Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

18 Jul 2020

谢旦&才让东珠新歌 - 骏马 ''The Steed''

谢旦&才让东珠新歌 ''骏马'' 2020
ཤེར་བསྟན་དང་ཚེ་རིང་དོན་གྲུབ་ཀྱི་གཞས་གསར། འདོ་རིག་རྟ།
Sherten & Tsering Dhondup's new MV song ''Fare Horse''







འདོ་རིག་རྟ།
ཚིག གངས་དཔལ།
དབྱངས། ཚེ་རིང་དོན་གྲུབ།
ལེན་མཁན། ཤེར་བསྟན། ཚེ་རིང་དོན་གྲུབ། 

འདོ་རིག་རྟ་ཕོའི་ལུས་ལ། དཔྲལ་འཛུམ་ནོར་བུ་དགའ་འཁྱིལ།
མགྲིན་འཛུམ་ཉི་ཟླ་ཁ་སྤྲོད། གསེར་སྲབ་སྐར་མ་སྟོང་ཤར།།
ཡུ་མོའི་མགོ་རྣས་བཀུག་ཡོད། འདོ་རིག་རྟ་ཕོ།
གསེར་སྲབ་སྐར་མ་སྟོང་ཤར། ཡུ་མོའི་མགོ་རྣས་བཀུག་ཡོད།

འདོ་རིག་རྟ་ཕོའི་ལུས་ལ། སྤུ་རིས་འཇམ་ཤ་འཁྱུག་འཁྱུག།
རྔ་རྔོག་སྨུག་སྤྲིན་ལང་ལོང་། གསེར་སྒ་མེ་རི་རང་འཁྱིལ།
གངས་སེང་གཟུགས་ཀྱིས་བཀུག་ཡོད། འདོ་རིག་རྟ་ཕོ།
གསེར་སྒ་མེ་རི་རང་འཁྱིལ། གངས་སེང་གཟུགས་ཀྱིས་བཀུག་ཡོད།

འདོ་རིག་རྟ་ཕོའི་ལུས་ལ། རྨིག་པ་དངུལ་གྱི་ཚེས་རིས།
བང་ཁ་རླུང་གི་གཤོག་པ། སྟག་ཤར་སྣང་འགྲོའི་སེམས་པ།
ཁྱུང་ཆེན་རྩལ་གྱིས་བཀུག་ཡོད། འདོ་རིག་རྟ་ཕོ།
སྐྱིད་ཀྱི་འཁོར་གསུམ་སྲུང་རོགས། སྡུག་གི་ཁྲབ་ཆེན་འཁུར་རོགས།

No comments: