Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

14 Nov 2020

Namtso གནམ་མཚོ། 南措 2020

 གཞས་མ་གནམ་མཚོའི་གཞས་གསར། བོད་མོའི་མགྲིན་དབྱངས།

南措新歌 ''藏家之音'' 2020


བོད་མོའི་མགྲིན་དབྱངས།

གཞས་ཚིག འཇིགས་བྱེད་ཚེ་རིང་།
གཞས་གདངས། གེ་རྒྱལ་པདྨ།
གཞས་མ། གནམ་མཚོ།

གངས་རིའི་རྩེ་ལ་བྱམས་པའི་གཤོག་ཟུང་བརྐྱངས།།
སྦྲ་ནག་ནང་དུ་མེས་པོའི་རུས་རྒྱུད་གཉོར།།
ས་ཆེན་སྟེང་དུ་འཁོར་བའི་རྐང་རྗེས་བྲིས།།
ཁ་བ་ཅན་གྱི་བོད་མོའི་མགྲིན་དབྱངས་སྙན།།
གླུ་ཞིག་ལོངས་དང་། བྲོ་ཞིག་འཁྲོབས་དང་།
སེམས་པ་སེམས་པས་སྦྲེལ་ཆོག
དུང་བ་མཚོ་ལ་བསྐྱིལ་ཆོག

མི་རྒྱུད་གཙང་མའི་ཁྲག་ཡིག་བོད་ལ་བྲིས།།
མ་ཎིའི་མགུར་དབྱངས་སྙན་མོ་དབྱངས་སུ་བཀུག།
ཞིང་ཚིགས་གྲུ་བཞིའི་ནང་གི་མེ་ཏོག་དེ།།
ཁ་བ་ཅན་གྱི་བོད་མོའི་མགྲིན་དབྱངས་སྙན།།
གླུ་ཞིག་ལོངས་དང་། བྲོ་ཞིག་འཁྲོབས་དང་།
རིག་པའི་མེ་ཏོག་འཐུ་ཆོག། སྲིད་པའི་གླུ་ཆུང་ལེན་ཆོག

ཨ་ཕའི་ཞལ་གསུང་དྲོན་མོ་ཡིད་ལ་བསྒོམས།།
ཨ་མའི་ཁ་ཚིག་འཇམ་པོ་ངག་ལ་འཁྲུངས།།
དབྱངས་ཅན་ལྷ་མོའི་བྱིན་རླབས་སེམས་ལ་ཤར།།
ཁ་བ་ཅན་གྱི་བོད་མོའི་མགྲིན་དབྱངས་སྙན།།
གླུ་ཞིག་ལོངས་དང་། བྲོ་ཞིག་འཁྲོབས་དང་།
གངས་ལ་ཉི་མ་ཤར་ཡོང་།

1 comment:

Cimoka said...

Another beautiful song, sung by my favorite Tibetan artist. I only hope that I can see her one day attending one of her live concerts - but this is only an impossible dream. We live worlds apart!