ཟོ་དང་།
གཞས་ཚིག བསོད་བཀྲ
གཞས་གདངས། བསོད་བཀྲ
གཞས་མ། དབང་སྒྲོན་མཚོ།
ཨ་ལོང་ལ་མོ། ངས་ཡང་ལོང་ལེན། ངའི་ལག་གི་གསོལ་ཇ་འདིར་སྟོད་གླུ་ཞིག་ལེན།
ཨ་ལོང་ལ་མོ། ངས་ཡང་གཅིག་ལེན། བོད་པ་ཚོས་འདིའི་མིང་ལ་ཟོ་དང་ཇ་ཟེར།
ཁ་ལ་ཞིམ་པོ་ཡོད། ཨེ་་་ ཁོག་ལ་བདེ་མོ་ཡོད། ཨེ་་་
འདི་ནི་གངས་ཆབ་ཀྱི་ཉིང་བཅུད་ཡིན་རེད། རྒྱང་རིང་མགྲོན་པོ། ཁྱོས་ག་ལེར་བཞེས།
ཁྱོས་བཞེས་བ་ལྷག་བསམ་གྱི་འོ་ཆུ་རེད།
ཨ་ལོང་ལ་མོ། ངས་ཡང་ལོང་ལེན། ཡང་གཅིག་ལ་མོ། ངས་ཡང་ལོང་ལེན།
ཨ་ལོང་ལ་མོ། ངས་ཡང་ལོང་ལེན། ངས་ཟོ་དང་བོད་ཇ་ལ་སྟོད་གླུ་ཞིག་ལེན།
ཁ་ལ་ཞིམ་པོ་ཡོད། ཨེ་་་ ཁོག་ལ་བདེ་མོ་ཡོད། ཨེ་་་
འདི་ནི་ངེད་ཅག་གིས་གདམ་གསེས་ཡིན་རེད།
ལས་མཐུན་གྲོགས་པོ། ཁྱོས་ག་ལེར་བཞེས།
ཁྱོས་བཞེས་བ་ངེད་ཅག་གི་མཛའ་བརྩེ་རེད།
ཨ་ལོང་ལ་མོ། ངས་ཡང་ལོང་ལེན། ཡང་གཅིག་ལ་མོ།
ངས་ཡང་ལོང་ལེན། སྐད་ཀྱི་ཐོག་མ་ཟོ་དང་ཡིན།
ཞིང་གི་ཐོག་མ་ཟོ་དང་ཡིན། དེང་རབས་བོད་ཇ་ཟོ་དང་ཡིན།
ཁྱེད་ལ་ཕུལ་བའི་ལག་སྐྱེས་ཡིན། ག་ལེར་བཞེས་རོགས།
ཁྱེད་ཀྱིས་ག་ལེར་བཞེས་རོགས། ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཤོག
ག་ལེར་བཞེས་རོགས། ཁྱེད་ཀྱིས་ག་ལེར་བཞེས་རོགས། ཁྱེད་ལ་ནད་མེད་ཚེ་རིང་ཤོག
No comments:
Post a Comment