Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

8 May 2020

Yudrug Tsendep 青龙组合 ཕ་ས་ཕ་ཡུལ། 2020

青龙组合最新歌曲《这片土地》2020
གཡུ་འབྲུག་ཚན་སྡེབ་ཀྱི་གཞས་གསར།
ཕ་ས་ཕ་ཡུལ། 
ཚིག  དུང༏ དབྱངས། རྟ་མགྲིན་ཚེ་རིང༏




ཕ་ས་ཕ་ཡུལ།
ཚིག  དུང་།
དབྱངས། རྟ་མགྲིན་ཚེ་རིང་།
གཞས་པ། གཡུ་འབྲུག་ཚན་སྡེབ།


ཤར་རིའི་རྩེ་ནས་ཉི་མས་འཛུམ་ཞལ་ངོམ།
མཁའ་རླུང་གཙང་མར་མེ་ཏོག་དྲི་བསུང་མཆེད།
བཞོ་དབྱངས་སྙན་མོ་རི་ལུང་གང་སར་ཁྱབ།
ཕ་ས་ཕ་ཡུལ་སེམས་ཀྱི་དྲན་ཤིང་ཡིན།
ན་ཆུང་རྨི་ལམ་ཞོ་ཟེའུ་ཁ་ན་ལྟེམས།
རེ་བའི་འདུན་མ་རྟ་ཕོའི་བང་གིས་བསུ།
རིགས་ཞེན་སྤོབས་པ་མི་ཚེའི་རྒྱན་དུ་འདོགས།
ན་ཆུང་བུ་མོ་མཛངས་མའི་ལས་ལ་དགའ།
སྟག་ཤར་གཞོན་ནུ་དཔའ་བའི་གདེང་ལ་མོས།
ཨོ། ཕ་ཡུལ་ཡ། ཕ་ཡུལ་ཡ། ཕ་ས་ཕ་ཡུལ།
... .... ཕ་ས་ཕ་ཡུལ།
ན་ཆུང་བུ་མོ་མཛངས་མའི་ལས་ལ་དགའ།
སྟག་ཤར་གཞོན་ནུ་དཔའ་བའི་གདེང་ལ་མོས།
ཨོ། ཕ་ཡུལ་ཡ། ཕ་ཡུལ་ཡ། ཕ་ས་ཕ་ཡུལ།
... ... ཕ་ས་ཕ་ཡུལ།
ན་ཆུང་རྨི་ལམ་ཞོ་ཟེའུ་ཁ་ན་ལྟེམས།
རེ་བའི་འདུན་མ་རྟ་ཕོའི་བང་གིས་བསུ།

No comments: