Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

24 Dec 2020

Lobsang Delek 2021 ''The Land of Others''

 2021 藏族歌手洛桑德勒的新歌 ''异国他乡'' 

མི་ཡུལ་ལུང་པ། ཚིག་དམངས་ཁྲོད། དབྱངས། བློ་བཟང་བདེ་ལེགས། ༢༠༢༡

New Tibetan Song ''The Land of Others'' from Lobsang Delek





མི་ཡུལ་ལུང་པ།

ཚིག་དམངས་ཁྲོད།
དབྱངས། བློ་བཟང་བདེ་ལེགས།

གནམ་སྨོན་པོ་འོག་གི་སྥྲིན་དཀར་པོ་དེ།
སྥྲིན་དཀར་འོག་ནས་དར་ལྕོག་ཅིག་བཙུགས།
ས་ཆ་འདི་ནི་ག་བར་ལུང་པ་རེད།
ས་ཆ་འདི་ནི་མི་ཡུལ་ལུང་པ་རེད།

དྲན་གདྲང་གི་མཆི་མིག་ནང་ལ་ཡོད།
མཇལ་འདོད་ཀྱི་སྡུག་བསྡལ་སེམས་གཏིང་ལ་ཡོད།
ཨེ་མ་བདག་གི་སྐྱིད་པའི་ཕ་ཁྱིམ་ན།
མགྱོགས་ནས་ལོག་རྒྱུ་བྱུང་ན་བསམ།
ཨུ་ལ་ལ། ང་ཡི་ཕ་མ་ལོ།
ཨུ་ལ་ལ། ང་ཡི་སྤུན་ཟླ་ལོ།
མཐའ་ཡས་རྒྱ་མཚོའི་ཕ་རོལ་ནས།
གླུ་ཡི་ལེགས་སྐྱེས་ཡར་ལ་འབུལ།

གནམ་སྨོན་པོ་འོག་གི་སྥྲིན་དཀར་པོ་དེ།
སྥྲིན་དཀར་འོག་ནས་དར་ལྕོག་ཅིག་བཙུགས།
ས་ཆ་འདི་ནི་ག་བར་ལུང་པ་རེད།
ས་ཆ་འདི་ནི་མི་ཡུལ་ལུང་པ་རེད།
རི་མཐོན་པོའི་འདབས་ཀྱི་ཆུ་བོ་དེ།
ཆུ་བོས་ང་ལ་སྐད་ཆ་ཞིག་དྲིས།
ས་ཆ་འདི་ནི་ག་བར་ལུང་པ་རེད།
ས་ཆ་འདི་ནི་མི་ཡུལ་ལུང་པ་རེད།

བརྗེད་དཀའ་བའི་རྒྱང་རིང་ཆོས་གྲོཊ་དང༏
སྙིང་ཉེ་བའི་དྭངས་གཙང་མཛའ་མོ་ལཊ།
ཨེ་མ་ང་ཚོའི་ཆུང་དུས་ཀྱི་འཚོ་བ་དེ།
སེམས་ནང་ལ་ཡང་ཡང་འཁོར་བཞིན་ཡོད།
ཨུ་ལ་ལ། ང་ཡི་གྲོགས་པོ་ལོ།
ཨུ་ལ་ལ། ང་ཡི་མཛའ་མོ་ལོ།
རྒྱུས་མེད་མི་ཡུལ་ས་མཐའ་ནས།
ངག་གིས་དྲན་གསོ་ཡར་ཞུ།



Pema Tso པདྨ་མཚོ། 班玛措 2020 - འོད་ཀྱི་ལམ་བུ། I 高原正能量 Amdo TV



20 Dec 2020

2021 Tibetan New Year Recording

 

2021 Tibetan New Year Amdo Gala 
Recording and Preparing
ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ཆེན་མོ༼ལོ་ཡག་བཀྲ་ཤིས་རང་འགྲུབ༽ ༢༠༢༡
2021年藏族新年安多晚会录制和准备工作














18 Dec 2020

Sherten and Khawa Dhondup 2020

 ༢༠༢ལོའི་ཤེར་བསྟན་དང་ཁ་བ་དོན་འགྲུབ་གཉིས་ཀྱི་གཞས་གསར།

谢旦&卡哇东智最新单曲 ''金山之家''2020




རི་གསེར་ལྡན་ཚང་།
ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
དབྱངས།   བློ་གསལ།
ལེན་མཁན།  ཤེར་བསྟན། ཁ་བ་དོན་འགྲུབ།

རི་གསེར་ལྡན་ཡག་གི་གོང་ཁ་ནས།།
ལུག་གཡང་དཀར་འབའ་སྒྲ་སྤྲིན་ལ་འདྲེས།།
ལུག་འཚོ་སྐྱོང་ཡག་གི་རྫི་བོ་འདིའི།།
ལས་བསམ་དོན་འགྲུབ་པའི་ཁ་གཡང་འབོད།།

རི་གསེར་ལྡན་ཡག་མོའི་སྤང་དཀྱིལ་ནས།།
འབྲི་རྒྱ་རྒྱ་རོག་རོག་རླུང་ལ་འདྲེས།།
འབྲི་ཐུལ་དཀར་བཞོ་བའི་སྨན་ཆུང་འདིའི།།
གནས་ལམ་ཁ་དཀར་བའི་སྨོན་ཚིག་འབུལ།།

རི་གསེར་ལྡན་ཡག་མོའི་སྤང་ཐང་ནས།།
རྟ་སྔོ་སྔོའི་བང་རྩལ་རྡུལ་ལ་འདྲེས།།
རྟ་འདོ་བ་ཞོན་པའི་སྟག་ཤར་འདིའི།།
ལས་རླུང་རྟ་དར་བའི་ཀྭི་བསོ་སྒྲོགས།།

རི་གསེར་ལྡན་སྐྱིད་པའི་གཡང་ཁྱིམ་ནས།།
དྲིན་ཕ་མའི་བློ་སེམས་ཆོས་ལ་འདྲེས།།
ལག་ཙན་ཏན་ཕྲེང་བའི་རྒྱན་ཤོམ་འདིའི།།
གཞི་འཚོ་བ་རྟག་པའི་ཁ་རྒྱན་ཡོད།།

རི་གསེར་ལྡན་ཡག་གི་སྡེ་གྲོང་ནས།།
བུ་ཚ་བོ་སྐད་དང་ཡི་གེར་འདྲེས།།
ལག་སྨྱུག་ཆུང་འཛིན་པའི་གཅེས་ཕྲུག་འདིའི།།
ལས་ལམ་ཁ་ཡངས་པའི་སྨོན་ལམ་འདེབས།།

14 Dec 2020

Rigzin Dolma 仁增卓玛 2020

 རིག་འཛིན་སྒྲོལ་མའི་གཞས་གསར་གསེར་གྱི་གའུ། ༢༠༢༠

仁增卓玛最新单曲「金嘎乌」2020



13 Dec 2020

Yangchen lhamo 央金拉姆 དབྱངས་ཅན་ལྷན་མོ། - ཆུང་འདྲིས། 意中人

 ༢༠༢༠ལོའི་དབྱངས་ཅན་ལྷ་མོའི་རྐྱང་གཞས་གསར་བ།

央金拉姆最新单曲  ''意中人'' 2020




ཆུང་འདྲིས། 
ཚིག མྱིང་མེད།
དབྱངས། རིན་ཆེན་ནོར་བུ།
ལེན་མཁན། དབྱངས་ཅན་ལྷན་མོ།

སེར་གྱི་ལེར་དབྱར་ཟླ་ཚེས་ནས།།
ན་མེ་ཏོག་བཞད་ན་ཡག་ཀི།
ལུག་གཡང་དཀར་སྤྲིན་དང་འདྲེས་དུས།།
སྤྲིན་དཀར་པོར་ཚིག་གསུམ་བསྐུར་ཡོད།།
    
ཁྱོའི་ཨ་ལན་འབྲུག་ཆུང་འདྲ་བོ།།
ཆར་སིམ་སིམ་ཞིག་ལ་ཤོད་དང༏།
ལོ་ཟླ་བར་བཏབ་པའི་བརྩེ་བ།།
སྤང་བདེ་མོའི་པང་ལ་འཁྲུངས་ཡོང༏།

རི་མཐོན་པོའི་མགོ་ཡི་མཚམས་སྤྲིན།།
ཆུང་བྱམས་པ་དྲན་པའི་གཞི་རེད།།

མཚན་རིང་མོའི་ལྷིང་འཇགས་ཁྲོད་ནས།།
དགུང་ཟླ་བར་ཚིག་གསུམ་བསྐུར་ཡོད།།

ཁྱོའི་ཨ་ལན་སྐར་ཆེན་འདྲ་བོ།།
རླུང་འཇམ་པོ་ཞིག་ལ་ཤོད་དང༏།
ལོ་ཟླ་བར་བསྙལ་བའི་འཚོ་བ།།
ནམ་སྐྱ་རེངས་པང་ལ་འཁྲུངས་ཡོང༏།


12 Dec 2020

Lhalong Tso ཧོར་གཙང་ལྷ་ལུང་འཚོ། 霍尔仓拉浪措

 ༢༠༢༠ བཀྲ་ཤིས་ཞབས་བྲོ། ཧོར་གཙང་ལྷ་ལུང་མཚོ། 
吉祥舞 演唱 霍尔仓拉浪措

ཚིག  དམངས་ཁྲོད། དབྱངས།  དམངས་ཁྲོད། ལེན་མཁན།  ཧོར་གཙང་ལྷ་ལུང་མཚོ།




 བཀྲ་ཤིས་ཞབས་བྲོ། 

ཚིག  དམངས་ཁྲོད།
དབྱངས།  དམངས་ཁྲོད།
ལེན་མཁན།  ཧོར་གཙང་ལྷ་ལུང་མཚོ།

ཤར་ནས་ཉི་མ་དམར་པོ་དེ་མ་ཤར་ན།།
ནུབ་ཀྱི་འཁྱགས་རོམ་དཀར་པོ་དེ་ག་ལ་ཞུ།།
ནུབ་ཀྱི་འཁྱགས་རོམ་དཀར་པོ་དེ་ག་ལ་ཞུ།།

ནུབ་ཀྱི་འཁྱགས་རོམ་དཀར་པོ་དེ་མ་ཞུ་ན།།
ཆུ་ལ་ཞུན་ཆུ་སྔོན་མོ་དེ་ག་ལ་ཡོང་།།
ཆུ་ལ་ཞུན་ཆུ་སྔོན་མོ་དེ་ག་ལ་ཡོང་།།

ཆུ་ལ་ཞུན་ཆུ་སྔོན་མོ་དེ་མ་བྱུང་ན།།
ཤིང་ལ་ཙན་དན་སྡོང་པོ་དེ་ག་ལ་ཡོང་།།
ཤིང་ལ་ཙན་དན་སྡོང་པོ་དེ་ག་ལ་ཡོང་།།

ཤིང་ལ་ཙན་དན་སྡོང་པོ་དེ་མ་བྱུང་ན།
བྱ་ལ་ཁུ་བྱུག་སྔོན་མོ་དེ་ག་ལ་ཡོང་།།
བྱ་ལ་ཁུ་བྱུག་སྔོན་མོ་དེ་ག་ལ་ཡོང་།།

བྱ་ལ་ཁུ་བྱུག་སྔོན་མོ་དེ་མ་ཡོང་ན།
དབྱར་དགུན་གཉིས་ཀྱི་དབྱེ་བ་དེ་ག་ལ་ཆོད།།
དབྱར་དགུན་གཉིས་ཀྱི་དབྱེ་བ་དེ་ག་ལ་ཆོད།།

དབྱར་དགུན་གཉིས་ཀྱི་དབྱེ་བ་དེ་མ་ཆོད་ན།།
དགུན་གྱི་བང་མཛོད་ཆེན་པོ་དེ་ག་ལ་གང་།།  
དགུན་གྱི་བང་མཛོད་ཆེན་པོ་དེ་ག་ལ་གང་།།

10 Dec 2020

Tsewang Lhamo 泽旺拉姆 ཚེ་དབང་ལྷ་མོ། 2020

 ཚེ་དབང་ལྷ་མོའི་ཆོས་དབྱངས་གསར་བ། ༼རྗེ་ཙོང་ཁ་པའི་གསོལ་འདེབས་དམིགས་བརྩེ་མ།༽

泽旺拉姆最新佛乐《宗喀巴大师祈请文》2020





༼རྗེ་ཙོང་ཁ་པའི་གསོལ་འདེབས་དམིགས་བརྩེ་མ།༽

དབྱངས།  ཀརྨ།
རོལ་མོ་སྒྲིག་བཟོ།  ཏན་ཏན།
ལེན་མཁན།  ཚེ་དབང་ལྷ་མོ།  

༄༅།།དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། 
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།

9 Dec 2020

Sonam Choedon 索南曲珍 无缘无故 ལས་འཕྲོ་སུ་ལ་མེད་པས། 2020

 无缘无故 ལས་འཕྲོ་སུ་ལ་མེད་པས།

ཚིག གཡག་གྲུ་གཟིངས། དབྱངས། ལི་ཐང་འཇམ་དབྱངས། ལེན་མཁན། བསོད་ནམས་ཆོས་སྒྲོན།

索南曲珍最新歌曲《无缘无故》2020




ལས་འཕྲོ་སུ་ལ་མེད་པས།
ཚིག གཡག་གྲུ་གཟིངས། 
དབྱངས། ལི་ཐང་འཇམ་དབྱངས། 
ལེན་མཁན། བསོད་ནམས་ཆོས་སྒྲོན།

མི་རྟག་སྣང་བའི་འཁོར་ཕྱོགས་ཤིག་ལ།
ཚིག་གི་མེ་ཏོག་དཀར་དམར་བབས་བྱུང་།  
ལོ་ཟླའི་དྲན་པ་ནི། ཆུ་ཡི་ཡུར་མོ་འདྲ།  
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།
ཨོ་ཧོ།  ལོ་ཟླའི་དྲན་པ་ནི། ཆུ་ཡི་ཡུར་མོ་འདྲ།  
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།

ལས་ཀྱི་ལ་མོའི་རབ་ཁ་ཡངས་པོར།
རྨི་ལམ་དཀར་པོའི་འདབ་གཤོག་གཉོར་མྱོང་།
འདས་པའི་ཁ་ཆད་ནི། རླུང་ཁའི་མར་མེ་འདྲ།
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།
ཨོ་ཧོ། འདས་པའི་ཁ་ཆད་ནི། རླུང་ཁའི་མར་མེ་འདྲ།
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།

འགྲོ་ཁའི་རྒྱབ་གཟུགས་མིག་གིས་འཚོས་ནས།
ཚིག་གི་མདུད་པ་ངག་ནས་མ་ཁྲོལ།
སེམས་ཀྱི་སྨྲེང་བ་ནི། ལ་ཁའི་སྨུག་པ་འདྲ།
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།
ཨོ་ཧོ། སེམས་ཀྱི་སྨྲེང་བ་ནི། ལ་ཁའི་སྨུག་པ་འདྲ།
ལས་འཕྲོ་སུ་ལ་མེད་པས་ལེ་བདའི་ན་ཟུག་ལུས་སོང་།

8 Dec 2020

Anu Ranglug ཨ་ནུ་རིང་ལུགས། 2020 一路酒歌

 ༢༠༢༠ ལོའི་ཨ་ནུ་རིང་ལུགས་ཀྱི་གཞས་གསར་པ།

ANU组合 谨以新歌《一路酒歌》ཆང་གཞས།
作词 : ANU/黎智坚措 作曲 : ANU/旦旦 编曲 : 旦旦




ཆང་གཞས།
གླུ་བ། ཨ་ནུ་རིང་ལུགས།

རྒྱང་རིང་གི་གྲོགས་པོ། ཁྱོད་རང་ལྷོད་ཙམ་སྒུག
སེམས་མ་དོགས། ག་ལེར་ཤོག
བྲེལ་བ་ལ་ཤོར་བའི་འཚོ་བ་གནས་འདིར་ལྷོད་ཙམ་ལ་འཇོག ཨོ།
ཁྱོད་རང་ལ་གསོལ་བའི་ཆང་གི་འདུན་པ་དེ་བཀང་ཡོད།

ལྟོས་ཡ་སྤྲིན་པ་དཀར་པོ་འཁྱུག་པའི་རྗེས་ནམ་མཁའི་དབྱིངས་ནས་འཇའ་ཚོན་གྱིས་ཁྱོད་རང་ལ་བསུས་ཡོད།
ལྟོས་ཡ་མཚར་སྡུག་གི་ལང་ཚོ་དེ་དང་། མ་འོངས་ལ་རེ་བའི་མིག་ཟུང་རེ་རེས་ཁྱོད་རང་ལ་སྒུག་ཡོད།
ད་མཉམ་དུ་ཆང་ལ་དང་པོ་ནས་གཉིས་པ་ནས་གསུམ་པ་ཞེས་ད་རུང་ཡང་ཡང་དུ་ཁ་སང་གི་ལོ་ཟླར་ཞེས་གསོལ།
བློ་དོགས་པ་གདའ་ཚད་ཕ་རོལ་ལ་དབྱུག་ནས་མདུན་ལ་ཤོག ཨོ།

གཅིག་འཐུང། གཉིས་འཐུང་། གསུམ་འཐུང་ཡང་འཐུང་།
འཚོ་བ་ཡིས་གཏང་བའི་ཚོར་བའི་བྲོ་བ་དེ་འཐུང་།
བསླར་ཡང་དུ། གཅིག་འཐུང་། གཉིས་འཐུང་། གསུམ་འཐུང་ཡང་འཐུང་།
དགའ་སྡུག་གི མིག་ཆུའི། རྔུལ་ཆུའི། འཚོ་བ་དེ་འཐུང་།
མཛེས་སྡུག་ལ་མཚོན་པའི་བསྐལ་བཟང་མེ་ཏོག
རིག་ཤེས་ན་སེམས་ཀྱི་ནང་ལ་བཞད་ཆོག
ངོ་མཚར་ལ་བཤམ་པའི་གནམ་གྱི་མཚོ་མོ།
ལྟ་ཤེས་ན་དབྱིངས་ཀྱི་ནང་ལ་ཤར་ཡོད།
འོད་ཀྱི་ཕྱོགས་ལ་བསྐྱོད་པ་དེའི་སྣང་བ་ལ་བཞོན་ནས།
ཚར་རྒྱུ་མེད་པའི་རྩོད་གླེང་དེའི་ར་བ་ནས་བྲོས་ཏེ།
དགའ་བ། སྐྱོ་བ། འཚོ་བ། རེ་བ་དག ཁྱེར་ནས།
མཚར་སྡུག་ལས་དབང་འཚོལ་བ་ཡི་ལམ་ཁ་ལ་ཕེབས་རན།

ཚངས་དབྱངས་རྒྱ་མཚོའི་གསུང་མགུར་སྙན་དབྱངས་ལ་འགྲོས་ནས།
ཡིད་ལ་ཚུད་པ་ཡི་ངོ་གདོང་དེ་ཡང་ཤར་སོང་།
ཤར་ཕྱོགས་རི་བོའི་རྩེ་ནས།
དཀར་གསལ་ཟླ་བ་ཤར་སོང་།
མ་སྐྱེས་ཨ་མའི་ཞལ་རས།
ཡིད་ལ་འཁོར་འཁོར་བྱས་བྱུང་།
སྙན་པའི་གླུ་སྒྲ་ལ་ཉན་དང་།
སེམས་ཀྱི་གཏམ་དེ་དབྱངས་ཀྱི་ནང་ལ་ཡོད།
ང་དང་མཉམ་དུ་ལ་ཤོག་ཡ།
མཉམ་དུ་སྣང་བའི་འཆར་ཡན་གླིང་གར་འགྲོ།

རི་ཀླུང་མང་པོ་བརྒལ་ནས་རྨི་ལམ་གསར་པའི་སྟེགས་བུར་སླེབས་པས།
སྐར་ཚོགས་འགྲོས་ནས་ངོམ་པའི་བདག་གི་ལྟད་མོའི་ཕྱོགས་ལ་ལྟོས་ཡ།
གདོང་དམར་ཅན་གྱི་མི་རིགས་འདིའི་ལྷད་མེད་འཛུམ་མདངས་དེ་ཡིས།
སུན་པའི་ཡིད་སེམས་ནང་ལ་དགའ་བའི་དྲོད་སྣང་ཞིག་སྟེར་རེད།

རྒྱང་རིང་གི་གྲོགས་པོ་ལྷོད་ཙམ་སྒུག།
ཆང་ལ་དང་པོ་གཉིས་པ་གསུམ་ལ་གསོལ།
ད་ཡང་བཤད་སྐད་ཆར་མ་གཏོང་།
བཀྲ་ལ་ཤིས་པའི་ཆང་དེ་ཡང་ལ་གསོལ་ལོ།
གཅིག་འཐུང་། གཉིས་འཐུང་། གསུམ་འཐུང་ཡང་འཐུང་།
འཚོ་བ་ཡིས་གཏང་བའི་ཚོར་བའི་བྲོ་བ་དེ་འཐུང་།
སླར་ཡང་དུ གཅིག་འཐུང༏ གཉིས་འཐུང༏ གསུམ་འཐུང་ཡང་འཐུང་།
དགའ་སྡུག་གི་ མིག་ཆུའི། རྔུལ་ཆུའི། འཚོ་བ་དེ་འཐུང་།

སྙན་པའི་གླུ་སྒྲ་ལ་ཉན་དང་།
རྒྱང་རིང་གི་གྲོགས་པོ་ཁྱོད་རང་ལྷོད་ཙམ་སྒུག།
ང་དང་མཉམ་དུ་ལ་ཤོག་ཡ།
མཐའ་མར་ཡང་དུ་གཅིག་དང་གཉིས་དང་གསུམ་གྱིས་ཆང་གིས་སྨོན་ལམ་ཞུ་ལོ།
སྙན་པའི་གླུ་སྒྲ་ལ་ཉན་དང་།
ང་དང་མཉམ་དུ་ལ་ཤོག་ཡ། མཉམ་དུ་ཤོག ཨོ།

7 Dec 2020

Tsering Dhondup 才让东珠 ཚེ་རིང་དོན་འགྲུབ། 2020

 ༢༠༢༠ལོའི་ཚེ་རིང་དོན་གྲུབ་ཀྱི་རྐྱང་གཞས་གསར་པ།

才让东珠原创新歌歌曲《吉人天相》2020
གཡང་གི་ཁ་འཛིན། 
ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས། དབྱངས། ཚེ་རིང་དོན་གྲུབ། 
ལེན་མཁན། ཚེ་རིང་དོན་གྲུབ།




ལྷ་ཡི་ལྕམ་མོའི་རི་ལ་འབྲི་བརྒྱ་འཁོར།།
འབྲི་བརྒྱ་ལྷས་ལ་འཛོམས་པའི་སྨན་ཆུང་ཡག།
སྨན་ཆུང་ངག་གི་འབྲི་མོའི་བཞོ་དབྱངས་སྙན། 
ཤུག་དམར་བཞོ་ཟེའུ་དུང་གི་འོ་མས་གང༏།
ལྷ་ཡི་ལྕ་མོའི་རི་ལ་འབྲི་བརྒྱ་འཁོར།།
བེའུ་བརྒྱ་རྡང་ལ་འདོགས་པའི་སྨན་ཆུང་སྐྱིད།།
སྨན་ཆུང་སྦྲ་ནག་ནང་གི་གཡང་འཛིན་མ།།
གཡང་ཁྱིམ་སྨུག་པོ་དཀར་གསུམ་བཅུད་ཀྱིས་ཕྱུག། 
བུ་མོ་གཡང་གི་རུ་མ།།
གཡང་འབྲི་དཀར་མོའི་བདག་པོ།། 
གཡང་ལ་གཡང་ར་ཡག་པོ།། 
རོག་རོག་ནོར་གྱིས་གང་སོང༏། 
གཡང་འཛིན་ན་ཆུང་བུ་མོ།།

ལྷ་ཡི་ལྕམ་མོའི་མདོ་ལ་རྟ་བརྒྱ་འཁོར།།
རྟ་བརྒྱ་སྤང་ལ་འཁོར་བའི་སྟག་ཤར་སྐྱིད།།
བང་ཁ་རྩལ་གྱིས་གང་བའི་དགའ་བ་ལ།།
འཚེར་སྐད་རི་ལ་ཁྱབ་དུས་སྐྱིད་པ་ལ།།
ལྷ་ཡི་ལྕམ་མོའི་མདོ་ལ་རྟ་བརྒྱ་འཁོར།།
རྟ་བརྒྱ་སྤང་ལ་འཁོར་བའི་སྟག་ཤར་སྐྱིད།།
ཀི་བསྭོའི་རང་སྒྲ་སྒྲོག་པའི་རྟེན་འབྲེལ་ཡག།
སྐུ་བསོད་ཀླུང་རྟ་དར་བའི་དཔུང་རྒྱན་རེད།
སྟག་ཤར་རྟ་བརྒྱའི་ཁ་འཛིན།།
གྱོ་རྒྱ་གཡུ་ལོའི་བདག་པོ།།
གཡང་ལ་གཡང་ར་གྲུ་བཞི།།
ཁམ་པ་རྟ་ཡིས་གང་སོང༏།
སྟག་ཤར་ཚེ་རིང་ལོ་བརྒྱ།།

1 Dec 2020

anti-aids reminder song 防艾提醒歌 ཨེ་འགོག་དྲན་སྐུལ་གླུ་དབྱངས།

༢༠༢༠ལོའི་མཉམ་ལེན་རྐྱང་གཞས་གསར་པ།

གཞས་ཚིག   རུ་དམ་སྐལ་བཀྲ།  གཞས་གདངས།  རྫོགས་ཆེན་བསྟན་འཛིན།

གཞས་གཏོང་མཁན།  འོ་མཚོ།  རྫོགས་ཆེན་བསྟན་འཛིན། བསོད་ནམས་མགོན་པོ།  སྒྲོལ་མ་མཚོ།

防艾提醒歌 ( 2020 )

演唱:文措, 佐庆丹真, 索南贡布, 卓玛措



གངས་ཅན་པ་ཁྱེད་ལ་ནམ་ཡང་སྙིང་ནས་དགའ།
 གངས་ཅན་པ་ནམ་ཡང་ཁྱེད་ལ་དགའ།
 གངས་ཅན་པ་ནམ་ཡང་ཁྱེད་ལ་དགའ།
 གངས་ཅན་པ་ནམ་ཡང་ཁྱེད་ལ་དགའ།

བསམ་དཀར་གྱི་གླུ་དབྱངས་འདིས་ཁྱེད་ལ་དྲན་གསོ་ཞུ།
མི་ལུས་དང་མི་སྲོག་རིན་ཐང་གཞལ་དུ་མེད།
སྣང་མེད་དང་རྩིས་ཆུང་སུ་ཡིས་ཕོད།
ཁྱེད་ཀྱི་བདེ་ཐང་ཨེ་ཛི་ཡིས་བརླག་མི་ཉན།
ལུས་འབྲེལ་གྱི་འགོ་མཆེད། ཁྲག་གཤེར་གྱི་འགོ་མཆེད།
མ་ལུས་ཀྱི་འགོ་མཆེད།
ཁྱེད་ཀྱིས་སྔོན་འགོག་ལ་འབད་རོགས་གནོངས།
གངས་ཅན་པ། འཕྲོད་བསྟེན་གྱི་རེ་འབོད།
རང་འདུན་པས་ནམ་ཡང་ཁྱེད་ལ་ཞུ།
རང་འདུན་པས་ནམ་ཡང་ཁྱེད་ལ་ཞུ།
བསམ་དཀར་གྱི་གླུ་དབྱངས་འདིས་ཁྱེད་ལ་དྲན་གསོ་ཞུ།
མི་ལུས་དང་མི་སྲོག་རིན་ཐང་གཞལ་དུ་མེད།
ཨེ་ཛི་ཡི་ནད་པར་སུས་མི་གཅེས།
ཁོ་རང་ཚོ་ལ་ང་ཅག་གིས་བརྩི་འཇོག་དགོས།
ཁ་ཆུ་དང་སྣ་ཆུ། མིག་ཆུ་དང་རྔུལ་ཆུ།
ཁ་རླངས་དང་གཅིན་པས།
ཁྱེད་ལ་མི་འགོ་བ་རྟོགས་རོགས་གནོངས།
གངས་ཅན་པ། བསམ་ཤེས་ཀྱི་རེ་འབོད།
རང་འདུན་པས་ནམ་ཡང་ཁྱེད་ལ་ཞུ།
རང་འདུན་པས་ནམ་ཡང་ཁྱེད་ལ་ཞུ།