Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

12 Sept 2020

Lhakyi 拉吉 2020【雪域姑娘】拉吉

Lhakyi's new single 2020 ''Khawa Chen Gyi Bhumo''

ལྷ་སྐྱིད་ལགས་ཀྱི་གཞས་གསར། ཁ་བ་ཅན་གྱི་བུ་མོ། ༢༠༢༠

2020【雪域姑娘】拉吉


 ཁ་བ་ཅན་གྱི་བུ་མོ།

 

གཞས་ཚིག   རུ་དམ་སྐལ་བཀྲ།

དབྱངས ཚེ་རིང་དོན་གྲུབ།

ལེན་མཁན། ལྷ་སྐྱིད།

 

སྤང་མེ་ཏོག་ཞལ་ཁ་བྱེ་ས་ན།

སྨན་ན་ཆུང་མཛེས་མའི་གཟུཊ་ཤིག་ཡོད།

གཟུཊ་དེ་ཚོས་མེ་ཏོག་ཡིད་དབང་འཕྲོག

གངས་ཁ་བ་ཅན་གྱི་བུ་མོ་ལགས།

ཁྱོད་མེ་ཏོག་ལས་ཀྱང་མཛེས་པས་ཡིན།

 

བྱ་ཁུ་ལོའི་གསུང་དབྱངས་སྒྲོག་ས་ན།

སྨན་ན་ཆུང་མཛེས་མའི་གླུ་ཞིག་ཡོད།

གླུ་དེ་ཚོས་ཁུ་ལོ་ཡིད་དབང་འཕྲོག

གངས་ཁ་བ་ཅན་གྱི་བུ་མོ་ལགས།

ཁྱོད་ཁུ་ལོ་ལས་ཀྱང་སྙན་པས་ཡིན།

 

མགོན་ཡུལ་ལྷ་དབུ་འཕང་མཐོ་ས་ན།

སྨན་ན་ཆུང་མཛེས་མའི་སེམས་ཤིག་ཡོད།

སེམས་དེ་ཚོས་ལྷ་ཡི་ཡིད་དབང་འཕྲོག

གངས་ཁ་བ་ཅན་གྱི་བུ་མོ་ལགས།

ཁྱོད་ལྷ་སེམས་ལས་ཀྱང་འཇམ་པས་ཡིན།


No comments: