Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

15 Jun 2020

Sherten & Lhamo Kyab 2020 - ༼ཡར་སྐུལ།༽ I 谢旦 拉毛加 [ 向善 ]

谢旦和拉毛加最新合唱单曲  [ 向善 ]
ཤེར་བསྟན་དང་ལྷ་མོ་སྐྱབས་གཉིས་ཀྱི་གཞས་གསར། ༼ཡར་སྐུལ།༽ ༢༠༢༠
Sherten & Lhamo Kyab  new MV song 2020



༼ ཡར་སྐུལ། ༽ 

གཞས་ཚིག   སྨུག་ཐོགས་འཁྱམ་པོ།
གཞས་གདངས།    ལྷ་མོ་སྐྱབས།
གཞས་པ།    ཤེར་བསྟན།  ལྷ་མོ་སྐྱབས།

བོད་མཐོ་སྒང་གོ་ལའི་གཙུག་རྒྱན་འདིའི།
གནས་རང་བྱུང་འཁོར་ཡུག་བདག་གཅེས་མཛོད།
ས་གོ་ལའི་སྐྱེ་འགྲོའི་བདེ་སྡུག་དང་།
འབྲེལ་དམ་ཟབ་ཡོད་དོ་སྙིང་ཉེ་ཚོ།
ཕྱིའི་འཇིག་རྟེན་ཕུན་སུམ་ཚོགས་ན་ཡང་།
ནང་ཞི་བདེ་སེམས་ཁམས་མི་བདེ་ན།
ཁོང་བླ་མའི་ཅི་གསུང་སྒྲུབ་ཤོག་དང་།
ཁྱིམ་ཆུང་ཆུང་དྲོད་ཀྱིས་ཁེངས་ཡོང་ངོ་།

རྒྱུ་ལོངས་སྤྱོད་དབང་ཆ་ལྡན་ནའང་།
ཁྲེལ་ངོ་ཚའི་ཉེས་སྤྱོད་ཡང་དུ་སོམས།
རང་རང་གི་མགོན་སྐྱབས་རིན་པོ་ཆེ།
ནང་ཐོས་པའི་སྒྲོན་མེ་སྤོར་ལ་རེམས།
སྤྲིན་ནག་པོ་ལྷུན་གྲུབ་ལྷེམ་པ་མིན།
ནམ་རང་བཞིན་གསལ་བ་ཆོས་ཉིད་ཡིན།
ཁྱེད་སྤུན་ཟླའི་སྲོལ་རྒྱུན་མ་དོར་ཟུངས།
ནམ་གོ་ལའི་ཁྱོན་ནས་བརྒལ་ངེས་ཡིན།

No comments: