གཡུ་ཁོག་མཚོ་མོའི་གཞས་གསར༼དར་གླུ་ཚེ་བསྲིངས་དཔལ་བསྐྱེད།༽ ༢༠༢༠
藏族女歌手玉科措姆的新MV歌曲 ''增福益寿之歌''
དར་གླུ་ཚེ་བསྲིངས་དཔལ་བསྐྱེད།
ཚིག འགྲོ་མགོན་ངག་དབང་ཆོས་འཕགས་རྒྱ་མཚོ།
དབྱངས། དམངས་ཁྲོད།
གཞས་མ། གཡུ་ཁོག་མཚོ་མོ།
གླུ་ཨ་ལ་བདེ་ཆེན་འབར་བའི་གླུ།
མ་ཐ་ལ་གསལ་སྟོང་བརྗོད་བྲལ་གླུ།
དོན་རང་བྱུང་ཡེ་ཤེས་མཇལ་བའི་གླུ།
སེམས་ཆོས་སྐུའི་བཙན་ས་ཟིན་པའི་གླུ།
གནས་འོག་མིན་མཁའ་སྤྱོད་དག་པའི་ཞིང་།
དཔལ་བདེ་ཆེན་དབང་གི་ཕོ་བྲང་ནས།
མ་ཅིག་གྲུབ་པའི་རྒྱལ་མོ་དང་།
སྨན་བཙུན་ཚེ་རིང་མཆེད་ལྔ་སོགས།
ཚེ་ལ་དབང་བའི་མཁའ་འགྲོ་རྣམས།
ངག་བདེན་ཚིག་འགྲུབས་པའི་དཔང་པོར་མཛོད།
ས་འདི་ཡིས་ས་ངོ་མ་ཤེས་ན།
ཤར་རྨ་རྒྱལ་སྦོམ་རིས་མདུན་ཞོལ་ནས།
གླིང་དཀར་པོའི་འདུ་ར་འཚོགས་པའི་ས།
ས་དགུ་ཐང་པདྨ་ཡར་འཁྱིལ་རེད།
མ་ང་འདྲ་ང་ངོ་མ་ཤེས་ན།
དཔའ་གཡུ་ལྷའི་ཚེ་རབས་གཏན་ཀྱི་གྲོགས།
སྨན་དར་ཟྭ་བདེ་སྐྱོང་གཡུ་སྒྲོན་ཡིན།
དཔའ་སྣང་ཆུང་གཡུ་ཡིས་རྒྱ་སྟག་ཁྱེད།
སྤྱིར་ལྒང་པ་བོད་ཀྱི་སྤྱི་ཆས་དང་།
དགོས་གླིང་དཀར་ཕུ་ནུའི་སྒེར་ཆས་ལ།
ཧོར་སེར་པོ་འདུལ་ལ་ཕེབས་དགོས་པའི།
ལམ་ཁ་ཐག་རིང་བའི་མྱུར་བྱོན་ཞུ།
དུས་དེ་རིང་བཀྲ་ཤིས་ལྷ་ཉིན་ལ།
བཞེས་དཀར་ཁྲུང་གཤོག་ལྡེམ་འགྲོས་ནང་།
འཆི་མེད་བདུད་རྩིས་བཅུད་ཀྱིས་བཀང་།
འདི་གསོལ་ཅིག་སྣང་ཆུང་ལྷ་ཡིས་སྲས།
ལྷ་ཚེ་དཔག་མེད་ཀྱིས་ཚེ་སྩོལ་ཅིག།
ཧོར་བདུད་བཞི་དམ་ལ་ཐོག་པར་ཤོག
ཆོས་གསང་སྔགས་བསྟན་པ་རྒྱས་པར་ཤོག
མ་འགྲོ་ཀུན་བདེ་ལ་འགོད་པར་ཤོག
No comments:
Post a Comment