Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

6 Jun 2020

Samdup Tsering བསམ་འགྲུབ་ཚེ་རིང་། 三智才让 2020 《白猞狸》

三智才让《白猞狸》2020
གཡི་དཀར་མོ། བརྗོད་དོན་གླུ་གཞས། 
ཚིག གངས་དཔལ། དབྱངས། མགར་བསམ་འགྲུབ་ཚེ་རིང་།



གཡི་དཀར་མོ།   བརྗོད་དོན་གླུ་གཞས། 

ཚིག གངས་དཔལ།
དབྱངས། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།

གཡི་དཀར་མོ།  ངག་རྒྱུན་རིང་མོའི་བྲག་སྲུབས་སུ།
ཁྱེད་ནི་རིན་ཆེན་སྐར་མ་སྟོང་ལྡན་ཡིན། གཡི་དཀར་མོའི་ཁོག་པ་གསེར་གྱིས་ཁེངས།
སྤུ་རེ་རེའི་རྩེ་ལ་པ་ཏྲ་འཛིངས། ས་གཉན་ས་ཞིག་གི་སྲུང་མ་ཡིན།
ཁྱེད་རང་ནགས་རི་བརྒྱུད་དུས་སོ་པ་འདྲ། ཁྱེད་རང་རྫ་འགོ་འགྲིམ་ནས་གནའ་ཁྱུ་འདེད།
མཐུ་ལྡན་སྐྱེས་རིའི་ཚེ་ཐར་གཡི་དཀར་མོ། སྲོག་ལ་འཚེ་ན་ཁྱུང་དཀར་མཛོ་ལེན་ཡིན།

གཡི་དཀར་མོ། ནོམ་ཆེན་གོས་ཀྱི་གོང་བ་རུ།
ཁྱེད་ནི་མི་འགྱུར་སྐར་མ་ཨ་བརྟན་ཡིན། གཡི་དཀར་མོའི་གོས་ལ་གསེར་ཆུ་བྱུག
གོས་རེ་རེའི་སྟེང་ལ་ཉི་མ་ཤར། མྱི་འཕྱོར་པོ་ཞིག་གི་ཤོམ་ལྭ་ཡིན།
སྟག་ཤར་སྡེ་རུ་བརྒྱུད་དུས་ཁྱུང་ཆེན་འདྲ། སྨན་ཤར་སྡེ་རུ་བརྒྱུད་དུས་རྨ་བྱ་འདྲ།
ཚོང་དཔོན་ནོར་བུའི་ཕྱག་གི་གཡི་དཀར་མོ། ཚིགས་དྲུག་ལུས་ལ་འདབ་དྲུག་མེ་ཏོག་ཡིན།

Voir cette publication sur Instagram

No comments: