Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

1 Oct 2020

谢旦VS索南曲 Sherten & Sonam Choedon 2020

 Sherten & Sonam Choedon  new song '' Gorshe Danser ''

ཤེར་བསྟན།བསོད་ནམས་ཆོས་སྒྲོན༼སྐོར་བ་བྲོ་ཡིས་བརྒྱབ་སོང་།༽ ༢༠༢༠

谢旦VS索南曲珍新歌《锅庄起舞》



སྐོར་བ་བྲོ་ཡིས་བརྒྱབ་སོང་།

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
དབྱངས། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། ཤེར་བསྟན། བསོད་ནམས་ཆོས་སྒྲོན།

ན་ཁ་མེ་ཏོག་ཐང་ལ་མོ་གཞོན། ཨ་རེ། འཛོམས་སོང་།
འཛོམས་པ་ལན་གཅིག། བྲོ་རེ་ཡག་མོ། བྱུང་སོང་།
འཛུམ་གྱི་པདྨོ་ཡག་ཡག ངག་གི་འགྱུར་ཁུག། བསོ་ལོ་ལོ།
བྱུ་རུའི་ཐོད་ཕྲེང་ལྡེམ་ལྡེམ། ལུས་ཀྱི་སྟངས་སྟབས། སེའེ་ལེ་ལེ།
སྐེད་པ་དྲིལ་ཆུང་གཡུག་གཡུག་སོར་མོའི་མེ་ཏོག་ནི་ལྡེམ་སེར་ལྡེམ།
བསོ་་་་་སྐོར་བ་བྲོ་ཡིས་བརྒྱབ་སོང་། མགྲིན་པའི་སྙན་དབྱངས། བསོ་ལོ་ལོ
བསོ་ཡ་ལ་་་་་་་་་་གོས་ཆེན་འདབ་མ། སེའེ་ལེ་ལེ། ཨ་ལ།  སེའེ་ལེ་ལེ།

ན་ཁ་མེ་ཏོག་ཐང་ལ་ཕོ་གཞོན། ཨ་རེ། འཛོམས་སོང་།
འཛོམས་པ་ལན་གཅིག། བྲོ་རེ་ཡག་མོ། བྱུང་སོང་།
དཔུང་བའི་རི་བོ་ཡག་ཡག བྲོ་གཞས་སྙན་མོ། བསོ་ལོ་ལོ།
རྐང་པའི་ཀ་བ་བཙུགས་ནས། སོག་པ་ལེབ་མོ། སེའེ་ལེ་ལེ།
ལག་པ་གློག་ཞགས་འཁྱུག་འཁྱུག་སྐྲ་ཡི་འདབ་མ་ནི་ལྡེམ་སེར་ལྡེམ།
བསོ་་་་་་སྐོར་བ་བྲོ་ཡིས་བརྒྱབ་སོང་། ལྷན་འཛོམས་དགོད་སྒྲ། བསོ་ལོ་ལོ།
བསོ་ཡ་ལ་་་་་་་ལུས་ཀྱི་ལྡེམ་མྱུར། སེའེ་ལེ་ལེ། ཨ་ལ། སེའེ་ལེ་ལེ།

རྩྭ་ཐང་གདན་ལ་བཏིང་ནས་ང་ཚོ། ཨ་རེ། འཛོམས་སོང་།
འཛོམས་པ་ལན་གཅིག། བྲོ་རེ་ཡག་མོ། བྱུང་སོང་།
འཇའ་ཡི་གུར་ཁང་ཡག་ཡག ཁུ་ལོའི་གསུངས་སྐད།བསོ་ལོ་ལོ།
དགའ་བ་དགོད་སྒྲའི་ཁྲོད་ནས། མེ་ཕུང་སྐོར་བྲོ། སེའེ་ལེ་ལེ།
ཟླ་བའི་འོད་གོར་གསལ་གསལ་སྐར་མའི་རུ་དཔུང་ནི་ཁྲ་ལམ་མེར།
བསོ། སྐོར་བ་བྲོ་ཡིས་བརྒྱབ་སོང་། བྲོ་གཞས་སྙན་མོ། བསོ་ལོ་ལོ།
བསོ་ཡ་ལ་་་་་་་་བྲོ་ར་ཡག་པོ། སེའེ་ལེ་ལེ།
ཨ་ལ། སེའེ་ལེ་ལེ།

No comments: