ཡངས་པའི་ལམ་ཀྱི་གཞས་གསར་པ་༼རྨ་ཁ།༽ཞེས་པ་འདི་དབྱངས་དང་ཚིག་གསར་བ་ནམ་རྒྱུན་དང་མ་འདྲ་བར་ཐར་ཀར་བཏང་བ་ཞིག་ཡིན། གཞས་གསར་འདིས་ཡངས་བའི་ལམ་དང་རླུང་དམར་གཉིས་ཀྱི་སེམས་ཚོར་ཤུགས་དྲག་གི་ངང་ནས་གཉན་འཕྲང་ཆེ་བའི་བཙན་བྱོལ་བོད་མིའི་དུས་ཚོད་ཅིག་གི་ངོ་གདོང་མཚོན་བཞིན་ཡོད་ལ། ཡལ་དཀའ་བའི་ལོ་རྒྱུས་ཤིག་གི་རྒྱབ་ལྗོངས་ལ་སྐད་ཆ་གསོན་པོ་ཞིག་བསྒྲགས་ཏེ་བཏང་བའི་གཞས་ཤིག་ཡིན། ལྷག་ཏུ་གཞས་གསར་འདིའི་ནང་གི་ཚིག་དོན་ཟབ་ཅིང་མི་མང་ལ་གོ་བརྡ་གསལ་བོ་ཞིག་སྟོན་གྱིན་པའི་གཞས་ཀྱི་སྨྲ་ལྕེ་རྒོད་པོ་ཞིག་ཀྱང་ཡིན།
No comments:
Post a Comment