༼ སེམས་ཀྱི་མཆོད་དབྱངས། ༽
ཚིག འབྲུག་ལྷ་རྒྱལ། དབྱངས།
བློ་གསལ། ལེན་མཁན།
ཀླུ་མོ་མཚོ།
ཚེ་རབས་འོད་ཀྱི་ཕྲེང་བ་གངས་ལ་བརྒྱུས་ཡོད།
ཐོག་མའི་ལྟེ་ཁྲག་དམར་པོ་སྤང་ལ་འཐིམ་ཡོད།
སྙིང་གི་དམ་བཅའ་བརྟན་པོ་བྲག་ལ་བྲིས་ཡོད།
ངག་གི་སྨོན་ལམ་དག་མོ་ཁྱེད་ལ་བཏབ་ཡོད།
སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང་།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག།
གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕ་ས་ཕ་ཡུལ།
ང་ཡི་གངས་ལྗོངས་ཕྱུག་མོ།
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ།
ཕ་ས་ཕ་ཡུལ།
ལས་ཀྱི་བསོད་ནམས་ཆོས་ལྡན་ཞིང་ལ་བཅོལ་ཡོད།
དད་པའི་རྩེ་མོ་རྣམ་དཀར་ལས་ལ་ཟུག་ཡོད།
འཚར་བའི་ལང་ཚོ་ཆོལ་གསུམ་ཡུལ་ལ་ཕུལ་ཡོད།
མཐའ་མའི་རུས་གོང་གངས་རིའི་ལྗོངས་ལ་དབང་ཡོད།
སེམས་ཁོང་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མིན་རུང་།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག།
གནས་ཡུལ་གང་དུ་བསྡད་ཀྱང་རུང་།
ས་ཕྱོགས་གང་དུ་ཆས་ཀྱང་རུང་།
ང་ཡི་ཡིད་སེམས་ཁྱེད་ལ་གཏད་ནས་ཡོད།
ཕ་ས་ཕ་ཡུལ།
ང་ཡི་གངས་ལྗོངས་ཕྱུག་མོ།
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་ཕུལ་ཡོད།
ང་ཡི་གངས་ལྗོངས་ཕྱུག་མོ།
ཕ་ས་ཕ་ཡུལ།
No comments:
Post a Comment