Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

7 Jun 2020

Namtso གནམ་མཚོ། 南措最新单曲 2020

南措最新单曲 2020
གནམ་མཚོའི་གཞས་གསར།
༼བསྟོད་ཚིག་ལྷག་བསམ་གྱི་རང་སྒྲ།༽
ཚིག  སྐར་མ་སྒྲུབ་བརྒྱུད། གདངས།  བེ་རི་རང་གྲོལ།



བསྟོད་ཚིག་ལྷག་བསམ་གྱི་རང་སྒྲ། 

ཚིག  སྐར་མ་སྒྲུབ་བརྒྱུད།
གདངས།  བེ་རི་རང་གྲོལ།
གཞས་མ།   གནམ་མཚོ།


གངས་དཀར་པོ་དབུ་རྩེ་དགུང་ལ་མཐོ། གནས་བདེ་མཆོག་ལྷ་ཡི་ཕོ་བྲང་དེ།།
རྗེ་བླ་མ་ཞིག་གི་ཞལ་གསུངས་རེད། ལག་གྲངས་ཕྲེང་འཛིན་པའི་ན་གཞོན་ཚོ།།
རི་དེ་ཚོ་སྐོར་དང་བར་ཆད་སེལ།།


དགོན་མཐོང་གྲོལ་བླ་མའི་གདན་ས་དེ། ཕ་བཀའ་རྒྱུད་བླ་མའི་བཞུགས་གནས་རེད།།
ཆོས་མ་ཎི་མགུར་དབྱངས་ལྷང་སེ་ཡོད། ཕྱོགས་མུ་མེད་སྐལ་ལྡན་ཕོ་མོ་ཚོས།།
སེམས་བསམ་པ་འཁོར་ས་དེ་ན་ཡོད།།


བྱང་རྩྭ་ཐང་ན་དམར་གཞུང་དྲུག་ལ། རྟ་ནོར་ལུག་གཉིས་ཀྱི་ཕ་ཡུལ་རེད།།
ཤ་མར་ཐུད་རྩིགས་པ་རི་ལས་མཐོ། ཟས་དེ་ཚོ་ཟོས་ན་སྐུ་གཟུགས་བདེ།།
ནད་ངན་པའི་བར་ཆད་ཡོད་ལེ་མིན།།


ཡུལ་རྩྭ་རྩེ་བྱང་གི་འབྲོག་ར་ན། ངག་དབྱངས་ཆུང་གླུ་ཡི་མཆོད་པ་དེ།།
རང་མེས་པོ་ཞིག་གི་རིག་གཞུང་རྣམས། ལག་རྒྱུད་དྲུག་བསྒྲེང་བའི་གངས་ཕྲུག་ཚོས།།
ལས་རྒྱུ་འབྲས་སྲུང་ལ་གཞན་ཕན་སྒྲུབ།།

No comments: