གདུགས་དཀར་ཡག་དང་ཕུན་ཚོགས་ནོར་བུའི་གཞས་གསར༼ལམ་ལ་ཆས་དུས།༽༢༠༢༠
ཚིག གཡེ་རུས་རྐང་། དབྱངས། གདུགས་དཀར་ཡག
德格叶合唱平措诺布新歌 ''我在路上'' 2020
ལམ་ལ་ཆས་དུས།
ཚིག གཡེ་རུས་རྐང་།
དབྱངས། གདུགས་དཀར་ཡག
ལེན་མཁན། གདུགས་དཀར་ཡག མོན་ཚ་ཕུན་ཚོགས་ནོར་བུ།
ང་ལམ་ལ་ཆས་དུས།
འགྲོ་ལམ་སྐྱ་མོ་ཞིག་རྒྱང་ན་འཐེན་ཡོད།
མཚན་ལམ་རིང་མོ་རླུང་གིས་བསྒུལ་ཡང་།
ང་འགྲོ་འདོད་ཀྱི་ཞེ་རྩ་རླུང་གིས་མ་འཁུར།
ང་ལམ་ལ་ཆས་དུས།
ངའི་ཞེ་འདང་གི་དཀྱིལ་ན་བསྙལ་བའི་ཕུགས་བསམ་རྒྱང་ན་ཡོད།
ངའི་སྨོན་འདུན་གྱི་ནམ་མཁར་འཛུམ་པའི་རེ་བ་རྒྱང་ན་ཡོད།
ང་ལམ་ལ་ཆས་དུས།
འགྲོ་ལམ་སྐྱ་མོ་ཞིག་རྒྱང་ན་འཐེན་ཡོད།
མཚན་ལམ་རིང་མོ་དགུན་གྱིས་གཙེས་ཀྱང་།
ང་འགྲོ་འདོད་ཀྱི་སེམས་པ་འཁྱག་གིས་མ་འཁེངས།
ང་ལམ་ལ་ཆས་དུས།
ངའི་ཚེ་སྔོན་གྱི་ལས་འཕྲོ་བཞག་པའི་དམ་བཅའ་རྒྱང་ན་ཡོད།
ངའི་མ་འོངས་པའི་འཚོ་བ་གསར་བའི་ཁ་ཕྱོགས་རྒྱང་ན་ཡོད།
No comments:
Post a Comment