Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

22 Nov 2020

Samdup Tsering བསམ་འགྲུབ་ཚེ་རིང་། 三智才让 2020

 ༢༠༢༠ལོའི་བསམ་འགྲུབ་ཚེ་རིང་གི་གཞས་གསར། 

三智才让最新歌曲 轮回中的我 2020




འཁོར་བའི་ནང་གི་ང་།

ཚིག་རྩོམ་མཁན།  གཡེ་རུས་རྐང་།
དབྱངས་རྩོམ་མཁན།  མགར་བསམ་འགྲུབ་ཚེ་རིང་།
གཞས་གཏོང་མཁན།    མགར་བསམ་འགྲུབ་ཚེ་རིང་།

མི་ཚེའི་འཇིགས་སྣང་ཁུར་ནས་རི་བོའི་ཕ་རོལ་བརྒལ་དུས།
མི་ཚོགས་ཁྲི་མ་འབུམ་གྱིས་དུག་གི་ཁ་རླངས་འཕྱུར་སོང་།
འགྲོ་སའི་རྗེས་ཤུལ་རེ་ན་བླ་བཙག་ཁོང་དགོད་མང་བས།
ཕྱིར་མིག་རྒྱང་ལ་གཏད་ནས་གཏན་གྱི་འདུན་མར་བསྙེགས་ཡོད།
འོན་ཀྱང་མི་སེམས་རླུང་ཁའི་དར་རེད། དར་ལྕེ་གང་སར་གཡུག་འགྲོ
འོན་ཀྱང་མི་ཁ་སྐོར་ལོག་ཆུ་རེད།
ཆུ་མོ་གང་སར་བཞུར་འགྲོ
ཚར་རྒྱུ་མེད་པའི་མྱི་ཁས་འགྲོ་སའི་གནས་མལ་བཅད་སོང་།
ང་རང་ངུས་མྱོང་།   ང་རང་བགད་མྱོང་།   
ངུས་ནས་འཚོ་བའི་ལམ་ཁ་བཙལ་ན་ཡ་མཐའི་འཚོ་བའི་སྙིང་བོ་རྟོགས་ཡོང་།
ང་ཡི་འཇིག་རྟེན།  ང་ཡི་མི་ཚེ།    ང་ཡི་འཁོར་བ།  ང་ཡི་བདག་པོ། 

དབྱངས་ཀྱི་གཤོག་པ་བཏགས་ནས་སྒྱུ་མའི་གྲོང་ཚོ་བརྒལ་དུས།
སྐྱོ་སྡུག་རྣ་བར་གླན་པའི་མི་ཚོགས་འཚང་ཁ་ཤིག་ཤིག
རྒོད་པོའི་འཕུར་ལམ་བར་ན་གཡོ་སྒྱུའི་འཛུམ་བག་རྒོད་པས།
ཞི་བདེའི་གཤོག་ཟུང་བརྐྱངས་ནས་བགྲོད་ལམ་མིག་གིས་འཚོས་ཡོད།
འོན་ཀྱང་མི་ཚོགས་ཁ་མང་རླུང་རེད།
རླུང་བུ་གོས་ཀྱིས་མ་ཁོག འོན་ཀྱང་མི་སེམས་སྲ་མོ་རྡོ་རེད།
རྡོ་ཁོག་ཆུ་ཡིས་མ་ལོན།
སྤྲོ་སྣང་མེད་པའི་རེ་བ་སྙིང་སྟོབས་ཡིད་ནས་ཆད་སོང་།
ང་རང་ངུས་མྱོང་།   ང་རང་བགད་མྱོང་།  
བགད་ནས་འཚོ་བའི་གནས་མལ་བཙལ་ན་བདེ་སྐྱིད་འཚོ་བའི་གཞིས་ཀ་རྙེད་ཡོང་།
ང་ཡི་ཚེ་སྲོག   ང་ཡི་ལས་དབང་།   ང་ཡི་ནང་མི།    ང་ཡི་སྤུན་ཟླ།

No comments: