Search Tibetan singers

24 Apr 2020

‎ཀླུ་མོ་མཚོ། 勒毛措 lumo tso - རེ་འདུན།祈愿 2020

རེ་འདུན། 祈愿 2020
ཚིག  ཐུབ་བསྟན་པདྨ། གདངས། རྡོ་གྲགས།
གཞས་ལེན་མཁན། ཀླུ་མོ་མཚོ། Lumo Tso





རེ་འདུན།
གཞས་ཚིག  ཐུབ་བསྟན་པདྨ།
གཞས་གདངས། རྡོ་གྲགས།
གཞས་ལེན་མཁན། ཀླུ་མོ་མཚོ།

ལྷ་སའི་པོ་ཏ་ལ་རིར། དཀར་དམར་འདྲེས་པའི་ཕོ་བྲང་།
མེས་པོའི་ཕ་ཁྱིམ་ལྷད་མེད། འགྱིང་ངེར་མཁའ་ལ་ཟུག་ཡོད།

ཇོ་བོ་ཤཱཀྱ་མུ་ནེ། ས་ཡ་དྲུག་གི་མགོན་སྐྱབས།
ལྷ་ལྡན་དག་པའི་ཞིང་དུ། ཏིང་འཛིན་ཟས་ལ་རོལ་ཡོད།
མ་དག་བྱིས་པ་ང་ཡིས། པུས་མོ་ས་ལ་བཙུགས་ཤིང་།

གཙང་པོ་རི་ཚོགས་བརྒལ་ནས། ཇོ་བོ་མཇལ་དུ་གཤེགས་ཡོད།
སྲོང་བཙན་ཞབས་རྗེས་དར་ས། དབུས་གཙང་བསྟན་པའི་འབྱུང་གནས།
མི་འགྱུར་དད་པའི་སྟོབས་ཀྱིས། སྒོ་གསུམ་འདུད་བཞིན་སླེབས་ཡོད།

No comments: