ལོ་བརྒྱད་ཅུའི་ཚེ་གཡང་བོད་ལ་གནང་།
གཞས་ཚིག ཁ་གྱའི་ཁྱུང་སྔོན།
གཞས་གདངས། འཇམ་དབྱངས་བཀྲ་ཤིས།
གཞས་མ། ཧོར་གཙང་ལྷ་ལུང་མཚོ།
གཞས་གདངས། འཇམ་དབྱངས་བཀྲ་ཤིས།
གཞས་མ། ཧོར་གཙང་ལྷ་ལུང་མཚོ།
Lhalong Tso new song ''Longevity''
藏族歌手霍尔仓拉浪措新歌
藏族歌手霍尔仓拉浪措新歌
ཆོས་དཀར་པོའི་བསྟན་པ་བོད་ནས་དར།། བོད་ལས་འབྲས་བརྩིས་པའི་བཀའ་དྲིན་གྱིས།།
རྗེ་བླ་མ་དགུང་ལོ་བརྒྱད་ཅུར་བཞུགས།། ལོ་བརྒྱད་ཅུའི་གཡང་རྟེན་བོད་ལ་གནང༏།
རྗེ་བླ་མའི་སྐུ་ཚེ་རིང་ནོ་འདི།།
བོད་མགོ་ནག་ཚང་གི་བདེ་སྐྱིད་རེད།།
ས་རུ་སྒར་བཅུ་གཅིག་བསོད་ནམས་རེད།།
གསུང་མཛད་པ་འཕྲིན་ལས་བོད་ནས་རྒྱས།། བོད་འགྱུར་མེད་དད་པའི་བདེན་སྟོབས་ཀྱིས།།
རྗེ་བླ་མ་དགུང་ལོ་བརྒྱད་ཅུར་བཞུགས།། ལོ་བརྒྱད་ཅུའི་ཚེ་གཡང་བོད་ལ་གནང༏།
རྗེ་བླ་མའི་སྐུ་ཚེ་རིང་ནོ་འདི།།
བོད་མགོ་ནག་ཚང་གི་བདེ་སྐྱིད་རེད།།
ས་རུ་སྒར་བཅུ་གཅིག་བསོད་ནམས་རེད།།
ཐུགས་བྱམས་བརྩེའི་ཉི་མ་བོད་ནས་ཤར།། བོད་མགོ་ནག་དམ་ཚིག་གཙང་མ་ཡིས།།
རྗེ་བླ་མ་དགུང་ལོ་བརྒྱད་ཅུར་བཞུགས།། ལོ་བརྒྱད་ཅུའི་གྱ་སྟོན་བོད་ལ་གནང༏།
རྗེ་བླ་མའི་སྐུ་ཚེ་རིང་ནོ་འདི།།
བོད་མགོ་ནག་ཚང་གི་བདེ་སྐྱིད་རེད།།
ས་རུ་སྒར་བཅུ་གཅིག་བསོད་ནམས་རེད།།
No comments:
Post a Comment