Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

20 Jul 2020

Norlha诺拉 ནོར་ལྷ། Cuckoo 2020

Cuckoo
ཚིག ནོར་ལྷ། 旦旦
དབྱངས། ནོར་ལྷ། /章古泽丹
ལེན་མཁན། Norlha诺拉 ནོར་ལྷ།




Cuckoo

ཚིག ནོར་ལྷ། /旦旦
དབྱངས། ནོར་ལྷ། /章古泽丹
ལེན་མཁན། Norlha诺拉 ནོར་ལྷ།


ཨི་་་ཨེ་་
མཚན་གུང་གཉིད་ལས་སད། ཨི་་་ཨེ་་།
ཨ་མྱེས་ཀྱི་གནའ་གཏམ གནའ་གཏམ་ལ།
བྱ་ཁུ་བྱུག་གིས་རྣམ་ཤེས་ཐོགས་ན་བསམ་ཡུལ་དུ་སླེབས ཡ་གི་་་ཡ་གི
ནགས་ཚལ་ནང་ནས་སྐད་སྙན་སྒྲོག་བྱུང་། cuckoo


cuckoo
ཡུན་ནས་ཡུན་དུ་གསུང་སྙན་སྒྲོག་བཞིན་གནས་མཆོག་ཕྱོཊ་སུ་ཡལ་སོང་ལྷ་ས།
cuckoo

གཤོག་ཟུང་བརྐྱངས་ནས་རླུང་ནག་འཚུབ་མའི་ནང་དུ་རང་གི་ཕུགས་

བསམ་རྙེད་སོང་ལྷ་ས། 



ཨི་་་ཨེ་་། ཨ་སྔོན་དགུང་ལ་གཟིགས། ཨི་་་ཨེ་་། གཤོག་རྩལ་ཡོད་ན་བསམ་ཆུང་དུས་ལ།
བར་སྣང་ཁམས་སུ་རང་དབང་དུ་འཕུར་བའི་བློ་སེམས་ཤིག་ཡོད་ཡ་གི་་་ཡ་གི
ཕུགས་བསམ་མངོན་འགྱུར་བྱུང་སོང་ cuckoo

cuckoo
ཡུན་ནས་ཡུན་དུ་གསུང་སྙན་སྒྲོག་བཞིན་གནས་མཆོག་ཕྱོཊ་སུ་ཡལ་སོང་ལྷ་ས།
གཤོག་ཟུང་བརྐྱངས་ནས་རླུང་ནག་འཚུབ་མའི་ནང་དུ་རང་གི་ཕུགས་བསམ་རྙེད་སོང་ལྷ་ས།
ཨ་མྱེས་ཀྱི་གཏམ་དཔེ་ནང་དུ་སེམས་བསམ་པ་ཁ་བ་ལས་དཀར་ན།
སྟོད་ཉི་མ་ལྷ་སར་སེམས་དང་སེམས་ཀྱིས་སྦྲེལ་ཡོད།
ཨ་མྱེས་ཀྱི་བཤད་པ་ལྟར་ན། སེམས་པ་ནང་ལ་དད་མོས་ཡོད་ན།
མི་དང་མིའི་བར་ལ་ལས་ཀྱིས་བཅིངས་ཡོད། ཤེས་ཨེ་ཤེས་མི་ཤེས།
གནའ་གཏམ་དང་རྒན་རབས་ཀྱི་གསུང་གི་སྙིང་པོ་ཡིད་སེམས་ལ་ཟུངས་ཤིག།
ཨ་མྱེས་ཀྱི་གཏམ་དཔེ་ནང་དུ། ཨ་མྱེས་ཀྱི་བཤད་པ་ནང་བཞི་ན།
སེམས་ལ་བཟུང་ཤིག། cuckoo

CUCKOO
ཡུན་ནས་ཡུན་དུ་གསུང་སྙན་སྒྲོག་བཞིན་གནས་མཆོག་ཕྱོཊ་སུ་ཡལ་སོང་ལྷ་ས།
གཤོག་ཟུང་བརྐྱངས་ནས་རླུང་ནག་འཚུབ་མའི་ནང་དུ་རང་གི་ཕུགས་བསམ་རྙེད་སོང་ལྷ་ས།
ཡུན་ནས་ཡུན་དུ་གསུང་སྙན་སྒྲོག་བཞིན་གནས་མཆོག་ཕྱོཊ་སུ་ཡལ་སོང་ལྷ་ས།
གཤོག་ཟུང་བརྐྱངས་ནས་རླུང་ནག་འཚུབ་མའི་ནང་དུ་རང་གི་ཕུགས་བསམ་རྙེད་སོང་།


No comments: