Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

18 Aug 2019

拉吉最新歌曲 ''高山吉祥鸟'' 2019

གཞས་མ་ལྷ་སྐྱིད་ཀྱི་གཞས་གསར།སྟོད་ཀྱི་བྱ་གསུམ།
西藏歌手拉吉最新歌曲 <高山吉祥鸟>
Tibetan singer Lhakyi new song ''Alpine lucky bird'' 2019





༼ སྟོད་ཀྱི་བྱ་གསུམ། ༽
ཚིག་དང་དབྱངས། དཔལ་མགོན། གཞས་མ།ལྷ་སྐྱིད།

སྟོད་གན་ན་བྱ་གསུམ་འཕུར་ནོ་འདི། བྱ་སྔོན་མ་རྨ་བྱ་སྒྲོ་ཡག་རེད། བྱ་ཡག་ནས་བླ་མ་མ་རེད།
སྒྲོ་ཡག་པ་བུམ་པའི་ཁ་རྒྱན་རེད། གས྄ེར་བུམ་ཆུང་འཛིན་པའི་བླ་མ་ཚོ།
བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།


སྟོད་གན་བྱ་གསུམ་འཕུར་ནོ་འདི། བྱ་བར་མ་ཐང་དཀར་སྒྲོ་ཡག་རེད།
བྱ་ཡག་ནས་སྟག་ཤར་མ་རེད། སྒྲོ་ཡག་པ་མདའ་མོ་བསྟོད་སྤྱད་རེད།
མདའ་ཉག་ཕྲན་འཛིན་པའི་སྟག་ཤར་ཚོ། བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།


སྟོད་གན་ན་བྱ་གསུམ་འཕུར་ནོ་འདི། བྱ་གཞུག་མ་ཁུ་བྱུག་སྔོན་མོ་རེད། བྱ་ཡག་ནས་བུ་མོ་མ་རེད།
སྐད་ཡག་པ་བུ་མོའི་གནས་སྐད་རེད། སྨན་བུ་མོ་གནས་ལ་འགྲོ་ནི་ཚོ།
བྱ་གན་ཚོ་མ་བརྗེད་ཡིད་ལ་ཟུངས།



No comments: