོན་མེ།
ཞབས་ཟུང་གསེར་གྱི་འཁོར་ལོ། མྱུར་བར་བསྒྱུར་བའི་རེ་འདོད།

གངས་ཅན་བོད་མི་ཡོངས་ཀྱི་སེམས་ཀྱིས་སྟེང་ནས་སྨོན་སོང་།

མཁྱེན་ནམ་གསོན་དང་རིན་པོ་ཆེ།
གངས་ཅན་བོད་ཀྱི་ཡུལ་འདིར ཐུགས་སྟོབས་འགྲན་ཟླ་བྲལ་བའི།
ཡང་སྤྲུལ་ཉི་མ་གཞོན་ནུ། ཡང་སྤྲུལ་ཉི་མ་གཞོན་ནུའི།
ཞབས་པད་ཡུན་རིང་བརྟན་པའི་སྐྱབས་འཇུག་སྙིང་ནས་ཞུས་སོང་།
མཁྱེན་ནམ་གསོན་དང་རིན་པོ་ཆེ། མཛད་འཕྲིན་ཉི་ལྟར་གསལ་བར།
ཡང་སྤྲུལ་ཡིད་བཞིན་ནོར་བུའི། ཐུགས་བཞེད་འགག་མེད་འགྲུབ་སྟེ།
ཐུགས་བཞེད་འགག་མེད་འགྲུབ་སྟེ།
བོད་ཡུལ་སྐྱིད་པའི་ཉི་མ་རྒྱུན་དུ་ཤར་བའི་སྨོན་ལམ།
ཐུགས་བཞེད་འགག་མེད་འགྲུབ་སྟེ། ཐུགས་བཞེད་འགག་མེད་འགྲུབ་སྟེ།
བོད་ཡུལ་སྐྱིད་པའི་ཉི་མ་རྒྱུན་དུ་ཤར་བའི་སྨོན་ལམ།

No comments: