Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

8 Oct 2019

美朵拉毛&普瓦才让2019最新单曲《思念古格》

Methok Lhamo & Phurwa Tserang 2019 - ༼གུ་གེ་དྲན་མགུར།༽
ཚིག ཚེ་རིང་བཀྲ་ཤིས། དབྱངས། ཉི་མའི་བུ་རྒྱུད། ལེན་མཁན། མེ་ཏོག་ལྷ་མོ།ཕུར་བ་ཚེ་རིང་།



གུ་གེ་དྲན་མགུར།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། ཉི་མའི་བུ་རྒྱུད།
ལེན་མཁན། མེ་ཏོག་ལྷ་མོ།ཕུར་བ་ཚེ་རིང་།

སྟོད་ལ་མངའ་རིས་སྐོར་གསུམ། མཐོ་ལྡིང་གསེར་གྱི་ལྷ་ཁང་།
ལྷ་བཙུན་ཁུ་དབོན་ཐུགས་དཀྱེལ། རྣམ་རྒྱལ་གུ་གེ་ཕོ་བྲང་།
གླུ་ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན། ཨེ་མ་ངོ་མཚར་ཆེ།
ཡེ་ཤེས་འོད་ཀྱི་མཛད་འཕྲིན། སྐུ་ལ་ཤེལ་གྱི་རང་མདངས།
འོད་གསལ་ཐུགས་ཀྱི་སྨོན་ལམ། ཁ་བ་ཅན་ལ་དགོངས་ཡོད།

རྒྱ་བལ་ཀུན་ལ་བྱོན་པའི། མེས་པོ་གསེར་གྱི་ཕྲེང་བ།
ཕྱི་དར་མཛད་འཕྲོའི་ཞིང་བཀོད། མངའ་རིས་སྟོད་ལ་བཞེངས་ཡོད།
གླུ་ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན། ཨེ་མ་ངོ་མཚར་ཆེ།
བྱང་ཆུབ་འོད་ཀྱི་བཀའ་དྲིན། གཙུག་ལག་ནོར་བུའི་བྱིན་རླབས།
སྒང་བ་གངས་ཅན་བོད་ཀྱི། གནམ་སའི་ཁྱོན་ལ་ཐིམ་ཡོད།

རྒྱ་བོད་གཉིས་ལ་ཆེ་བ། དཔལ་ལྡན་རྒྱ་བརྩོན་སེང་གེ།
ཕྱི་རབ་ལོ་ཙཱའི་སྐར་ཆེན། ལོ་ཆེན་རིན་ཆེན་བཟང་པོ།
གླུ་ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན། ཨེ་མ་ངོ་མཚར་ཆེ།
བཀའ་གདམས་བསྟན་པའི་ཆུ་མགོ། མངའ་རིས་སྟོད་ནས་བརྡོལ་སོང་།
རིན་ཆེན་གསུང་རབ་པོ་ཏི། གུ་གེ་མཁར་ལ་བཞུགས་ཡོད།

No comments: